བི་བི་སི།
སྤྱི་ཟླ་ ༩ པའི་ཚེས་ ༡༨ ལུ་ པ་ཀིཛ་ཏཱན་གྱི་ ནུབ་བྱང་ཁ་ཐུག་ལུ་ ཁྲིམ་སྲུང་འགག་སྡེའི་ ས་ཁོངས་ནང་ཡོད་མི་ ཁ་ཆེའི་ལྷ་ཁང་ཅིག་ལུ་ རྫས་བམ་འབག་མི་ སྣུམ་འཁོར་ཅིག་གིས་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༢༡ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།
དེ་ཡང་ ཁི་བཱར་པག་ཏཱུན་ཁེ་ཝ་མངའ་སྡེའི་ ཀོ་ཧཱཊ་ཁྲོམ་སྡེ་ལུ་ ཁྲིམས་སྲུང་འགག་སྡེའི་ མཐུན་རྐྱེན་ས་ཁོངས་ནང་ རང་སྲོག་བཅད་ཐོག་ལུ་ རྫས་བམ་འགས་བཅུག་ མིའི་ནང་ ཤི་རྐྱེན་བྱུང་མི་ཚུ་གི་གྲས་ཁར་ ཁྲིམ་སྲུང་འགག་སྡེའི་ འགོ་དཔོན་ ༡༥ དང་ སྐྱེས་ལོ་ ༤ འབད་མི་ ཨ་ལུ་ཅིག་ཡང་ཡོདཔ་སྦེ་བཀོད་ནུག།



