ArchiveAboutContact

Month: October 2025

Special News

འབྲུག་གིས་ ཨང་ཅན་རང་དབང་གི་དོན་ལུ་ རྒྱལ་ཡོངས་ངོ་རྟགས་ཀྱི་ གཞི་རྟེན་རིམ་ལུགས་ ཨི་ཐི་རི་ཡམ་ཆ་འཇོག།

སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ འབྲུག་རྒྱལ་ཁབ་ཀྱིས་ འབྲུག་རྒྱལ་ཡོངས་ཨང་ཅན་ངོ་རྟགས་དེ་ གཞི་རྟེན་རིམ་ལུགས་ ཨི་ཐི་རི་ཡམ་དང་ མཐར་འཁྱོལ་ཅན་སྦེ་ འབྲེལ་མཐུན་འབད་ཡོད་པའི་ གསལ་བསྒྲགས་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་ཚུ་ བདུན་རིམ་བཞིན་དུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ རེས་གཟའ་ཟླ་བར་གཟིགས་གནང་།

National News

རྩ་ཁྲིམས་ཅན་གྱི་ གོ་གནས་ཀྱི་ གནས་ཡུན་ཚང་མི་ཚུ་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་བཅར་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ རྩ་ཁྲིམས་ཅན་གྱི་ གོ་གནས་ཀྱི་ གནས་ཡུན་ཚང་མི་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ བཙག་འཐུ་སྤྱི་ཁྱབ་ དྲགོས་བསོད་ནམས་སྟོབས་རྒྱས་དང་ ལྷན་འཛིན་ཨྱོན་ཚེ་དབང་ ལྷན་འཛིན་ཟླ་བ་བསྟན་འཛིན། རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ རྩིས་ཞིབ་ཡོངས་ཁྱབ་ བཀྲ་ཤིས། དེ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ བདེ་སྐྱིད་པདྨོ་དང་ ལྷན་འཛིན་རྒྱ་མཚོ་ ལྷན་འཛིན་ཀརྨ་རིག་འཛིན་ཚུ་ ཁ་བྲལ་སྨོན་འདུན་གྱི་དོན་ལས་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་བཅར་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ རེས་གཟའ་ཟླ་བར་གཟིགས་གནང་།

National News

སུའི་ཛར་ལེན་ སྤྱི་ཚོགས་ཀྱི་ འཐུས་མི་སྡེ་ཚན་ཅིག་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་བཅར་ཡོདཔ།

པདྨ་དབང་འདུས།སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ སུའི་ཛར་ལེན་གྱི་འཐུས་དཔོན་ ཕེ་བི་ཡཱན་མོ་ལི་ན་གིས་ འགོ་ཁྲིད་ཐོག་ལུ་ སུའི་ཛར་ལེན་ སྤྱི་ཚོགས་ཀྱི་ འཐུས་མི་སྡེ་ཚན་ཅིག་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་ བཅར་ཡོདཔ་ཨིན་པས།དེ་བསྒང་ འབྲུག་དང་ སུའི་ཛར་ལེན་གྱི་བར་ན་ ལོ་ངོ་བཅུ་ཕྲག་ ༤ གི་རིང་ལུ་ཡོད་མི་ དོན་གཅོད་མཐུན་འབྲེལ་དང་ ཡུན་རིང་གི་མཐུན་ལམ་དང་ མཉམ་འབྲེལ་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོད་པའི་ནང་ལས་ གནད་དོན་གཙོ་བོ་ར་ ཟུང་ཕྱོགས་མཐུན་འབྲེལ་དང་ འབྲུག་གི་མཐའ་འཁོར་གནས་སྟངས་དང་ གནམ་གཤིས་འགྱུར་བའི་ ལག་ལེན་ཡར་འཕེལ་ དེ་ལས་ དམངས་གཙོའི་རིང་ལུགས་ཀྱི་ མདུན་བསྐྱོད་ཚུ་གི་སྐོར་ལས་གནང་ནུག།དེ་མ་ཚད་ རྒྱལ་ཁབ་གཉིས་ཆ་རའི་ཧོངས་ལས་ མ་འོངས་པའི་ལོ་ཚུ་ནང་ མཉམ་འབྲེལ་གཏིང་ཟབ་བཟོ་ནི་ལུ་ཡང་ ཁས་ལེན་ཡོད་ལུགས་ཚུ་ བསྐྱར་གསོ་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

World News

པཱ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་གྱི་ ས་མཚམས་ཁར་ འཛིང་འཁྲུག་ལང་མི་ལུ་བརྟེན་ཏེ་ མི་ལེ་ཤ་ཅིག་ལུ་ཤི་རྐྱེན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ མཐའ་ཟུར་ས་མཚམས་ཀྱི་ ས་ཁོངས་ཅིག་ནང་ པཱ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་གྱི་ དམག་སྡེའི་བར་ན་ འཛིང་འཁྲུག་ལང་མི་ལུ་བརྟེན་ཏེ་ མཐུན་ཕྱོགས་རྒྱལ་ཁབ་ ༢ དགྲ་བྱང་ཕྱད་ལུ་ གྱུར་ཡོདཔ་ཨིན་པས། དེ་ཡང་ ཨཕ་གྷ་ནིཛ་ཏཱན་གྱི་ ཤར་ལྷོ་རྫོང་ཁག་ སི་པིན་བཱོལ་ཌགདང་ པཱ་ཀིཛ་ཏཱན་གྱི་ ཅ་མཱན་རྫོང་ཁག་ནང་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་དང་ རྨ་སྐྱོན་བྱུང་ཡོད་པའི་ ཉེས་འཛུགས་བཀལ་ཏེ་ འཛིང་འཁྲུག་ལང་ནུག་ཟེར་ བཀོད་འདུག་པའི་ གནས་ཚུལ་མདོར་བསྡུས།

World News

འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ སྡེ་ཚན་ཅིག་ལུ་ གནོད་འཚུབ་བཀལ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ སྡེ་ཚན་ཅིག་ ཡུ་ཀེ་རེན་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ རུ་ཁག་དང་གཅིག་ཁར་ འགྲུལ་བསྐྱོད་འབད་བའི་སྐབས་ལུ་ གནོད་འཚུབ་བཀལ་ཡོད་རུང་ སྨན་བཅོས་ཀྱི་ མཁོ་ཆས་ཚུ་ བི་ལོ་ཟར་ཀ་ ཁྲོམ་སྡེའི་ནང་ བསྐྱལ་ཚུགས་ནུག། དེ་ཡང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཡོངས་ཁྱབ་མདོ་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ནང་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ སྣུམ་འཁོར་ཊཱག་ ༢ ལུ་ གནོད་སྐྱོན་བྱུང་ནུག་ཟེར་ཨིན་པས། དེ་འབདཝ་ལས་ མི་སྡེའི་ལས་བྱེདཔ་ཚུ་ལུ་ དེ་བཟུམ་མའི་ གནོདཔ་བཀལ་ནི་དེ་ མཇུག་བསྡུ་དགོ་པའི་ བསྐུལ་མ་འབད་ཡོདཔ་སྦེ་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་ གནས་ཚུལ་མདོར་བསྡུས།

Online now: 20 Today: 1652 Total visitors: 8872