ArchiveAboutContact

Month: November 2025

National News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ཡིག་ཆ།

སྤྱི་ཟླ་ ༡༡ པའི་ཚེས་ ༢༨ ལུ་ འབྲུག་གི་དོན་ལས་ མཐའ་ཡས་ལེན་གྱི་གཞུང་ཚབ་ ཨམ་ཐི་ཊི་པཱོན་ ཅི་ར་ས་ཝ་དི་གིས་ བཀྲ་ཤིས་ཆོས་རྫོང་གི་ གསེར་ཁྲི་བཟང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཕུལ་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

འབྲུག་གི་ནང་པའི་སྨན་བཅོས་ནང་ འབྱུང་རབས་ཅན་གྱི་བརྡ་མཚོན།

པདྨ་དབང་འདུས། སྤྱི་ཟླ་ ༡༡ པའི་ཚེས་ ༢༨ ལུ་ འབྲུག་གི་གསོ་བ་རིག་པ་ གཞི་སྒྱུར་གྱི་ ལས་སྣ་དང་འབྲེལ་ཏེ་ ཀ་ཝ་བྱང་ས་ ནང་པའི་སྨན་ཁང་གི་ སྤྱི་དོན་ཁང་ནང་སྦེ་ ནང་པའི་སྨན་བཅོས་ཞབས་ཏོག་གི་ རྒྱལ་ཡོངས་ལྟེ་བ་དང་ རྒྱལ་ཡོངས་ནང་པའི་ སྨན་བཅོས་ཐབས་བྱུས་དང་ ལག་ལེན་འཆར་གཞི་ ༢༠༢༥-༢༦ ཅན་མའི་ འགོ་འབྱེད་རྟེན་འབྲེལ་དང་གཅིག་ཁར་ གནང་སྦྱིན་ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་ཚུ་ ནང་པའི་སྨན་བཅོས་ནང་ འབྱུང་རབས་ཅན་གྱི་ དུས་བསྐལ་ཅིག་ཨིན་པས།  ཐབས་བྱུས་དང་ ལག་ལེན་འཆར་གཞི་ ༢༠༢༥-༢༦ ཅན་མ་དེ་གིས་ ཞབས་ཏོག་སྤྲོད་ནི་དང་ ཤེས་ཡོན་སྤེལ་ནི་ ཞིབ་འཚོལ་འབད་ནི་ སྨན་རིགས་ཀྱི་ཐོན་ཁུངས་འཛིན་སྐྱོང་ དེ་ལས་ བདེ་ཉམས་ལུ་ ལས་སྣ་གསར་བཏོད་ཚུ་གི་དོན་ལས་ སྔོན་དཔག་ཅན་གྱི་ ལམ་སྟོན་འབད་ནི་ཨིནམ་ད་ གསོ་བ་རིག་པ་དེ་ འཕྲོ་མཐུད་དེ་ར་ དེང་སང་གི་ གསོ་བའི་སྐྱོང་བཞག་དང་ མཐུན་སྒྲིག་ཐོག་ལས་ ཡར་འཕེལ་བཟོ་ནི་ཨིན་པས། དེ་མ་ཚད་ ནང་པའི་སྨན་བཅོས་ཞབས་ཏོག་གི་ རྒྱལ་ཡོངས་ལྟེ་བ་ འགོ་འབྱེད་འབད་མི་དེ་ ནད་པའི་སྨན་བཅོས་དང་ གསར་བཏོད་ལས་སྣ་ སྦྱོང་བརྡར་ ཉམས་སྲུང་ཚུ་ རྒྱལ་ཡོངས་ལྟེ་བ་ཅིག་གི་ནང་ལས་འབད་ནི་ལུ་ གལ་གནད་ཅན་གྱི་ གཙུག་སྡེ་གཞི་སྒྱུར་ཅིག་ཨིན་པས། […]

World News

རྒྱ་གར་གྱི་རྒྱལ་ས་ དིལླི་ལུ་ བཙོག་རླུང་དུག་ཅན་གྱིས་ ཨ་ལོ་ཚུ་ལུ་གནོད་སྐྱོན།

བི་བི་སི། རྒྱ་གར་གྱི་རྒྱལ་ས་ དིལླི་ལུ་ གནམ་ཁར་ས་སྨུག་བཟུམ་སྦེ་ ཁྱབ་སྤེལ་སོང་སྟེ་ཡོད་མི་ བཙོག་རླུང་དུག་ཅན་གྱིས་ ཁྲོམ་ཚོགས་དེ་ནང་གི་ མི་སེར་ཚུ་ལུ་ གནོད་པ་འབྱུང་དོ་ཡོད་པའི་ནང་ལས་ཡང་ ལྷག་པར་དུ་ ཨ་ལོ་ཚུ་ལུ་ གནོདཔ་མང་སུ་ འབྱུང་དོ་ཡོདཔ་སྦེ་བཀོད་ནུག། དེ་ཡང་ ཨ་ལོའི་སྨན་ཁང་ཚུ་ནང་ ཌོག་ཊར་གྱི་ ཁང་མིག་ཕྱི་ཁར་ མི་མང་སྒུག་སྡོད་སའི་ ས་ཁོངས་ཚུ་ནང་ ཚ་གྱང་ལང་མི་ ཨ་ལོའི་ཕམ་ཚུ་ ཨ་ལོ་ཨག་ཚི་རྐྱབ་མི་དང་ གློ་ཁོག་མི་ དབུགས་གཏོང་ལེན་འབད་ནི་ལུ་ དཀའ་ངལ་ཡོད་མི་ཚུ་དང་གཅིག་ཁར་ གྱལ་རིམ་ནང་ ལོང་སྡོདཔ་ཨིན་པས། དིལླི་ལུ་ དེ་བཟུམ་མའི་ བཙོག་རླུང་དུག་ཅན་གྱི་ གནས་ཚད་དེ་ ཉེན་ཁ་ཅན་ལུ་ མར་བབས་འགྱོ་མི་ལུ་བརྟེན་ཏེ་ སྤྱི་ཟླ་ ༡༠ པའི་ནང་ལས་ར་ ཨ་ལོ་ཚུ་ལུ་ ནད་གཞི་ཐོབ་ནི་ འགོ་བཙུགས་ཡོདཔ་ལས་ ཌོག་ཊར་ཚུ་དང་ ཕྱད་ནིའི་དོན་ལུ་ མི་མང་སྒུག་སྡོད་སའི་ ས་ཁོངས་ཚུ་ནང་ ཨ་རྟག་དང་ཕྱདཔ་ད་ དུས་ཡུན་རིངམོ་སྦེ་ར་ སྒུག་སྡོད་དགོཔ་ འབྱུང་དོ་ཡོདཔ་སྦེ་བཀོད་ནུག། བཙོག་རླུང་དུག་ཅན་གྱི་ དཀའ་ངལ་དེ་ དིལླི་དང་ རྒྱ་གར་བྱང་ཕྱོགས་ཀྱི་ ས་གནས་ཚུ་ནང་ གནམ་དགུན་གྱི་ དུས་ཚོད་ཁར་ ཨ་རྟག་ར་ […]

Online now: 17 Today: 2670 Total visitors: 2670