ArchiveAboutContact

Month: May 2025

World News

བྱང་ཀོ་རི་ཡའི་ སྲིད་འཛིན་གྱིས་ དམག་གྲུ་གསརཔ་ཅིག་ འགོ་འབྱེད་མཛད་པའི་སྐབས་ལུ་ བཟོད་བསྲན་འབད་མ་ཚུགས་པའི་ རྐྱེན་ངན་བྱུང་ཡོདཔ།

བི་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༢༢ ལུ་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ དམག་གྲུ་གསརཔ་ཅིག་ འགོ་འབྱེད་མཛད་པའི་སྐབས་ལུ་ གློ་བུར་གྱི་ རྐྱེན་ངན་བྱུང་མི་དེ་ རྩ་ལས་ར་ བཟོད་བསྲན་འབད་མ་ཚུགས་པའི་ ཉེས་ཅན་གྱི་ བྱ་སྤྱོད་ཅིག་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།དེ་ཡང་ ཊཱོན་ ༥,༠༠༠ འབག་མི་ དམག་གྲུ་དེ་གི་ གཤམ་ཆས་བརྡོལ་སོང་སྟེ་ ལྗིད་སྙོམ་མེདཔ་སྦེ་ ཐལ་ཡོདཔ་ད་ དམག་གྲུ་དེ་ སྤྱི་ཟླ་ ༦ པའི་ནང་ ཚོགས་པའི་ཞལ་འཛོམས་ མ་འཚོགས་པའི་ཧེ་མ་ ཉམས་གསོ་འབད་དགོ་པའི་ བཀའ་རྒྱ་གནང་ནུག་ཟེར་བཀོད་ནུག།ཐུག་རྐྱེན་དེ་ནང་ ཤིརྐྱེན་དང་ རྨ་སྐྱོན་ཚུ་ ག་ནི་ཡང་ མ་བྱུང་སྟེ་འབད་རུང་ སྲིད་འཛིན་ཀིམ་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ དམག་གྲུ་བཟོ་སྐྲུན་ནང་ གྲལ་གཏོགས་འབད་མི་ཚུ་གིས་ སྣང་མེད་ཀྱི་ ལཱ་འབད་མི་དེ་ལུ་ ངོས་ལེན་གྱི་སྐོར་ལས་ སྤྱི་ཟླ་ ༦ པའི་ནང་ འཚོགས་ནི་ཨིན་མི་ ཞལ་འཛོམས་ནང་ལས་ གྲོས་ཐག་བཅད་འོང་ཟེར་ཨིན་པས།ཤར་ཕྱོགས་ཁྲོམ་སྡེ་ ཅོང་ཇིན་གྲུ་བཟོ་ཁང་གི་ ལས་བྱེདཔ་ཚུ་གིས་ སྣང་མེད་དང་ འགན་འཁྲི་ དེ་ལས་ ཚུལ་མཐུན་མེད་པའི་ […]

World News

ཨིཛ་རེལ་གཞུང་ཚབ་ཡིག་ཚང་གི་ ལས་བྱེདཔ་ ༢ དམར་བསད་འབད་མི་ དོགས་པ་ཅན་འཛིན་བཟུང་།

བི་བི་སི།་ སྤྱི་ཟླ་ ༥ པའི་ཚེས་ ༢༢ ལུ་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གི་རྒྱལ་ས་ ཝ་ཤིང་ཊཱོན་ ཌི་སི་ཁྲོམ་སྡེའི་ ཇིའུ་འགྲེམ་སྟོན་ཁང་གི་ཕྱི་ཁར་ ཨིཛ་རེལ་གཞུང་ཚབ་ཡིག་ཚང་གི་ ལས་བྱེདཔ་ ༢ ཀྲོབ་མདའ་རྐྱབ་སྟེ་ དམར་བསད་འབད་ཡི་ཟེར་ཨིན་པས།དེ་ཡང་ ན་གཞོན་བཟའ་ཚང་ ༢ ས་གནས་ཀྱི་ ཕྱི་རོའི་ཆུ་ཚོད་ ༩ དེ་ཅིག་ཁར་ ཇིའུ་འགྲེམ་སྟོན་ཁང་ནང་ དུས་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་སར་ ལྟདམོ་བལྟ་བར་ འགྱོ་བའི་སྐབས་ལུ་ ཀྲོབ་མདའ་རྐྱབ་སྟེ་ དམར་བསད་འབད་ནུག།མ་གཞི་ ས་གནས་དེ་ནང་ བལྟ་བཤལ་པའི་ ས་ཁོངས་དང་ འགྲེམ་སྟོན་ཁང་ གཞུང་གི་སྒྲིང་ཁྱིམ་ཚུ་ ལེ་ཤ་ཅིག་ཡོདཔ་ད་ ཕོ་སྐྱེས་དེ་ འགྲེམ་སྟོན་ཁང་ནང་ འགྱོ་ནི་ལས་ཡང་ བཀག་དམ་འབད་ཡི་ཟེར་ཨིན་པས།ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་མ་འབད་བའི་ཧེ་མར་ ཅི་ཀ་གོ་ལས་ཨིན་མི་ དོགས་པ་ཅན་ སྐྱེས་ལོ་ ༣༠ འབད་མི་ ངོ་མིང་ཨི་ལི་ཡཛ་ རོ་ཌི་གུཛ་གིས་ འགྲེམ་སྟོན་ཁང་གི་ཕྱི་ཁར་ ཀྲོབ་མདའ་ག་ལྷོད་རྐྱབ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཀེ་རེན་ལུ་ ར་ཤི་ཡ་གིས་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་མའི་ནང་ དམག་མི་ ༦ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༢༡ ལུ་ ཡུ་ཀེ་རེན་གྱི་ སུ་མི་ས་མཚམས་ལུང་ཕྱོགས་ནང་ སྦྱོང་བརྡར་འབད་བའི་སྐབས་ལུ་ ར་ཤི་ཡ་གིས་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་བ་ལུ་བརྟེན་ཏེ་ དམག་མི་ ༦ ལུ་ ཤི་རྐྱེན་དང་ གཞན་མི་ ༡༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་ གསར་བཏོན་འབད་མི་ བརྙན་ཐུང་ཅིག་ནང་ ཡུ་ཀེ་རེན་གྱི་ དམག་སྦྱོང་ས་ཁོངས་ནང་ ཨིཛ་ཀན་ཌར་ཟེར་མི་ མི་ཛལ་ཅིག་གིས་ གནོད་འཚུབ་བཀལ་ཡོདཔ་སྦེ་ གསལ་སྟོན་འབད་ཡོདཔ་ཨིན་པས། སུ་མི་ལུང་ཕྱོགས་དེ་ཁར་ རྫས་བམ་ཡང་བསྐྱར་ བཀོག་ཡོདཔ་ལས་ ཡུ་ཀེ་རེན་གྱིས་ཡང་ ར་ཤི་ཡའི་ཁྱིམ་ཚང་ ཀུརཛ་ལུང་ཕྱོགས་ཀྱི་ ཆ་ཤས་ཅིག་ ཟླཝ་ལས་བཅད་དེ་ དབང་དུ་བསྡུ་ནི་ འགོ་བཙུགས་ནུག། ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ སུ་མི་ཉེན་སྲུང་འབད་ནིའི་དོན་ལས་ བཱ་ཕར་ས་ཁོངས་བཟོ་ནི་ལུ་ གྲོགས་རམ་འབད་ནི་ཨིན་རུང་ ལ་ལུ་ཅིག་གིས་ དམག་མི་ཚུ་ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོག་ཡོད་པའི་སྐོར་ལས་ ཉོགས་བཤད་བཀོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 6 Today: 1451 Total visitors: 8671