ArchiveAboutContact

Month: September 2025

World News

ཌེན་མཱག་གི་ གནམ་ཐང་ཚུ་དང་ གནད་འགག་ཆེ་བའི་ ས་ཁོངས་ཚུ་ནང་ ཌཱོན་འཕུར་འགྲུལ།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ ཌེན་མཱག་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བདུན་ཕྲག་འདི་ནང་ གནམ་ཐང་ཚུ་དང་ གནད་འགག་ཆེ་བའི་ ས་ཁོངས་ཚུ་ནང་ ངོས་འཛིན་འབད་མ་ཚུགས་པའི་ མཁའ་དམག་འཕྲུལ་ཆས་ ཌཱོན་ལེ་ཤ་ཅིག་ འཕུར་འགྲུལ་འབད་སར་ མཐོང་ཡོདཔ་སྦེ་ཨིན་རུང་ ས་ཁོངས་ཚུ་གི་སྐོར་ལས་ གསལ་བཀོད་འབད་མ་བཏུབ་ཨིན་པས།ཨིན་རུང་ ཁྲིམས་སྲུང་འགག་སྡེ་གིས་ ནུབ་ཕྱོགས་ཌེན་མཱག་ལུ་ཡོད་མི་ ཀ་རུབ་གནམ་ཐང་ཉེ་འདབས་ཀྱི་ མཁའ་དབྱིངས་ལུ་ མཐོང་ཡོདཔ་སྦེ་ རིཊ་ཟའུ་ཟེར་མི་ གནས་ཚུལ་ལས་སྡེ་ལུ་ གསལ་བཤད་འབད་ནུག།སྤྱི་ཟླ་ ༩ པའི་ཚེས་ ༢༢ ལུ་ ཀོ་པེན་ཧེ་གན་གྱི་ གནམ་ཐང་དེ་ དུས་ཡུན་ཆུ་ཚོད་ ལེ་ཤ་ཅིག་གི་རིང་ལུ་ སྒོ་བསྡམས་དགོཔ་ བྱུང་ཡོདཔ་མ་ཚད་ ཞི་བའི་མི་སེར་དང་ དམག་སྡེའི་གནམ་ཐང་ཆུང་བ་ ༥ ཡང་ ཉིན་གྲངས་ལེ་ཤ་ཅིག་ སྒོ་བསྡམས་དགོཔ་ བྱུང་ཡོདཔ་ཨིན་པས།ཌེན་མཱག་གི་བློན་ཆེན་ མེ་ཊི་ཕེ་རེ་ཌི་རིག་སེན་གྱིས་ ཌེན་མཱག་གི་ གནད་འགག་ཆེ་བའི་ ས་ཁོངས་ཚུ་ནང་ གནོདཔ་བཀལ་མི་དེ་ མ་རུངམ་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཕ་རཱནཛ་ལས་ གྲུ་ཆུང་ནང་སྦེ་ གཙང་ཆུ་བརྒལ་ཏེ་ ཡུ་ཀེ་ལུ་ འགྱོ་ནི་གི་ དཔའ་བཅམ་ད་ ཨམ་སྲུ་ ༢ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ ཕ་རཱནཛ་གི་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱང་ཕྱོགས་ཕ་རཱནཛ་ལས་ མི་གྲངས་ ༡༠༠ དེ་ཅིག་གིས་ གྲུ་ཆུང་ནང་སྦེ་ ཨིང་ལིཤ་གི་ གཙང་ཆུ་བརྒལ་ཏེ་ ཡུ་ཀེ་ལུ་ འགྱོ་ནི་གི་ དཔའ་བཅམ་ཡོདཔ་ལས་ ཨམ་སྲུ་ ༢ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།དེ་བསྒང་ མི་གྲངས་ ༦༠ དེ་ཅིག་ སྲོག་སྐྱབས་འབད་ཚུགས་ཡོདཔ་ད་ དེ་སྦེ་ སྲོག་སྐྱབས་འབད་མི་ཚུ་ ཞི་བའི་ཉེན་སྲུང་གིས་ བདག་འཛིན་ཐོག་ལུ་ བཞག་ཡོདཔ་སྦེ་བཀོད་ནུག།དེ་སྦེ་ ཤི་རྐྱེན་བྱུང་མི་ ཨམ་སྲུ་ ༢ པོ་དེ་ སོ་མ་ལི་ཡའི་ མི་ཁུངས་ཨིནམ་ད་ རྐྱེན་ངན་དེ་ཡང་ དེ་ཚེ་ནུབ་མོར་ པཱཛ་ཌེ་ཀ་ལེཛ་ ལུང་ཕྱོགས་ཀྱི་ ནིའུ་ཅ་ཊེལ་ ཧར་ཌི་ལོཊ་ མཚོ་འགྲམ་གྱི་ ལྷོ་ཕྱོགས་ཁ་ཐུག་ལུ་ བྱུང་ཡོདཔ་ཨིན་པས།ད་ཚུན་གྱི་བར་ན་ གྲུ་ཆུང་ཚུ་གི་ཐོག་ལས་ ག་ནི་བ་ ཉེན་ཁ་ཆེ་བའི་ གཙང་ཆུ་བརྒལ་ནི་གི་ དཔའ་བཅམ་པ་ལུ་བརྟེན་ཏེ་ ལོ་འདི་ནང་ར་ ཡུ་ཀེ་ལུ་ གཞི་སྤོ་འགྱོ་མི་ […]

World News

ཨིཛ་རེལ་དམག་མི་ཚུ་གིས་ ག་ཟའི་ས་ཁོངས་ནང་ མི་གྲངས་ ༦༠ དེ་ཅིག་དམར་བསད།

ཨཱལ་ཇ་ཟི་ར། ནིའུ་ཡོག་ལུ་ ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཐ་ན་ཡ་ཧུ་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ ཧ་མཱཛ་དང་གཅིག་ཁར་ དམག་འཁྲུག་མཇུག་བསྡུ་ནི་ཨིན་པའི་ ཁས་བླངས་འབད་ནུག།དེ་འབདཝ་ད་ སྤྱི་ཟླ་ ༩ པའི་ཚེས་ ༢༦ ལུ་ར་ ཨིཛ་རེལ་དམག་སྡེ་གིས་ པེ་ལེཛ་ཊིན་གྱི་ས་ཁོངས་ ག་ཟ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༦༠ དེ་ཅིག་ དམར་བསད་འབད་ནུག་ཟེར་ཨིན་པས།དེ་མ་ཚད་ ཨཱལ་ཝེ་དཱ་ཁྲོམ་ལམ་དང་ ཤ་ཏི་སྡོད་སྒར་ དེ་ལས་ ནཱཛ་སར་ཁྱིམ་ཚང་ཚུ་བརྩིས་ཏེ་ ས་གནས་ལེ་ཤ་ཅིག་གི་ནང་ཡང་ གནོད་འཚུབ་བཀལ་བའི་ཁར་ ཁྲོམ་སྡེའི་ནུབ་ཕྱོགས་ལུ་ཡོད་མི་ སྡོད་ཁྱིམཅིག་ལུ་ཡང་ གནོད་སྐྱོན་རྐྱབ་ཡོདཔ་སྦེ་བཀོད་ནུག།དེ་བཟུམ་མའི་ གནོད་འཚུབ་ཚུ་ཡང་ ཉེན་བརྡ་ག་ནི་ཡང་མེད་པར་ བཀལ་ཡོདཔ་སྦེ་ བཤད་ཡོདཔ་ད་ པེ་ལེཛ་ཊིན་ མི་སེར་ཚུ་གིས་ གནོད་སྐྱོན་བྱུང་མི་ ཁྱིམ་ཤུལ་རག་རོ་ཚུ་གི་ནང་ལས་ཐོབ་མི་ མི་རོ་ཚུ་ སྨན་བཅོས་སྡེ་ཚན་གྱིས་ འབག་སོང་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

Online now: 36 Today: 1055 Total visitors: 3732