ArchiveAboutContact

Month: September 2025

National News

མི་རྗེ་བློན་ཆེན་མཆོག་གིས་ ན་ལེནྜ་གཙུག་ལག་སློབ་སྡེའི་ སློབ་ཚོགས་དང་ སློབ་ཕྲུག་ཚུ་དང་མཇལ་ཕྲད།

སྤྱི་ཟླ་ ༩ པའི་ཚེས་ ༣ ལུ་ མི་རྗེ་བློན་ཆེན་མཆོག་ རྒྱ་གར་བི་ཧར་མངའ་སྡེའི་ས་གནས་ རྒྱལ་པོའི་ཁབ་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་ ཕྱག་ཞུ་སྟེ་ བྱོན་ཡོདཔ་བཞིན་དུ་ ཕྱི་རུ་ཁམས་ཅིག་ཁར་ ན་ལེནྜ་གཙུག་ལག་སློབ་སྡེའི་ནང་ གཟིགས་སྐོར་གནང་སྟེ་ སློབ་ཚོགས་དང་ སློབ་ཕྲུག་ཚུ་དང་གཅིག་ཁར་ མཇལ་ཕྲད་མཛད་ནུག།དེ་བསྒང་ མི་རྗེ་བློན་ཆེན་མཆོག་གིས་ འཛམ་གླིང་ནང་ ཤེས་ཡོན་གྱི་ འབྱུང་གནས་རྙིང་ཤོས་ ན་ལེནྜའི་ འབྱུང་རབས་ཅན་གྱི་ འགན་ཁུར་དང་ གུ་རུ་པདྨ་འབྱུང་གནས་དང་ ན་རོ་པ་ལ་སོགས་པ་ཚུ་བརྒྱུད་དེ་ སྔ་སྒྱུར་རྙིང་མའི་ཆོས་ལུགས་ལུ་ ཕན་རླབས་ཆེ་བའི་སྐོར་ལས་ གསུངས་ཡོདཔ་མ་ཚད་ ན་ལེནྜ་གཙུག་ལག་སློབ་སྡེ་དེ་ སྤྱིར་འཛམ་གླིང་ནང་ ཆོས་དོན་ལྷབ་སྦྱང་ལུ་ སེམས་སྐུལ་གྱི་ འབྱུང་གནས་སྦེ་ ཡུན་རིང་གི་བར་ན་ གནས་ཡོད་པའི་སྐོར་ལས་ཡང་ གསུངས་ཡོདཔ་ཨིན་པས།དེ་མ་ཚད་ རྒྱ་གར་གཞུང་གིས་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ གཏོང་ཕོད་ཅན་གྱི་ སློབ་གཉེར་གྲོགས་རམ་ཚུ་ གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ ན་ལེནྜ་དེ་ རྒྱ་འབྲུག་གཉིས་ཀྱི་ ལམ་སྲོལ་ཡར་ཐོན་ནང་ གལ་གནད་ཆེ་བའི་ ཟམ་བཟུམ་ཅིག་ཡང་ཨིན་ཟེར་ གསུངས་གནང་ནུག།མི་རྗེ་བློན་ཆེནམཆོག་གིས་ དུས་ཅི་ སྤྱི་ཟླ་ ༡༡ པའི་ནང་ འབྲུག་ལུ་ འཛམ་གླིང་ཞི་བདེའི་ […]

World News

བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ ཁོ་རའི་བུམོ་དང་གཅིག་ཁར་ རྒྱ་ནག་ལུ་གཟིགས་སྐོར།

བི་བི་སི། བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་དང་ ཁོ་རའི་བུམོ་ ཀིམ་ཇུ་ཨཱེ་དང་གཅིག་ཁར་ རྒྱ་ནག་དམག་སྡེའི་ རུ་སྒྲིག་འགྲེམ་སྟོན་སྦོམ་ཤོས་ནང་ བཅའ་མར་གཏོགས་ནིའི་དོན་ལས་ རྒྱ་ནག་གི་རྒྱལ་ས་ བེ་ཇིང་ལུ་ ཕེབས་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༣ ལུ་ རྒྱ་ནག་གི་ དགྲ་ཡི་ཕྱོགས་ལས་རྣམ་པར་རྒྱལ་བའི་ཉིནམ་ཟེར་མི་ བརྩི་སྲུང་ཞུ་སར་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་དང་ཅིག་ཁར་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་དང་ འཛམ་གླིང་ནང་གི་ དབུ་ཁྲིད་གཞན་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག། སྲིད་འཛིན་ཀིམ་མཆོག་ ཁོ་རའི་བུམོ་དང་གཅིག་ཁར་ ཉེན་སྲུང་དང་ལྡན་པའི་ རེ་ལིའི་ནང་སྦེ་ བེ་ཇིང་རེལ་ལིའི་ འབབ་ཚུགས་བརྒྱུད་དེ་ བྱོན་ཡོདཔ་ད་ ལྷོ་ཀོ་རི་ཡའི་ གསང་བའི་ལས་སྡེ་གིས་ ཁོ་གི་བུམོ་དེ་ ཁོ་རའི་ཤུལ་འཛིན་པ་ཨིན་ཟེར་ བཤདཔ་ཨིན་པས། དམག་སྡེའི་རུ་སྒྲིག་འགྲེམ་སྟོན་དེ་ འཛམ་གླིང་དམག་ཆེན་གཉིས་པ་ མཇུག་བསྡུ་བའི་སྐབས་ལུ་ རྒྱ་པཱན་གྱིས་ གཞུང་འབྲེལ་ཐོག་ལས་ ཕམ་ཁ་ལེན་ཏེ་ མི་ལོ་ ༨༠ འཁོར་བའི་ དུས་དྲན་སྦེ་ འགོ་འདྲེན་འཐབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 13 Today: 1292 Total visitors: 8512