ArchiveAboutContact

Month: November 2025

World News

པ་ཀིཛ་ཏཱན་ལུ་ རང་སྲོག་བཅད་ཐོག་ལས་ རྫས་བམ་འགས་བཅུག་མིའི་ནང་ སྲུང་སྐྱོབ་འགོ་དཔོན་ ༣ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༢༤ ལུ་ རང་སྲོག་བཅད་མི་ ༢ ཀྱིས་ རྫས་བམ་འགས་བཅུག་སྟེ་ པ་ཀིཛ་ཏཱན་གྱི་ ཞི་བའི་དམག་སྡེའི་ གཙོ་ཁང་ཅིག་ནང་ གནོད་འཚུབ་བཀལ་བའི་ རྐྱེན་ངན་ནང་ སྲུང་སྐྱོབ་འགོ་དཔོན་ ༥ ལུ་ ཤི་རྐྱེན་དང་ གཞན་མི་ ༡༢ ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ པ་ཀིཛ་ཏཱན་ པེ་ཤ་ཝར་ལུ་ཡོད་མི་ སྤྱི་གཞུང་འགག་སྡེའི་ ཡིག་ཚང་གཙོ་ཁང་ནང་ གནོད་འཚུབ་བཀལ་ཡོད་མིའི་སྐོར་ལས་ སྡེ་ཚན་ག་གིས་ཡང་ ཁས་ལེན་འབད་མ་བཏུབ་ཟེར་ཨིན་པས། སྤྱི་གཞུང་འགག་སྡེའི་ ཡིག་ཚང་གཙོ་ཁང་དེ་ པེ་ཤ་ཝར་ལུ་ ཉེན་སྲུང་མཐོ་དྲགས་ཡོད་མི་ ས་ཁོངས་ནང་ ཆགས་ཏེ་ཡོདཔ་ལས་ དྲག་རྒོལ་འབད་མི་ཚུ་གིས་ ཉེན་སྲུང་གི་ གནས་རིམ་ལེ་ཤ་ཅིག་ལུ་ར་ གནོདཔ་བཀལ་ཡོདཔ་སྦེ་བཀོད་ནུག། མི་སེར་ཚུ་གིས་ ས་གནས་ཀྱི་ བརྡ་བརྒྱུདཔ་ཚུ་ལུ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༤ གི་དྲོ་པར་ ཆུ་ཚོད་ ༨ དེ་ཅིག་ཁར་ རྫས་བམ་སྦོམ་ […]

World News

ཨཱཛ་ཊེ་ལི་ཡ་ལུ་ ཨ་ལོ་ན་ཆུང་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཚུ་ ལག་ལེན་འཐབ་མ་ཆོགཔ་བཟོ་ནི།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༡༠ ལས་ ཨཱཛ་ཊེ་ལི་ཡ་ལུ་ སྐྱེས་ལོ་ ༡༦ མན་ཆད་འབད་མི་ ཨ་ལོ་ན་ཆུང་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཚུ་ ལག་ལེན་འཐབ་མ་ཆོགཔ་ བཟོ་ནི་གི་ འཆར་གཞི་ཡོད་མི་དང་བསྟུན་ཏེ་ མི་སྡེ་བརྡ་བརྒྱུད་ལས་སྡེ་ཚུ་གིས་ ད་ལྟོ་ཡོད་མི་ མི་སྡེ་བརྡ་བརྒྱུད་ཀྱི་ ཁ་བྱང་ཚུ་ ལག་ལེན་འཐབ་མ་བཏུབ་ བཟོ་ཐབས་ལུ་ འོས་འབབ་ཅན་གྱི་ ཐབས་ལམ་ཚུ་ བཏོན་དགོ་པའི་ བཀའ་རྒྱ་གནང་ནུག། དེ་ཡང་ དུས་ཅི་ གཞུང་གིས་ བཀོད་ཁྱབ་འབད་མི་ ཞིབ་འཇུག་ཅིག་ནང་ སྐྱེས་ལོ་ ༡༠ ལས་ ༡༥ གི་བར་ན་འབད་མི་ ཨ་ལོ་བརྒྱ་ཆ་ ༩༦ གིས་ མི་སྡེ་བརྡ་བརྒྱུད་ཚུ་ ལག་ལེན་འཐབ་ཡོད་པའི་ནང་ལས་ ཨ་ལོ་ ༡༠ ལས་ ༧ གྱིས་ གནོད་པ་ཅན་གྱི་ ནང་དོན་དང་ སྤྱོད་ངན་ཚུ་ བལྟ་ནི་དེ་གིས་ རང་སྲོག་བཅད་ནི་ལ་སོགས་པའི་ བྱ་སྤྱོད་ངན་པ་ཚུ་ དར་ཁྱབ་འགྱོ་བའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས། དེ་འབདཝ་ལས་ གཞུང་གིས་ […]

Online now: 8 Today: 1158 Total visitors: 8378