ArchiveAboutContact
National News

རྒྱ་འབྲུག་གི་ ཕྱི་འབྲེལ་བློན་པོ་ ༢ ཀྱིས་ལས་འགུལ་ཁག་ ༣ འགོ་འབྱེད།

gyalchi · 1 min read

སྤྱི་ཟླ་ ༤ པའི་ཚེས་ ༢༩ ལུ་ ཕྱི་ འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་ དང་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ ཊར་ཨེཛ་ ཇའི་ཤང་ཀར་གྱིས་ རྒྱ་གར་ གྱི་ གྲོགས་རམ་ཐོག་ལས་ མཇུག་བསྡུ་ མི་ ལས་འགུལ་ཁག་ ༣ འགོ་འབྱེད་ འབད་ཡི། ཌོག་ཊར་ཇའི་ཤང་ཀར་དེ་ ཁྱིམ་ ཚང་ཚུ་དང་ ངོ་རྐྱང་སྦེ་ འབྲེལ་འཛིན་ འབད་མིའི་ ལས་རིམ་ཐོག་ལུ་ ཁྱིམ་ མཚེས་རྒྱལ་ཁབ་ཚུ་ནང་ ལྟ་སྐོར་འབད་ བའི་བསྒང་ཨིནམ་ད་ འབྲུག་ལུ་ མ་འོང་ པའི་ཧེ་མར་ སྤྱི་ཟླ་ ༤ པའི་ཚེས་ ༢༨ ལུ་ བང་ལ་དེཤ་ རྒྱལ་ཁབ་ནང་ ལྟ་སྐོར་འབད་ནུག། ཌོག་ཊར་ཨེཛ་ ཇའི་ཤང་ཀར་གྱིས་ ཕྱི་འབྲེལ་བློན་པོའི་ གོ་གནས་ཐོག་ལུ་ འབྲུག་རྒྱལ་ཁབ་ནང་ གཞུང་འབྲེལ་ལྟ་ སྐོར་ལུ་ འགོ་དང་པ་ར་ སྤྱི་ལོ་ ༢༠༡༩ ལོར་ འོང་ཡོདཔ་ཨིན་པས། ད་རེས་ ལྟ་སྐོར་ཐེངས་ ༢ པའི་ ནང་ ཌོག་ཊར་ཇའི་ཤང་ཀར་གྱིས་ ཐིམ་ ཕུ་ཆུ་བར་ཆུ་དང་ འབྱུང་བཞི་ནང་གི་ བཞི་སྦྲེལ་འཁོར་ལམ་དང་ བ་འཇོ་-ཁུ་ རུ་ཐང་གི་ གཞུང་ལམ་ ༢ པ་ དེ་ལས་ བུམ་ཐང་ལུ་ མི་མང་སྐྱེལ་འདྲེན་བཱཛ་ ཐོན་འཛུལ་ཁང་དེ་ གཞུང་འབྲེལ་ཐོག་ ལས་ འགོ་འབྱེད་འབད་ནུག།

 དེ་ལས་ མི་དབང་མངའ་བདག་ རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་ རྒྱལ་བཞི་པ་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་མ་ཚད་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་དང་ཡང་ མཇལ་ཕྲད་ཞུ་ཡི། ཕྱི་འབྲེལ་བློན་པོའི་ ཕྱག་ཞུ་སྟེ་ རྒྱ་ གར་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ ཆེ་ མཐོའི་འགོ་དཔོན་ཚུ་ འོང་ཡོདཔ་ད་ ནད་ཡམས་ཀོ་ཝིཌ་-༡༩ ཐོན་ཞིནམ་ ལས་ཚུར་ ད་རེས་ རྒྱལ་ཁབ་ནང་ ཆེ་ མཐོའི་གནས་རིམ་ནང་ལས་ གཞུང་ འབྲེལ་ལྟ་སྐོར་ལུ་ འོང་མི་དེ་ འགོ་དང་ པ་ཨིན་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ནང་ བཀོད་ནུག།

ཕྱི་འབྲེལ་བློན་པོའི་ ལྟ་སྐོར་དེ་ཡང་ འབྲུག་དང་ རྒྱ་གར་གྱི་བར་ན་ སྔོན་དང་ ཕུ་ལས་ ཆེ་མཐོའི་གནས་རིམ་གྱི་ འགོ་ དཔོན་ཚུ་གིས་ དུས་རྒྱུན་དུ་ གཞུང་ འབྲེལ་ལྟ་སྐོར་ བརྗེ་སོར་གྱི་ ལམ་ ལུགས་གཞི་བཙུགས་འབད་མི་དང་ འཁྲིལ་ཏེ་ཨིན་པས། ཕྱི་འབྲེལ་བློན་པོའི་ ལྟ་སྐོར་ལུ་ བརྟེན་ཏེ་ རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་ བར་ན་ མཛའ་བཤེས་མཐུན་ལམ་དང་ མཉམ་འབྲེལ་དམ་ཟབ་ཡོད་མི་དེ་ ལྷག་ པར་དུ་ རྩ་བརྟན་འགྱོ་བའི་ བློ་གཏད་ ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོའི་ གྲོལ་སྟོན་ལུ་ བཀའ་དབང་གནང་ཡོདཔ།

རང་ཟླ་ ༨ པའི་ཚེས་ ༢༨ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ དད་ལྡན་མི་དམངས་ཡོངས་ལུ་ བླ་མ་གསང་འདུས་ཀྱི་ བཀའ་དབང་དང་ མཐའ་རྟེན་ཚེ་དབང་དང་བཅས་པ་གནང་ཡི། དེ་ཡང་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་སྦེ་ སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཉིན་གྲངས་ ༧ གྱི་རིང་ལུ་ བུམ་ཐང་མཁར་ཆུ་གྲྭ་ཚང་གི་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ ཨོ་རྒྱན་མཧཱ་གུ་རུའི་ ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོ་ བསགས་གནང་པའི་ གྲོལ་སྟོན་དང་འབྲེལ་ཏེ་ གནང་ཡོདཔ་ཨིན་པས། མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱིས་ འགོ་འདྲེན་ཐོག་ལུ་ ཚོགས་གནང་མི་ ལོ་བསྟར་གསོབ་འདེབས་འབུམ་ཕྲག་ ཐེངས་ ༡༣ པ་དེ་ནང་ སྒོམ་ཆེན་དང་ ཨ་ནེམོ་ དད་ལྡན་སེར་སྐྱ་ཕོ་མོ་ཚུ་ཡང་ སྟོང་ཕྲག་ལེ་ཤ་ཅིག་ སྤུངས་འཛོམས་འབད་ཡོད་པའི་གནས་ཚུལ།

gyalchi
National News

དངུལ་ཕོགས་ལྷན་ཚོགས་བདུན་པ་ གཞི་བཙུགས་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ ཐེངས་ ༣༢ པའི་ནང་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའ་རྒྱ་སྤྱི་བོར་ཕེབས་དོན་ལྟར་དུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ ཆ་གནས་ཡོད་པའི་ དངུལ་ཕོགས་ལྷན་ཚོགས་ ༧ པ་དེ་ གཞི་བཙུགས་གནང་ཡོདཔ་སྦེ་གསུངས་ཡི། ལྷན་ཚོགས་དེ་གི་ ཁྲི་འཛིན་ཡང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིག་འཛིན་ བསྐོ་བཞག་གནང་ཡོདཔ་ད་ དངུལ་ཕོགས་ལྷན་ཚོགས་ ༦ པ་དེ་ སྤྱི་ལོ་ ༢༠༢༣ ལུ་ གཞི་བཙུགས་གནང་ཡོདཔ་ཨིན་པས། དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ པའི་ནང་ དུས་དང་དུས་ལུ་ བློན་ཆེན་གྱི་ རྒྱབ་སྣོན་ཐོག་ལས་ རང་དབང་ཅན་གྱི་ དངུལ་ཕོགས་ལྷན་ཚོགས་རེ་ གཞི་བཙུགས་འབད་དགོ་ཟེར་བའི་ དགོངས་དོན་དང་འཁྲིལ་ཏེ་ གཞི་བཙུགས་གནང་ནུག། འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ […]

gyalchi
Online now: 17 Today: 2664 Total visitors: 2664