ArchiveAboutContact
National News

ཧཱཌ་སཱན་ཝེ་ལི་ རེ་ནེ་གེཌ་སྡེ་ཚན་གྱི་ འགོ་འདྲེན་ཐོག་ལུ་ འབྲུག་གི་བཱེཛ་བཱོལ་རྩེ་མི་ཚུ་ ཡུ་ཨེཛ་ལུ་འགྲུལ་བསྐྱོད།

· 1 min read

ཡུ་ཨེཛ་ལུ་ཡོད་མི་ ཧཱཌ་སཱན་ཝེ་ལི་ རེ་ནེ་གེཌ་ཟེར་མི་ སྡེ་ཚན་གྱིས་ མགྲོན་བརྡ་འབདཝ་བཞིན་དུ་ འབྲུག་ལས་ བཱེཛ་བཱོལ་རྩེ་མི་ ན་གཞོན་ ༡༢ ཀྱིས་ ཡུ་ཨེཛ་ལུ་ འགོ་དང་པ་ དྲན་སེམས་ཅན་གྱི་ འགྲུལ་བསྐྱོད་འབད་ཡོདཔ་ཨིན་པས།
འབྲུག་གི་བཱེཛ་བཱོལ་དང་ སོཕ་བཱོལ་རྩེ་མི་ སྡེ་ཚན་དེ་ ཁྱད་ཆོས་ཅན་གྱི་ ལམ་སྲོལ་བརྗེ་སོར་གྱི་ ལས་རིམ་ཐོག་ལས་ ཨ་མི་རི་ཀའི་ དལ་ཉམས་ཀྱི་རྩེདམོ་ བཱེཛ་བོལ་དང་འབྲེལ་ཏེ་ གྲལ་གཏོགས་འབད་ནིའི་དོན་ལུ་ གདམ་ཁ་རྐྱབ་ནུག།
དེ་བཟུམ་མའི་ བལྟ་སྐོར་གྱི་ གོ་སྐབས་དེ་གིས་ ན་གཞོན་ཚུ་ལུ་ རེ་ནེ་གེཌ་གི་ རྩེད་ཐང་ནང་ བཱེཛ་བཱོལ་རྩེ་ནི་དང་འབྲེལ་ཏེ་ བལྟ་བྱ་མཐོང་བྱའི་ ཉམས་མྱོང་ཚུ་འཐོབ་ནི་ཨིན་པའི་ཁར་ འབྲུག་གི་སྔར་ཁྱུན་ལམ་སྲོལ་བཟང་པོ་ཚུ་ ཡུ་ཨེཛ་གི་ མི་སེར་ཚུ་ལུ་སྟོན་མི་ ངོ་ཚབ་སྦེ་ཡང་ཨིན་པས།
ན་གཞོན་ཚུ་ཡང་ ཐིམ་ཕུ་ལས་ཨིནམ་ད་ ཁོང་ག་ར་ དེ་བཟུམ་མའི་ གོ་སྐབས་ནམ་འཐོབ་འོང་ག་ཟེར་ རེ་བ་བསྐྱེད་དེ་ སྡོད་ཡོདཔ་ད་ ད་རེས་ ཁོང་ཆ་ཁྱབ་ ཡུ་ཨེཛ་ལུ་ འགྱོ་ནི་ཐོབ་མི་དེ་ རྒྱལ་ཁབ་ཀྱི་ ཕྱི་ཁར་འགྱོ་ནི་ འགོ་དང་པ་ཨིནམ་ལས་ སྤྲོ་བ་སྦོམ་སྦེ་ར་བྱུང་ནུག།
ཡུ་ཨེཛ་ལུ་ སྡོད་པའི་རིང་ལུ་ ཁོང་གིས་ འབྲུག་ལུ་ ཡོངས་གྲགས་ཐལ་དོ་ཡོད་མི་ བཱེཛ་བོལ་རྩེདམོ་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིནམ་ད་ དེ་བསྒང་ ཁོང་ཆ་ཁྱབ་ཀྱིས་ བཱེཛ་བོལ་རྩེ་མི་ཚུ་དང་ འབྲེལ་བ་འཐབ་སྟེ་ རྩེདམོ་རྩེ་ཐངས་ཀྱི་སྐོར་ལས་ ཉམས་མྱོང་ཚུ་ འཐོབ་ནི་ཨིནམ་མ་ཚད་ ཨ་མི་རི་ཀའི་ བཱེཛ་བོལ་རྩེད་ཐང་ཡང་ དངོས་སུ་སྦེ་ མཐོང་ཚུགས་ནི་ཨིན་པས།
དེ་མ་ཚད་ ཧཱཌ་སཱན་ཝེ་ལི་ རེ་ནེ་གེཌ་སྡེ་ཚན་གྱིས་ ན་གཞོན་ཚུ་ ངལ་སངས་ཀྱི་དོན་ལུ་ ལས་རིམ་མ་འདྲཝ་ལེ་ཤ་ཅིག་ བརྩམས་ཏེ་ཡོདཔ་ལས་ ཁོང་ཆ་ཁྱབ་ཀྱིས་ ཧཱཌ་སཱན་ཆུ་གཞོང་གི་ མཛེས་བཀོད་བལྟ་ནི་དང་ ས་གནས་ཀྱི་ དུས་སྟོན་ཚུ་ནང་ གྲལ་གཏོགས་འབད་ནི་ དེ་ལས་ བཱེཛ་བོལ་རྩེ་མི་ཚུ་དང་ འབྲེལ་བ་འཐབ་སྟེ་ རང་སོའི་ལམ་སྲོལ་གྱི་སྐོར་ལས་ གོ་རྟོགས་ཡར་དྲག་གཏང་ནི་དང་ འབྲེལ་དོན་ཅན་གྱི་ འཚོལ་ཞིབ་ཚུ་ཡང་ འབད་ཚུགས་ནི་ཨིན་པས།
ཟག་བེཊ་ཀཝ་སི་ཀི་གིས་ ད་རེས་ འབྲུག་གི་དུས་སྟོན་འདི་ ག་ནི་བ་ཡང་ ཡ་མཚན་ཅན་སྦེ་ བརྩི་སྲུང་འབད་ནི་གི་ གོ་སྐབས་ཐོབ་ཡོདཔ་མ་ཚད་ འབྲུག་གི་སྒྱུ་རྩལཔ་དང་ འགོ་དཔོན་ཚུ་ཡང་ ཡུ་ཨེཛ་ལུ་ འོང་ནི་དེ་ ཚེ་ཐེངས་གཅིག་ནང་ གོ་སྐབས་ཐེངས་གཅིག་ར་ཨིན་ཟེར་བཤད་ནུག།
ད་རུང་ ཁོ་གིས་འབད་བ་ཅིན་ ཁོང་ག་ར་ མཉམ་འབྲེལ་ཐོག་ལས་ འབྲུག་མི་ཚུ་གི་དོན་ལུ་ ས་གནས་དང་ རྒྱལ་སྤྱིའི་བཱེཛ་བཱོལ་ མི་སྡེ་ཚུ་གི་སྐོར་ལས་ གོ་བ་ཁ་གསལ་སྦེ་ སྤྲོད་ཚུགས་ནི་དང་ ད་ཚུན་ བཱེཛ་བཱོལ་གྱི་རྩེདམོ་དེ་ ཡོངས་གྲགས་བཟོ་ནི་ལུ་ མཐར་འཁྱོལ་བྱུང་ཡོདཔ་ལས་ ད་ལས་ཕར་ཡང་ ཧཱཌ་སཱན་ཝེ་ལི་ རེ་ནེ་གེཌ་སྡེ་ཚན་དང་ འབྲུག་གི་བཱེཛ་བཱོལ་དང་ སོཕ་བཱོལ་ཚོགས་པའི་བར་ན་ དུས་རིང་མཉམ་འབྲེལ་གྱི་ རེ་བ་ཡོད་ཟེར་ཨིན་པས།
དེ་བཟུམ་མའི་ འབྱུང་རིམ་འདི་ འབྲུག་དང་ ཡུ་ཨེཛ་གི་བར་ན་ ཡར་འཕེལ་ཅན་གྱི་ མཐུན་ལམ་གྱི་ བརྡ་མཚོན་ཅིག་ཨིནམ་ད་ ན་གཞོན་ཚུ་ རྒྱལ་ཁབ་ནང་ ལོག་ལྷོདཔ་ད་ བཱེཛ་བཱོལ་ལུ་ དང་འདོད་འཐེབ་ བསྐྱེད་ནི་ཨིནམ་མ་ཚད་ དུས་ནམ་ཡང་ བརྗེད་པར་ཕངས་པའི་ དྲན་སེམས་དང་ རྒྱལ་སྤྱིའི་གནས་རིམ་ནང་ འབྲུག་གི་ངོ་ཚབ་འབད་ཡོད་པའི་ དཔའ་ཉམས་ཚུ་ཡང་ བསྐྱེད་ཚུགས་ནི་ཨིན་པས་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
འབྲུག་གི་ན་གཞོན་ཚུ་ ཡུ་ཨེཛ་ལུ་ འགྱོ་ཚུགས་མི་དེ་ ང་བཅས་རའི་ ས་མཚམས་ཀྱི་ཕྱི་ཁར་ ལམ་སྲོལ་གྱི་ འབྲེལ་བ་བཙན་ཐབས་དང་ རྩེད་འགྲན་གྱི་ སེམས་ཤུགས་གོང་འཕེལ་ནང་ གལ་གནད་ཆེ་བའི་ གོམ་པ་མདུན་སྤོའི་ འབྱུང་རིམ་ཅིག་ཡང་ཨིན་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོའི་ གྲོལ་སྟོན་ལུ་ བཀའ་དབང་གནང་ཡོདཔ།

རང་ཟླ་ ༨ པའི་ཚེས་ ༢༨ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ དད་ལྡན་མི་དམངས་ཡོངས་ལུ་ བླ་མ་གསང་འདུས་ཀྱི་ བཀའ་དབང་དང་ མཐའ་རྟེན་ཚེ་དབང་དང་བཅས་པ་གནང་ཡི། དེ་ཡང་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་སྦེ་ སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཉིན་གྲངས་ ༧ གྱི་རིང་ལུ་ བུམ་ཐང་མཁར་ཆུ་གྲྭ་ཚང་གི་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ ཨོ་རྒྱན་མཧཱ་གུ་རུའི་ ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོ་ བསགས་གནང་པའི་ གྲོལ་སྟོན་དང་འབྲེལ་ཏེ་ གནང་ཡོདཔ་ཨིན་པས། མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱིས་ འགོ་འདྲེན་ཐོག་ལུ་ ཚོགས་གནང་མི་ ལོ་བསྟར་གསོབ་འདེབས་འབུམ་ཕྲག་ ཐེངས་ ༡༣ པ་དེ་ནང་ སྒོམ་ཆེན་དང་ ཨ་ནེམོ་ དད་ལྡན་སེར་སྐྱ་ཕོ་མོ་ཚུ་ཡང་ སྟོང་ཕྲག་ལེ་ཤ་ཅིག་ སྤུངས་འཛོམས་འབད་ཡོད་པའི་གནས་ཚུལ།

gyalchi
National News

དངུལ་ཕོགས་ལྷན་ཚོགས་བདུན་པ་ གཞི་བཙུགས་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ ཐེངས་ ༣༢ པའི་ནང་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའ་རྒྱ་སྤྱི་བོར་ཕེབས་དོན་ལྟར་དུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ ཆ་གནས་ཡོད་པའི་ དངུལ་ཕོགས་ལྷན་ཚོགས་ ༧ པ་དེ་ གཞི་བཙུགས་གནང་ཡོདཔ་སྦེ་གསུངས་ཡི། ལྷན་ཚོགས་དེ་གི་ ཁྲི་འཛིན་ཡང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིག་འཛིན་ བསྐོ་བཞག་གནང་ཡོདཔ་ད་ དངུལ་ཕོགས་ལྷན་ཚོགས་ ༦ པ་དེ་ སྤྱི་ལོ་ ༢༠༢༣ ལུ་ གཞི་བཙུགས་གནང་ཡོདཔ་ཨིན་པས། དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ པའི་ནང་ དུས་དང་དུས་ལུ་ བློན་ཆེན་གྱི་ རྒྱབ་སྣོན་ཐོག་ལས་ རང་དབང་ཅན་གྱི་ དངུལ་ཕོགས་ལྷན་ཚོགས་རེ་ གཞི་བཙུགས་འབད་དགོ་ཟེར་བའི་ དགོངས་དོན་དང་འཁྲིལ་ཏེ་ གཞི་བཙུགས་གནང་ནུག། འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ […]

gyalchi
Online now: 26 Today: 1612 Total visitors: 4289