ArchiveAboutContact

Month: April 2026

National News

འབྲུག་གཞུང་དང་ རྒྱ་གཞུང་གི་བར་ན་ སྤུ་ན་གཙུང་ཆུ་ གློག་མེ་ལས་འགུལ་ ༢ པའི་ གློག་མེ་ཕྱིར་ཚོང་གི་ གོང་ཚད་གན་རྒྱ་གུ་ མཚན་རྟགས་བཀོད་ཡོདཔ།

པདྨ་དབང་འདུས། འབྲུག་གི་ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་གི་ མགྲོན་བརྡ་ལྟར་དུ་ རྒྱ་གར་གཞུང་གི་ ནུས་ཤུགས་ཁྱིམ་བཟོ་དང་ ཁྲོམ་ཚོགས་ལས་དོན་བློན་པོ་ མ་ནོ་ཧར་ལཱལ་དེ་ སྤྱི་ཟླ་ ༤ པའི་ཚེས་ ༩ ལས་ ༡༢ ཚུན་ འབྲུག་ལུ་ གཞུང་འབྲེལ་གཟིགས་སྐོར་ལུ་ བྱོན་ཡོདཔ་ཨིན་པས།  བློན་པོ་མ་ནོ་ཧར་ལཱལ་གྱིས་ སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ ༡ པའི་ ཆུའི་བཀག་རའི་དོན་ལས་ རྩི་ས་འགོ་ཐོག་བླུགས་པའི་སྐབས་ལུ་ དབུ་བཞུགས་མཛད་ཡོདཔ་ད་ དེ་སྦེ་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ ༡ པའི་ ཆུའི་བཀག་རའི་ལཱ་ཚུ་ འགོ་བཙུགས་སར་ གཟིགས་ཞིབ་གནང་ཡོད་མི་དེ་ རྒྱལ་ཁབ་གཉིས་ཆ་རའི་ མི་སེར་ཚུ་གི་དོན་ལུ་ གལ་གནད་ཆེ་བའི་ དུས་སྐབས་ཅིག་ཨིན་པས་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ […]

National News

ལྡོག་ཕྱོགས་ཚོགས་པ་གིས་ འཛམ་གླིང་ཤར་དབུས་ལུ་ཡོད་མི་ འབྲུག་མི་ཚུ་གི་ ཉེན་སྲུང་ལུ་ འཕྲལ་མཁོའི་ཐབས་ལམ་ཚུ་ གཞི་བཙུགས་ཀྱི་སྐུལ་མ།

པདྨ་དབང་འདུས། སྤྱི་ཟླ་ ༤ པའི་ཚེས་ ༩ ལུ་ ལྡོག་ཕྱོགས་ཚོགས་པ་གིས་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ལུ་ འཛམ་གླིང་ཤར་དབུས་ རྒྱལ་ཁབ་ཚུ་ནང་ཡོད་མི་ འབྲུག་མི་ཚུ་གི་ ཉེན་སྲུང་ལུ་ འཕྲལ་མཁོའི་ཐབས་ལམ་ཚུ་ གཞི་བཙུགས་འབད་དགོ་པའི་ སྐུལ་མ་འབད་ཡོདཔ་ཨིན་པས། དེ་ཡང་ ལྡོ་ཕྱོགས་འགོ་ཁྲིདཔ་གིས་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་གིས་སྤེལ་མི་ སྐུལ་མའི་ནང་གསལ་ འཛམ་གླིང་ཤར་དབུས་ཀྱི་ རྒྱལ་ཁབ་ཚུ་ནང་ ལཱ་འབད་དེ་ཡོད་མི་ འབྲུག་མི་ཚུ་གི་སྐོར་ལས་ ཚ་གྱང་སྦོམ་སྦེ་ར་ ལང་སྟེ་ཡོད་ཟེར་ཨིན་རུང་ ང་བཅས་རའི་ བརྡ་བརྒྱུད་གཙོ་བོ་ཚུ་ནང་ འབྲུག་མི་ ༧,༨༠༠ དེ་ཅིག་ འཛམ་གླིང་ཤར་དབུས་ཀྱི་ རྒྱལ་ཁབ་ཚུ་ནང་ཡོད་པའི་ནང་ལས་ མང་ཤོས་ཅིག་ར་ ཀུ་ཝེཊ་ལུ་ཡོདཔ་སྦེ་ གསལ་བཀོད་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ […]

Online now: 25 Today: 1400 Total visitors: 8620