ArchiveAboutContact

Month: June 2025

World News

འཛམ་གླིང་ནང་ ལོ་ངོ་ ༣ གྱི་རིང་ལུ་ བཙོག་རླུང་གི་ཚད་གཞི་ བརྒྱ་ཆ་ ༡༥༠ དེ་ཅིག་ཡར་སེང་།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༦ པའི་ཚེས་ ༦ ལུ་ འཛམ་གླིང་སྤྱི་ཚོགས་ རྒྱལ་སྤྱི་བརྒྱུད་འབྲེལ་ཚོགས་པ་ལས་ ངོ་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཛམ་གླིང་ནང་གི་ འཕྲུལ་རིག་ལས་ཁང་སྦོམ་ཤོས་ཚུ་གི་ བཙོག་རླུང་ཀཱར་བོན་གྱི་ ཕྱིར་ཐོན་ཚད་གཞི་དེ་ སྤྱི་ལོ་ ༢༠༢༠ ལས་ ༢༠༢༣ གྱི་བར་ན་ བརྒྱ་ཆ་ ༡༥༠ གིས་ ཡར་སེང་ཐོན་ཡོདཔ་སྦེ་ཨིན་པས།དེ་ཡང་ གཙོ་བོ་ར་ བཅོས་མའི་རིག་རྩལ་དང་ གནད་སྡུད་ལྟེ་བ་ཚུ་གི་ ལག་ལེན་ལུ་ གློག་མེའི་སྤྱོད་ཚད་ ཡར་སེང་ལུ་བརྟེན་ཏེ་ཨིནམ་ད་ ཨེ་མེ་ཟཱོན་ཚོང་སྡེའི་ ཀར་བཱོན་ཐོན་ཚད་དེ་ སྤྱི་ལོ་ ༢༠༢༠ དང་ཕྱདཔ་ད་ སྤྱི་ལོ་ ༢༠༢༣ ལུ་ བརྒྱ་ཆ་ ༡༨༢ ཀྱི་རྩིས་ ཡར་སེང་སོང་ནུག།མའི་ཀོར་སོཕཊ་ཚོང་སྡེའི་ནང་འབད་བ་ཅིན་ བརྒྱ་ཆ་ ༡༥༥ སོང་ནུག་ཟེར་ཨིནམ་ད་ ཕེཛ་བུག་དང་ ཨིནཛ་ཊི་ག་རམ་ མེ་ཊ་ཟེར་མི་ གྲོས་གནས་ཚུ་ནང་ བརྒྱ་ཆ་ ༡༤༥ དང་ ཚོང་སྡེ་གཙོ་བོ་ གུ་གཱལ་ཚོང་སྡེ་ནང་འབད་བ་ཅིན་ བརྒྱ་ཆ་ ༡༣༨ […]

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སུའི་ཌེན་ལུ་ཆིབས་བསྐྱོད།

སྤྱི་ཟླ་ ༦ པའི་ཚེས་ ༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སུའི་ཌེན་གྱི་རྒྱལ་ས་ སི་ཊོག་ཧཱོམ་ལུ་ རྒྱལ་འཛིན་ཕོ་བྲང་ནང་སྦེ་ མི་དབང་རྒྱལཔོ་ཀཱལ་གུཛ་ཏཱཕ་ ༡༦ པ་མཆོག་དང་ མཇལ་ཕྲད་མཛད་གནང་ནུག། མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སི་ཊོག་ཧཱོམ་ལུ་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་མི་ འཛམ་གླིང་ནང་ འགྱུར་བ་འཐོན་པའི་ ཐབས་ཤེས་སྐོར་ལས་ གསར་བཏོད་ཀྱི་ རིག་རྩལ་དང་ལྡན་པའི་ མི་ངོམ་ཚུ་གི་ རྒྱལ་སྤྱིའི་གྲོས་འཛོམས་ནང་ དམིགས་བསལ་གྱི་ སྐུ་མགྲོན་སྦེ་ གདན་འདྲེན་ཞུ་མི་དང་བསྟུན་ཏེ་ སུའི་ཌེན་ལུ་ ཆིབས་བསྐྱོད་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

World News

ཨཱཛ་ཊེ་ལི་ཡ་ལུ་ ཁེ་ཕན་མེད་པ་ཅིན་ ཡུ་རོབ་ཚོང་འབྲེལ་འགྲིག་ཆའི་ནང་ གྲལ་གཏོགས་མི་འབད་ནི།

ཨེ་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༥ ལུ་ ཨཱཛ་ཊེ་ལི་ཡའི་བློན་ཆེན་ ཨེན་ཐོ་ནི་ ཨཱལ་བཱ་ནེཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ ཚོང་འབྲེལ་འགྲིག་ཆའི་ནང་ལས་ ཨཱཛ་ཊེ་ལི་ཡའི་དོན་ལུ་ མཐའ་དོན་ག་ནི་ཡང་མེད་པ་ཅིན་ ཨཱཛ་ཊེ་ལི་ཡའི་ གཞུང་གི་ཁ་ཐུག་ལས་ འགྲིག་ཆ་དེ་ལུ་ མཚན་རྟགས་མི་བཀོད་ཟེར་ཨིན་པས།དེ་ཡང་ པེ་རིཛ་ལུ་ ས་སྣུམ་ཕྱིར་ཚོང་རྒྱལ་ཁབ་ཚུ་གི་ དབུ་ཁྲིད་ཞལ་འཛོམས་སྐབས་ལུ་ ཨཱཛ་ཊེ་ལི་ཡའི་ ཚོང་འབྲེལ་བློན་པོ་ ཌོན་ཕེ་རེལ་གྱིས་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ལྷན་འཛིན་ མཱར་ཀོཛ་སེཕ་ཀོ་བིཆ་དང་གཅིག་ཁར་ཕྱད་ནུག།ཨཱཛ་ཊེ་ལི་ཡའི་ བློན་ཆེན་གྱིས་ འདྲ་མཉམ་དང་ དྲང་བདེན་གྱི་ ཚོང་འབྲེལ་ལུ་ རྒྱབ་སྐྱོར་ཡོད་རུང་ ཡུ་ཨེཛ་ལུ་ མཛུབ་མོ་དཔག་སྟེ་ རྒྱལ་སྤྱིའི་གནས་རིམ་ནང་ ཚོང་འབྲེལ་གྱི་ གནས་སྟངས་ལུ་ འགྱུར་བ་ཐོན་མི་དང་བསྟུན་ཏེ་ ཨཱཛ་ཊེ་ལི་ཡ་ལུ་ ལེགས་ཤོམ་མིན་པ་ཅིན་ ཡུ་རོབ་རྒྱལ་ཁབ་ཚོགས་པ་དང་གཅིག་ཁར་ འགྲིག་ཆ་མི་བཟོ་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 11 Today: 1581 Total visitors: 8801