ArchiveAboutContact

Month: April 2026

World News

འཛམ་གླིང་རྒྱལ་སྤྱིའི་ནང་ ད་རུང་ཡང་ ས་སྣུམ་གྱི་ གོང་ཚད་ཚུ་ ཡར་སེང་སོང་ཡོདཔ།

བི་བི་སི། ཡུ་ཨེཛ་དང་ ཨི་རཱན་གྱི་བར་ན་ ཕྱད་མདའ་མཚམས་འཇོག་གི་དོན་ལས་ ཞི་བདེའི་གསུང་གྲོས་ སྐོར་ཐེངས་ ༢ པ་ གནང་ནི་གི་ འཆར་གཞི་ལུ་ ལོག་ཅི་ར་ བར་ཆད་བྱུང་ལུ་བརྟེན་ཏེ་ སྤྱི་ཟླ་ ༤ པའི་ཚེས་ ༢༧ ལས་ ས་སྣུམ་གྱི་ གོང་ཚད་ཚུ་ ད་རུང་ཡང་ ཡར་སེང་སོང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཕྱི་རོའི་ཚོགས་སྟོན་ཅིག་ནང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་དང་ ཆེ་མཐོའི་འགོ་དཔོན་ཚུ་ལུ་ ཀྲོབ་མདའ་རྐྱབ་ཡོདཔ།

བི་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༢༥ གི་ཕྱི་རོ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ དབུ་གཙོས་པའི་ སྲིད་འཛིན་འོགམ་དང་ ཆེ་མཐོའི་འགོ་དཔོན་ཚུ་གི་དོན་ལས་ ཝ་ཡིཊ་ཧཱ་འུཛ་གི་ བརྡ་བརྒྱུདཔ་ཚུ་གིས་ ཚོགས་སྟོན་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཕོ་སྐྱེས་ཅིག་གིས་ ཀྲོབ་མདའ་རྐྱབ་ནུག། དེ་སྦེ་ ཀྲོབ་མདའ་རྐྱབ་པའི་ཤུལ་ལས་ ཉེན་སྲུང་དམག་མི་ཚུ་གིས་ དོགས་པ་ཅན་ སྐྱེས་ལོ་ ༣༡ འབད་མི་ ཀོ་ལེ་ཊོ་མཱཛ་ ཨེ་ལེན་ཟེར་མི་དེ་ གོ་མཚོན་ལེ་ཤ་ཅིག་དང་སྦྲགས་ཏེ་ འཛིན་བཟུང་འབད་ཡོདཔ་ཨིན་པས། དེ་བསྒང་ ཕོ་སྐྱེས་དེ་གིས་ ཉེན་སྲུང་དམག་མི་ཚུ་ལུ་ཡང་ ཀྲོབ་འདའ་རྐྱབ་ཡོད་རུང་ དམག་མི་ཚུ་གིས་ མཚོན་ཐུབ་ཤན་འཇར་ གྱོན་ཡོད་མི་ལུ་བརྟེན་ཏེ་ དམག་མི་ཕུད་རྡོག་ ༡ ལུ་ཡང་ གནོད་སྐྱོན་མ་བྱུང་པས་ཟེར་ བཀོད་འདུག་པའི་ གནས་ཚུལ་མདོར་བསྡུས།

Online now: 37 Today: 1305 Total visitors: 3982