ArchiveAboutContact

Month: March 2026

National News

མི་རྗེ་བློན་ཆེན་མཆོག་གིས་ ས་ཁ་མཐོ་སའི་ མི་སྡེ་ཚུ་གི་དོན་ལུ་ དབྱར་རྩྭ་དགུན་འབུབ་ འཐོབ་ཐབས་ངེས་གཏན་བཟོ་དགོ་པའི་དྲན་བསྐུལ།

པདྨ་དབང་འདུས།སྤྱི་ཟླ་ ༣ པའི་ཚེས་ ༢༥ ལུ་ མི་རྗེ་བློན་ཆེན་མཆོག་གིས་ ས་ཁ་མཐོ་སའི་ མི་སྡེ་ཚུ་ཡོད་པའི་ རྫོང་ཁག་ཚུ་གི་ ས་གནས་འགོ་ཁྲིདཔ་ཚུ་དང་ ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ཀྱི་ གླིང་སྐྱོང་འགོ་དཔོན་ཚུ་དང་གཅིག་ཁར་ ཕྱད་གནང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཡུ་ཨེཛ་དང་ ཨིཛ་རེལ་གྱིས་ ཨི་རཱན་ལུ་ ཕྱད་མདའ་རྐྱབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ འཛམ་གླིང་ཤར་དབུས་དང་ ག་ལཱཕ་རྒྱལ་ཁབ་ཚུ་ནང་ མི་གྲངས་ ༤,༥༦༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ།

མགོན་པོ་རྡོ་རྗེ།སྤྱི་ཟླ་ ༢ པའི་ཚེས་ ༢༨ ལས་ ཡུ་ཨེཛ་དང་ ཨིཛ་རེལ་གྱིས་ ཨི་རཱན་ལུ་ ཕྱད་མདའ་རྐྱབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ སྤྱི་ཟླ་ ༣ པའི་ཚེས་ ༢༥ ཚུན་གྱི་བར་ན་ འཛམ་གླིང་ཤར་དབུས་དང་ ག་ལཱཕ་རྒྱལ་ཁབ་ཚུ་ནང་ མི་གྲངས་ ༤,༥༦༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་མི་ཚུ་གི་སྐོར་ལས་ རོའི་ཊརཛ་ གནས་ཚུལ་ལས་སྡེ་གིས་ བདེན་དཔྱད་འབད་དེ་ཡོད་མི་ སྙན་ཞུ་ཅིག་ སྤྱི་ཟླ་ ༣ པའི་ཚེས་ ༢༦ ལུ་ གསལ་སྟོན་འབད་ནུག།དེ་ཡང་ རྒྱལ་ཁབ་རེ་རེ་བཞིན་དུའི་ནང་ སྤྱི་ཚེས་དང་བཅསཔ་སྦེ་ གསལ་སྟོན་འབད་མི་ཚུ་ གཤམ་འཁོད་ལྟར་དུ་ཨིན་པས།ཨི་རཱན།ཡུ་ཨེཛ་ལུ་ཡོད་མི་ ཐོབ་དབང་སྡེ་ཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཨི་རཱན་རྒྱལ་ཁབ་ནང ཨ་ལོ་ ༢༡༧ རྩིས་ཏེ་ ཞི་བའི་མི་སེར་ ༡,༤༦༤ འབདཝ་ད་ མི་གྲངས་བསྡོམས་ ༣,༣༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།ལེ་བཱ་ནཱོན།ཨིཛ་རེལ་གྱིས་ སྤྱི་ཟླ་ ༣ པའི་ཚེས་ ༢ ལས་ འགོ་བཙུགས་ཏེ་ ལེ་བཱ་ནཱོན་ལུ་ […]

Online now: 36 Today: 1058 Total visitors: 3735