ArchiveAboutContact

Month: January 2026

World News

གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ མཧཱ་རཱཤ་ཊ་ར་མངའ་སྡེའི་ གཙོ་འཛིན་བློན་པོ་འོགམ་ལུ་ཤི་རྐྱེན།

རོའི་ཊརཛ།སྤྱི་ཟླ་ ༡ པའི་ཚེས་ ༢༨ ལུ་ རྒྱ་གར་གྱི་ མངའ་སྡེ་ཕྱུག་ཤོས་ མཧཱ་རཱཤ་ཊ་ར་གི་ གཙོ་འཛིན་བློན་པོ་འོགམ་ ཨ་ཇིཊ་པཱ་ཝར་གྱིས་གཙོས་པའི་ མི་གྲངས་ ༥ འཕུར་འགྲུལ་འབད་མི་ གནམ་གྲུ་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ གནམ་གྲུ་དེ་ནང་གི་ མི་ག་ར་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།དེ་ཡང་ སྲིད་དོན་གྱི་ བཟའ་ཚང་མཐོ་ཤོས་ཅིག་ལས་ཨིན་མི་ ཨ་ཇིཊ་པཱ་ཝར་དེ་ ས་གནས་བཙག་འཐུའི་ནང་ བཅའ་མར་གཏོགས་ནིའི་དོན་ལས་ ཁོ་རའི་གཡུས་ཚན་གྱི་ ལུང་ཕྱོགས་ནང་ འཕུར་འགྲུལ་འབད་བའི་སྐབས་ལུ་ ཐུག་རྐྱེན་བྱུང་ནུག།

World News

ཡུ་ཨེཛ་གི་ མེན་མངའ་སྡེའི་ནང་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མི་གྲངས་ ༨ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༢༦ ལུ་ ཡུ་ཨེཛ་གི་ མེན་མངའ་སྡེའི་ནང་ བང་གོར་རྒྱལ་སྤྱི་གནམ་ཐང་ལས་ མི་གྲངས་ ༨ འབག་སྟེ་ འཕུར་འགྲུལ་འབད་མི་ སྒེར་གྱི་གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་ནུག། བོམ་བཱར་ཌི་ཡར་ ཅེ་ལེན་ཇར་༦༠༠ འབད་མི་དེ་ ས་གནས་ཀྱི་ ཕྱི་རོའི་ཆུ་ཚོད་ ༧.༤༥ དེ་ཅིག་ཁར་ ཐུག་རྐྱེན་བྱུང་ཡོད་རུང་ རྐྱེན་ངན་དེ་གི་སྐོར་ལས་ གསལ་ཏོག་ཏོ་ཅིག་སྦེ་ ཧ་གོ་མ་ཚུགས་ཟེར་ ཞི་བའི་མཁའ་འགྲུལ་གྱི་ དབང་འཛིན་ཚུ་གིས་ བཤདཔ་ཨི་པས། ཡུ་ཨེཛ་གི་ ས་ཁོངས་སྦོམ་དེ་ཁར་ གནམ་དགུན་གྱི་ རླུང་འཚུབ་ལུ་བརྟེན་ཏེ་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་སེར་སྟོང་ཕྲག་ལས་བཅད་དེ་ གློག་མེ་མེད་པར་ སྡོད་དགོཔ་བྱུང་ཡོདཔ་ད་ གནམ་གྲུ་འཕུར་འགྲུལ་འབད་མི་ཚུ་གིས་ གནམ་ཐང་མཐོང་མ་ཚུགས་པའི་ དཀའ་ངལ་ཡོད་པའི་སྐོར་ལས་ཡང་ སྙན་ཞུ་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ […]

National News

ལྡོག་ཕྱོགས་འགོ་ཁྲིདཔ་གིས་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ སྐྱིན་འགྲུལ་ཚུ་གི་སྐོར་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ཞིབ་དཔྱད་སྙན་ཞུ་དང་ ཉེས་ཆད་དང་ལེན་གྱི་ སྙན་ཞུ་དགོ་པའི་བརྡ་སྐུལ།

པདྨ་དབང་འདུས། སྤྱི་ཟླ་ ༡ པའི་ཚེས་ ༢༧ ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ སྐྱིན་འགྲུལ་ཚུ་དང་འབྲེལ་ཏེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཞིབ་དཔྱད་སྙན་ཞུ་དང་ དེ་གི་ཤུལ་མའི་ བདག་སྐྱོང་ཉེས་ཆད་ དང་ལེན་ཚུ་གི་ སྙན་ཞུ་ཚུ་ ཁ་གསལ་སྦེ་དགོ་པའི་སྐོར་ལས་ རྒྱལ་དངུལ་ལས་དབང་འཛིན་གྱི་ སྤྱི་འཛིན་ལུ་ ཡི་གུ་ཅིག་ བཏང་གནང་ཡོདཔ་ཨིན་པས། ཡི་གུ་དེ་ནང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༡༠ (༡) པ་དང་ རྩ་ཚན་ ༢༢ (༢) པ་དང་འཁྲིལཝ་ད་ བཀོད་ཁྱབ་དང་ སྒྲིག་གཞི་དབང་འཛིན་གྱི་ ལག་ལེན་ཚུ་ནང་ སྤྱི་ཚོགས་དང་ དམིགས་བསལ་གྱིས་ ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་ འགན་འཁྲི་དང་ དྭངས་གསལ་ བལྟ་རྟོགས་ཚུ་ ངེས་གཏན་བཟོ་དགོ་པའི་ འགན་ཁུར་འཁྲིཝ་ཨིན་ཟེར་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ […]

World News

ཡུ་ཨེཛ་ལུ་ གནམ་དགུན་གྱི་ གྱང་ཤུགས་ལུ་བརྟེན་ཏེ་ མི་གྲངས་ ༣༨ དེ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ།ཡུ་ཨེཛ་ལུ་ གནམ་དགུན་གྱི་ དུས་ཚོད་ཁར་ གྱང་ཤུགས་ཆེ་བའི་ཁར་ ཁཝ་དང་ འཁེག་ཚུ་ལུ་བརྟེན་ཏེ་ ཡུ་ཨེཛ་གི་ ཤར་དབུས་མངའ་སྡེ་ ༡༤ གི་ནང་ སྤྱི་ཟླ་ ༡ པའི་ཚེས་ ༢༧ ལུ་ མི་གྲངས་ ༣༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ འདས་པའི་བདུན་མཐའ་ལས་ར་ ཁཝ་རྐྱབ་ནི་ འགོ་བཙུགས་ཡོདཔ་ལས་ སྣུམ་འཁོར་འགྲུལ་སྐྱོད་དང་ གློག་མེ་ཚུ་ལུ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ གནམ་གྲུ་འཕུར་འགྲུལ་ཚུ་ལུ་ཡང་ བར་རྐྱེན་བྱུང་ཡོདཔ་ལས་ ཆ་མེད་བཏང་དགོཔ་ བྱུང་ཡི་ཟེར་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Online now: 36 Today: 130 Total visitors: 2807