ArchiveAboutContact

Month: March 2025

World News

མི་ཡཱན་མར་ལུ་ ས་ཡོམ་རྐྱབ་མིའི་ནང་ མི་ ༡,༦༠༠ ལྷགཔ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ མི་ཡཱན་མར་གྱི་ དབུས་ཕྱོགས་ས་གནས་ནང་ ས་ཡོམ་ཤུགས་སྦེ་ རྐྱབ་ཡོདཔ་ལས་ རྒྱལ་ས་ཡང་གོན་དང་ ཁྱིམ་མཚེས་རྒྱལ་ཁབ་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་ དེ་ལས་ རྒྱ་ནག་ཚུ་གི་ནང་ཡང་ ས་ཡོམ་རྐྱབ་སར་ ཚོར་སྣང་བྱུང་ནུག།ཡུ་ཨེཛ་གི་ ས་ཆ་ཆགས་ཚུལ་ཞིབ་དཔྱད་ལས་སྡེ་གིས་ ས་ཡོམ་དེ་གི་ རིག་ཊར་ཚད་འཇལ་དང་འཁྲིལཝ་ད་ ཤུགས་ཚད་ ༧.༧ རྐྱབ་ཡོད་མི་དེ་ཡང་ མི་རློབས་ས་ཡ་ ༡.༢ དེ་ཅིག་ཡོད་མི་ མཱན་ཌ་ལེ་ཁྲོམ་ལས་ ཀི་ལོ་མི་ཊར་ ༡༧ ལྷགཔ་ཅིག་གི་ ས་འོག་ཀི་ལོ་མི་ཊར་ ༡༠ ལས་ ཐོན་ཡོདཔ་སྦེ་ བཤདཔ་ཨིན་པས།སྤྱི་ཟླ་ ༣ པའི་ཚེས་ ༢༩ ཚུན་ལུ་ ས་ཡོམ་གྱི་ རྐྱེན་ངན་དེ་ནང་ མི་གྲངས་ ༡,༦༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ སྲོག་སྐྱབས་ཀྱི་ ལཱ་འབད་བའི་བསྒང་ར་ཡོད་མི་ལུ་ ཕན་ཐབས་ཀྱི་དོན་ལས་ མི་ཡཱན་མར་ དྲག་པོའི་འགོ་ཁྲིདཔ་ཚུ་གིས་ རྒྱལ་ཁབ་ཕྱི་ཁ་ལས་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ཚུ་ཡང་ འོང་བཅུག་ནུག།མི་ཡཱན་མར་ […]

World News

ནེ་པཱལ་ལུ་ རྒྱལ་བརྒྱུད་རིང་ལུགས་ལུ་ རྒྱབ་སྐྱོར་ཡོད་མི་ཚུ་ སྤུངས་འཛོམས་སྐབས་ལུ་གནོད་འཚེ།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༢༩ ལུ་ ནེ་པཱལ་གྱི་ བློན་པོ་ཅིག་གིས་་ རྒྱལ་ཁབ་ནང་ རྒྱལ་བརྒྱུད་རིང་ལུགས་ ལོག་བཙུགས་ནི་ལུ་ རྒྱབ་སྐྱོར་འབད་མི་ཚུ་ སྤུངས་འཛོམས་འབདཝ་ད་ ཚེ་སྲོག་ལུ་ ཉེན་ཁ་ཡོད་པའི་ འབྲེལ་ཟིང་ཐོན་མི་ལུ་ གཞུང་གི་ཁ་ཐུག་ལས་ ཞིབ་དཔྱད་འབད་དོ་ཟེར་ཨིན་པས།དེ་ཡང་ རྒྱལ་བརྒྱུད་རིང་ལུགས་ལུ་ རྒྱབ་སྐྱོར་འབད་མི་ཚུ་ སྤུངས་འཛོམས་འབད་བའི་སྐབས་ལུ་ མི་ཚུ་གིས་ རྒྱལ་ས་ཀཱཋ་མཱན་ཌུ་ལུ་ སྤྱི་ཚོགས་ཀྱི་ སྒྲིང་ཁྱིམ་གུ་ རྡོ་ཚུ་བཀོགཝ་ལས་ མི་ ༢ ལུ་ ཤི་རྐྱེན་དང་ ཉེན་སྲུང་དམག་མི་ ༧༧ བརྩིས་ཏེ་ མི་གྲངས་ ༡༡༢ ལུ་ རྨ་སྐྱོན་བྱུང་ནུག།དེ་སྦེ་ སྤུངས་འཛོམས་ཐོག་ལས་ གཞུང་ལུ་ ངོ་རྒོལ་འབད་མི་ཚུ་གིས་ སྡོད་ཁྱིམ་དང་ ཚོང་ཁང་ སྨན་ཁང་ དེ་ལས་ སྲིད་ཚོགས་ཀྱི་ ཡིག་ཚང་དང་ སྣུམ་འཁོར་ཚུ་ལུ་ གནོད་འཚུབ་བཀལ་ཡོདཔ་ཨིན་པས།དེ་བཟུམ་མའི་ སྤུངསའཛོམས་དང་ བྱ་ངན་དེ་དང་འབྲེལ་བ་ཡོད་མི་ མི་གྲངས་ ༡༠༥ དོ་དམ་འོག་ལུ་ བཞག་ཡོདཔ་སྦེ་ རྫོང་ཁག་གཙོ་འཛིན་འགོ་དཔོན་ […]

World News

སྲིད་འཛིན་ཊཱམ་གྱིས་ རྡུལ་ཕྲན་གྱི་ ཆིངས་ཡིག་གསརཔ་ཅིག་ བཟོ་དགོ་པའི་ནན་སྐུལ།

ཨཱལ་ཇ་ཟི་ར། ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཨི་རཱན་གྱི་ཁ་ཐུག་ལས་ རྡུལ་ཕྲན་ནུས་ཤུགས་ཀྱི་ ཆིངས་ཡིག་གསརཔ་ཅིག་ བཟོ་དགོ་པའི་ ནན་སྐུལ་ཐོག་ལས་ ཡི་གུ་བསྐྱལ་མི་ལུ་ ཨི་རཱན་གྱིས་ ལན་གསལ་ཅིག་ ཨོ་མཱན་བརྒྱུད་དེ་བསྐྱལ་ནུག།སྤྱི་ཟླ་ ༣ པའི་ཚེས་ ༢༧ ལུ་ ཨི་རཱན་གྱི་ ཕྱི་འབྲེལ་བློན་པོ་ ཨ་བཱཛཨ་རག་ཅི་གིས་ ཨི་རཱན་གྱི་ སྲིད་བྱུས་དེ་ ཨེབ་ཤུགས་དང་ དྲག་པོའི་ཉེ་ཁ་ཡོད་པའི་ གནས་སྟངས་ནང་ ཐད་ཀར་དུ་ འགྲིག་ཆ་བཟོ་ནི་མེདཔ་སྦེ་ཡོད་རུང་ ཐད་ཀར་མིན་པའི་སྒོ་ལས་ འགྲིག་ཆ་ཚུ་ འཕྲོ་མཐུད་ཚུགས་ཟེར་ཨིན་པས།སྤྱི་ལོ་ ༢༠༡༥ ལུ་ སྲིད་འཛིན་ཊཱམ་དེ་ སྲིད་འཛིན་གྱི་ གནས་ཡུན་དང་པའི་སྐབས་ལུ་ ཨི་རཱན་གྱི་ ཉོག་འཛིང་ཅན་གྱི་ རྡུལ་ཕྲན་ནུས་ཤུགས་ཀྱི་ལཱ་ཚུ་ མཐོ་ཚད་བཀལ་ཏེ་ ཚོང་འབྲེལ་བཀག་དམ་ གུ་ཡངས་འབད་བའི་ཁར་ ཡུ་ཨེཛ་གི་ དམག་མི་ཚུ་ཡང་ ཕྱིར་བཏོན་འབད་ནུག།ཨིན་རུང་ སྤྱི་ལོ་ ༢༠༡༨ ལས་ ཚོང་འབྲེལ་བཀག་དམ་ཚུ་ ལོག་སྟེ་ར་འབད་ཡོདཔ་ལས་ ཨི་རཱན་གྱིས་ རྫས་བམ་ཚུ་ བཟོ་ནིའི་དོན་ལུ་ རྒྱུ་དངོས་ཚུ་ བསྡུ་གསོག་འབད་དེ་ཡོད་རུང་ རྫས་བམ་བཟོ་ནི་ལུ་ བརྩོན་ཤུགས་མ་བསྐྱེདཔ་སྦེ་ […]

World News

ཨཱཛ་ཊེ་ལི་ཡའི་མངའ་སྡེ་ ཀུ་ཡིནཛ་ལེན་ལུ་ ཆུ་རུད་ཀྱིས་གནོད་སྐྱོན།

སི་ཨེན་ཨེན། ཨཱཛ་ཊེ་ལི་ཡའི་མངའ་སྡེ་ ཀུ་ཡིནཛ་ལེན་ལུ་ སྔོན་ཆད་མ་བྱུང་པའི་ ཆར་ཤུགས་ལུ་བརྟེན་ཏེ་ ས་ཆ་ལེ་ཤ་ཅིག་ར་ ཆུ་གིས་གང་སྟེ་ཡོདཔ་ལས་ སྣུམ་འཁོར་ཚུ་ འགྲུལ་བསྐྱོད་འབད་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས། .ཆར་ཆུ་དེ་གིས་ གཙང་ཆུ་ཚུ་བྲེས་ཏེ་ གཙང་ཆུའི་སྦོ་ལོགས་ཁར་ སྡོད་མི་ཚུ་ སྤོ་འགྱོ་དགོཔ་ བྱུང་ཡོདཔ་མ་ཚད་ མངའ་སྡེའི་འགོ་དཔོན་ཚུ་གིས་ ས་ཞིང་དང་ སྒོ་ནོར་ ལོ་ཐོག་ཚུ་ལུ་ གནོད་པ་འབྱུང་ནི་ཨིན་པའི་སྐོར་ལས་ ཉེན་བརྡ་ཚུ་ཡང་སྤེལ་ནུག།སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ ཀུ་ཡིནཛ་ལེན་གྱི་ གཙོ་འཛིན་བློན་པོ་ ཌེ་བིཌ་ ཀི་རིཛ་ཕུ་ལི་གིས་ དུས་ཚོད་མིན་པའི་ ཆར་ཤུགས་ལུ་བརྟེན་ཏེ་ ཇཱན་ཌ་དང་ སི་ཊཱོན་ཧེན་ཇི་ ཝིན་ཌོ་ར་ཟེར་མི་ ཁྲོམ་སྡེ་ཚུ་ནང་ དཀའ་ངལ་ཐོན་ཏེ་ཡོད་པའི་ཁར་ སོ་ནམ་ཞིང་ལཱ་ལུ་ཡང་ གནོད་པ་ཡོདཔ་ལས་ མངའ་སྡེའི་ཁ་ཐུག་ལས་ རྒྱབ་སྐྱོར་ཚུ་འབད་ནི་ལུ་ ཁས་ལེན་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས།དེ་བཟུམ་མའི་ ཆར་རླུང་དང་ ཆར་ཤུགས་ཚུ་ ས་སྣུམ་སྤྱོད་མི་ལས་ཐོན་པའི་ བཙོག་རླུང་གིས་ འཛམ་གླིང་ནང་ དྲོད་ཤུགས་ཡར་སེང་ འགྱོ་དོ་ཡོདཔ་ལས་ གནམ་གཤིས་གནས་སྟངས་ཀྱི་ དཀའ་ངལ་ཡང་ ཚད་ལས་རྒལ་ཏེ་ འཐོན་དོ་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

National News

ཆེ་མཐོ་ཁྲིམས་འདུན་ལས་ བསོད་ནམས་ནོར་བུ་ལུ་ ཉེས་ཁྲིམས་ཚེ་བཙོན།

སྤྱི་ལོ་ ༢༠༢༣ ལོར་ སྐྱེས་ལོ་ ༣༩ འབད་མི་ བསོད་ནམས་ནོར་བུ་དེ་ སྐྱེས་ལོ་ ༢༤ འབད་མི་ རྣམ་རྒྱལ་སྒྲོལ་དཀར་ དམར་བསད་འབད་བའི་ དོགས་ཟོན་ཐོག་ལུ་ འཛིན་བཟུང་འབད་བའི་ཤུལ་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ཞིབ་དཔྱད་ཚུ་འབད་དེ་ རྩོད་བཤེར་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཕུལ་ཡོདཔ་ཨིན་པས།རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་བཤེར་དེ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་ལུ་ ཕུལ་བའི་ཤུལ་ལས་ ཉེས་དོགས་པ་དེ་ལུ་ ལོ་ངོ་ ༡༥ དེ་ཅིག་གི་ བཙོན་ཁྲིམས་བཀལ་ནུག།ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཞུ་ཡོདཔ་བཞིན་དུ་ ཆེ་མཐོ་ཁྲིམས་འདུན་ལས་ ཞིབ་དཔྱད་ཚུ་ མཐིལ་ཕྱིན་མཛད་པའི་སྐབས་ལུ་ ཉེས་དོགས་པ་གིས་ སྔོན་གོང་ལས་ དམར་བསད་ཀྱི་ ཀུན་སློང་ཐོག་ལུ་ ཚེ་འདས་རྣམ་རྒྱལ་སྒྲོལ་དཀར་དེ་ དམར་བསད་འབད་ཡོད་པའི་ སྒྲུབ་བྱེད་ཚུ་ ཐོབ་ཡོདཔ་སྦེ་ཨིན་པས།དེ་འབདཝ་ལས་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༣ པའི་ཚེས་ ༢༧ ལུ་ ཆེ་མཐོའི་ཁྲིམས་འདུན་ལས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ལུ་ སྒྱུར་བཅོས་གནང་སྟེ་ […]

Online now: 26 Today: 2645 Total visitors: 2645