ArchiveAboutContact

Month: May 2025

News in English

Polls open in Singapore’s election as its long-ruling party seeks a bigger win

ABC: SINGAPORE — Polls opened Saturday in Singapore’s general election that is seen as the first key test of support for Prime Minister Lawrence Wong, who took office last year. His People’s Action Party is widely expected to comfortably extend its 66-year dominance in the city-state. But the election is being closely watched as people express unhappiness over tight government […]

World News

ར་ཤི་ཡ་གིས་ ཏཱ་ལི་བཱན་གཞུང་གི་ དབང་འཛིན་ཚུ་ལུ་ ཕྱད་མདའི་གྲོགས་རམ་འབད་ནི།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ ར་ཤི་ཡའི་ གཞུང་ཚབ་བགྲེསཔ་ ཟ་མིར་ཀ་བུ་ལོབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ཁ་ཐུག་ལས་ ཨཕ་གྷ་ནིཛ་ཏཱན་གྱི་ ཏཱ་ལི་བཱན་གཞུང་ལུ་ ཨིཛ་ལཱ་མིག་ གཡིབ་དམག་ཚུ་དང་ ཕྱད་མདའ་རྐྱབ་ནིའི་དོན་ལས་ གྲོགས་རམ་འབད་འོང་ཟེར་ཨིན་པས།དེ་ཡང་ ཏཱ་ལི་བཱན་གཞུང་ལུ་ ངོ་རྒོལ་འབད་མི་ ཨིཛ་ལཱ་མིག་མངའ་སྡེ་ ཁོ་ར་སཱན་གྱི་ ཨའི་ཨེཛ་ཨའི་ཨེཛ་ཟེར་མི་ གཡིབ་དམག་དེ་ ར་ཤི་ཡ་དང་ ཨཕ་གྷ་ནིཛ་ཏཱན་ ༢ སྤྱི་མཐུན་གྱི་ དགྲ་བྱང་ཕྱད་ཨིནམ་སྦེ་ གནས་ཚུལཞལ་འཛོམས་ཅིག་ནང་ གསལ་བཤད་འབད་ནུག།སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༨ པའི་ནང་ ཡུ་ཨེཛ་གིས་ འགོ་འཁྲིད་འབད་མི་ དམག་མི་ཚུ་གིས་ ལོ་ངོ་ ༢༠ གི་རིང་ལུ་ དམག་འཁྲུག་ལང་པའི་ཤུལ་ལས་ ཡུ་ཨེཛ་གི་ དམག་མི་ཚུ་ ཨཕ་གྷ་ནིཛ་ཏཱན་ལས་ ཕྱིར་འཐེན་འབད་མི་ལུ་བརྟེན་ཏེ་ དབང་ཚད་འཕྱོག་མི་ ཏཱ་ལི་བཱན་གཞུང་དེ་ ད་ཚུན་གྱི་བར་ན་ རྒྱལ་ཁབ་ག་གིས་ཡང་ ངོས་ལེན་མ་འབད་བར་ཡོདཔ་ཨིན་པས།ཨིན་རུང་ ར་ཤི་ཡ་གིས་ སྤྱི་ལོ་ ༢༠༠༣ ལུ་ ཏཱ་ལི་བཱན་དེ་ […]

World News

སྐྱེལ་འདྲེན་བཱཛ་ཅིག་གིས་ སྣུམ་འཁོར་གཞན་ཚུ་ལུ་ བརྡུང་བྱིན་པའི་སྟབས་ཀྱིས་ མི་ ༡༠ ལུ་ ཤི་རྐྱེན་དང་ ༣༠ ལུ་སྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༡ ལུ་ ཕི་ལི་པིན་གྱི་ བྱང་ཕྱོགས་ལུ་ཡོད་མི་ བྲེལ་ཟིང་ཅན་གྱི་ སྤྱོད་ཁྲལ་སྒོ་ར་ལུ་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་ཅིག་གིས་ སྣུམ་འཁོར་གཞན་ལེ་ཤ་ཅིག་ལུ་ བརྡུང་བྱིན་པའི་སྟབས་ཀྱིས་ མི་གྲངས་ ༡༠ ལུ་ ཤི་རྐྱེན་དང་ ༣༠ ལྷགཔ་ཅིག་ལུ་ སྨ་སྐྱོན་བྱུང་ནུག།ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ཡོད་མི་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་གི་ དེད་གཡོགཔ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་བཏང་པའི་བར་ན་ གཉིད་ལོག་སོང་ནུག་ཟེར་ཨིན་པས།དེ་འབདཝ་ལས་ སྐྱེལ་འདྲེན་ལས་ཁུངས་ཀྱིས་ ལུང་ཕྱོགས་ནང་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་ ལག་ལེན་འཐབ་མི་ སོ་ལིཌ་ ནོརཐ་བཱཛ་དང་ ཐུག་རྐྱེན་ནང་ འབྲེལ་གཏོགས་ཡོད་མི་ སྣུམ་འཁོར་ལས་སྡེ་ཚུ་ བཀག་ཆ་འབད་དགོ་པའི་ བཀའ་རྒྱ་གནང་ནུག།ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་གི་ དེད་གཡོགཔ་དེ་ལུ་ མི་ལེ་ཤ་ཅིག་ དམར་བསད་བའི་ ཉེས་འཛུགས་ཕོག་འོང་ཟེར་ཨིནམ་ད་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་གི་ གླ་ཆ་ལེན་མི་དེ་ཡང་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།དེ་བཟུམ་སྦེ་ སྤྱི་ཟླ་ ༤ པའི་ནང་ སྐྱེལ་འདྲེན་བཱཛ་གིས་གཙོས་པའི་ མི་མང་སྣུམ་འཁོར་གྱི་ ལས་སྡེ་དག་པ་ཅིག་ ཐུག་རྐྱེན་ལུ་བརྟེན་ཏེ་ བཀག་ཆ་འབད་ཡོདཔ་མ་ཚད་ […]

World News

ར་ཤི་ཡ་དང་ བྱང་ཀོ་རི་ཡ་གིས་ ཊུ་མེན་གཙང་ཆུ་བདའ་སྟེ་ ཟམ་བཟོ་སྐྲུན་འབད་ནི་གི་ ལཱ་འགོ་བཙུགས་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༡ ལུ་ བྱང་ཀོ་རི་ཡའི་ གཞུང་དབང་བརྡ་བརྒྱུད་ ཀེ་སི་ཨེན་ཨེ་ཟེར་མིའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བྱང་ཀོ་རི་ཡ་གིས་ ར་ཤི་ཡ་དང་ མཐུད་འབྲེལ་འབད་ནིའི་དོན་ལས་ ཟམ་གསརཔ་ཅིག་ རྐྱབ་དོ་ཟེར་ཨིན་པས།སྤྱི་ཟླ་ ༤ པའི་ཚེས་ ༢༩ ལས་ ར་ཤི་ཡ་དང་ བྱང་ཀོ་རི་ཡ་གིས་ ཊུ་མེན་གཙང་ཆུ་བདའ་སྟེ་ ཟམ་བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་གོང་འཕེལ་འགྱོ་བའི་ རྟགས་མཚན་ཅིག་ཨིནམ་སྦེ་བཀོད་ནུག།མ་གཞི་ ཟམ་དེ་གི་སྐོར་ལས་ ལོ་ངོ་མང་རབས་ཅིག་གི་རིང་ལུ་ གྲོས་བསྟུན་འབད་བའི་ཤུལ་ལས་ སྤྱི་ལོ་ ༢༠༢༤ ལོར་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་གྱིས་ བྱང་ཀོ་རི་ཡའི་ རྒྱལ་ཁབ་ནང་ གཟིགས་སྐོར་གནང་པའི་སྐབས་ལུ་ མོས་མཐུན་བྱུང་ཡོདཔ་ཨིན་པས།དེ་ཡང་ དཔལ་འབྱོར་མཉམ་འབྲེལ་གྱི་དོན་ལུ་ གལ་གནད་ཆེ་བའི་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནི་དང་ སྒྲིང་སྒྲིང་བཟོ་ནི་ མི་སེར་ཚུ་ འགྲུལ་སྐྱོད་འབད་ནི་དང་ བལྟ་བཤལ་ དེ་ལས་ ཅ་ཆས་བཀྲམ་སྤེལ་འབད་ནི་ཚུ་རྩིས་ཏེ་ རྒྱལ་ཁབ་ ༢ […]

Special News

འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ མཛད་རྣམ་བཅུད་བསྡུས།

མགོན་པོ་རྡོ་རྗེ། རྩོམ་སྒྲིག་གཙོ་འཛིན། ད་རིས་ སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་ དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་དང་འབྲེལ་ཏེ་ རྒྱལ་ཁབ་ནང་ སློབ་དཔོན་གྱི་ཉིནམ་སྦེ་ བརྩི་སྲུང་ཞུ་བའི་ དགའ་སྟོན་རྟེན་འབྲེལ་འདི་ཁར་ རྒྱལ་སྤྱི་གསར་ཤོག་གི་ཧོངས་ལས་ བཀྲ་ཤིས་བདེ་ལེགས་ཀྱི་ མེ་ཏོག་ཕུལ་ནི་དང་གཅིག་ཁར་ བཀྲིན་རྗེས་དྲན་གྱི་དོན་ལས་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ མཛད་རྣམ་མདོར་བསྡུས་ཅིག་ ཞུ་ནི་ཨིན། དེ་ཡང་ རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ འབྲུག་གི་རྒྱལ་རབས་གཉིས་པ་ མི་དབང་འཇིགས་མེད་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་བཙུན་ ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་མཆོག་གི་སྲས་ལུ་ རབ་བྱུང་ ༡༦ པའི་ ས་འབྲུག་ཟླཝ་ ༣ པའི་ཚེས་ ༡༣ སྤྱི་ལོ་ ༡༩༢༨ སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ ཀྲོང་གསར་ཁྲུས་སྤང་གི་ཕོ་བྲང་ནང་ མཚན་ལྟས་བཟང་པོ་དང་བཅསཔ་སྦེ་ སྐུ་འཁྲུངས་ཡོདཔ་ལས་ རྒྱབ་ཁབ་ནང་ བདུན་ཕྲག་ ༡ གི་རིང་ལུ་ འཁྲུངས་སྟོན་ཚུ་ཡང་ རྒྱས་ཤིང་རྒྱསཔ་སྦེ་ མཛད་གནང་ནུག། དེ་སྦེ་ […]

Online now: 30 Today: 755 Total visitors: 3432