ArchiveAboutContact

Category: World News

World News

རྒྱ་ནག་གི་ ཨམ་སྲུ་ཅིག་གིས་ རྨག་པའི་མགོ་སྐོར་བཀག་ཐབས་ལུ་ ཚ་བོའི་སློབ་སྦྱོང་གི་འཐུས་ ལག་ལེན་འཐབ་སྟེ་ གཉེར་མའི་སྨན་བཅོས།

ཨེན་ཌི་ཊི་ཝི། རྒྱ་ནག་གི་ ཨམ་སྲུ་ཅིག་གིས་ རྒྱ་ནག་གི་ཏི་རུ་ ཡཱོན་ ༦༢,༠༠༠ འབདཝ་ད་ རྒྱ་གར་གྱི་ཪུ་པི་ ཧ་ལམ་འབུམ ༧.༥ དེ་ཅིག་གི་རྩིས་ གཉེར་མ་མེདཔ་བཟོ་ནི་གི་ སྨན་བཅོས་ཀྱི་དོན་ལུ་ ཟད་འགྲོ་བཏང་མི་དེ་ རྣམ་རྟོག་ལང་སི་སི་ཅིག་ལུ་ གྱུར་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ རྒྱ་ནག་གི་གསར་ཤོག་ ཨེཛ་སི་ཨེམ་པི་ནང་ སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ མོ་ལུ་ སྨན་བཅོས་དེ་གིས་ ཁ་རྗེ་ངན་པ་དང་ རྨག་པ་གིས་ མགོ་སྐོར་རྐྱབ་ནི་ལས་ བཀག་ཚུགས་ནི་ཨིན་པའི་ ཡིད་ཆེས་བསྐྱེད་བཅུག་པའི་ཤུལ་ལུ་ སྨན་བཅོས་འབད་ཡོདཔ་སྦེ་བཤད་ནུག ཧེ་ནན་མངའ་སྡེ་ལས་ ཨམ་སྲུ་ཙུའི་ཟེར་མི་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་ར་ སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ སྨན་བཅོས་ལྟེ་བར་འགྱོཝ་ད་ སྨན་བཅོས་ལྟེ་བའི་ ཇོ་བདག་དང་ ཚོང་མགྲོན་པ་ཅིག་གིས་ པགས་ཀོའི་གཤག་བཅོས་ཁང་གི་ སྦོ་ལོགས་ཁར་ཁྱིད་དེ་ མཛེས་ཆའི་སྨན་བཅོས་འབད་དགོ་པའི་ ནན་སྐུལ་འབདཡི་ཟེར་ཨིན་པས། སྨན་ཁང་ནང་ གྲོས་བསྟུན་འབད་བའི་སྐབས་ལུ་ མོ་གི་གདོང་གུ་ གཉེར་མ་ལེ་ཤ་ཡོད་ནི་དེ་གིས་ […]

World News

ནིའུ་ཡོག་ལུ་ སྣུམ་འཁོར་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ མི་གྲངས་ ༥ ལུ་ཤི་རྐྱེན།

བི་བི་སི།སྤྱི་ཟླ་ ༨ པའི་ཚེས་ ༢༣ ལུ་ ནིའུ་ཡོག་གི་ ཁྲིམས་སྲུང་འགག་སྡེ་གིས་ འབད་བ་ཅིན་ ནུབ་ཕྱོགས་ནིའུ་ཡོག་ལུ་ བལྟ་བཤལ་པའི་ སྣུམ་འཁོར་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།དེ་ཡང་ ཡུ་ཨེཛ་དང་ ཀེ་ན་ཌའི་ས་མཚམས་ ནི་ཡ་ག་ར་ ཕཱོལ་ཟེར་ས་ལས་ ནིའུ་ཡོག་ཁྲོམ་སྡེའི་ནང་ ལོག་པའི་སྐབས་ལུ་ བྱུང་ཡོདཔ་ད་ དེ་བསྒང་ སྣུམ་འཁོར་བཱཛ་དེ་ནང་ རྒྱ་གར་དང་ རྒྱ་ནག་ ཕི་ལི་པིན་ རྒྱལ་ཁབ་ཁག་གི་ བལྟ་བཤལཔ་ཚུ་ཡོདཔ་སྦེ་ ཁྲིམས་སྲུང་འགག་སྡེ་གིས་ གསལ་བཤད་འབད་ནུག།སྣུམ་འཁོར་བཱཛ་དེ་ནང་ སྐྱེས་ལོ་ ༡ ལས་ ༧༤ གི་བར་ན་འབད་མི་ འགྲུལ་པ་ ༥༢ སྡོད་ཡོདཔ་ད་ དེ་སྦེ་ ཐུག་རྐྱེན་བྱུང་པའི་སྐབས་ལུ་ འགྲུལ་པ་ལ་ལོ་ཅིག་ ཕྱི་ཁར་བཏོན་བཏང་ཡོད་རུང་ འགྲུལ་པ་ལ་ལོ་ཅིག་ དུས་ཡུན་ལེ་ཤ་ཅིག་གི་རིང་ལུ་ ཆག་དཀྲུམས་འབད་མི་ རག་རོའི་ནང་ ལུས་སོང་ནུག་ཟེར་ཨིན་པས།ཁྲིམས་སྲུང་འགག་སྡེ་གིས་ ཐུག་རྐྱེན་དེ་ དེད་གཡོགཔ་གིས་ སྣང་མེད་ལུ་བརྟེན་ཏེ་ བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ཨིནམ་ད་ རྨ་སྐྱོན་བྱུང་མི་ཚུ་ […]

World News

ལྷོ་ཀོ་རི་ཡའི་ སྲིད་འཛིན་གྱིས་ རྒྱ་པཱན་ལུ་ གཟིགས་སྐོར་ཐེངས་དང་པ།

རོའི་ཊརཛ། སྤྱི་ཟླ་ ༨ པའི་ཚེས་ ༢༣ ལུ་ ལྷོ་ཀོ་རི་ཡའི་སྲིད་འཛིན་ ལི་ཇི་མི་ཡུང་མཆོག་ རྒྱ་པཱན་ལུ་ བྱོན་ཡོདཔ་བཞིན་དུ་ རྒྱ་པཱན་གྱི་བློན་ཆེན་ ཤི་གེ་རུ་ ཨི་ཤི་བཱ་དང་གཅིག་ཁར་ མཇལ་ཕྲད་མཛད་དེ་ ཉེན་སྲུང་མཉམ་འབྲེལ་གྱི་སྐོར་ལས་ དབུ་ཁྲིད་ཞལ་འཛོམས་ཅིག་ ཚོགས་གནང་ནག། དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་དང་ མཇལ་ཕྲད་མ་མཛད་པའི་ཧེ་མར་ རྒྱ་པཱན་ལུ་ བྱོན་ཡོདཔ་ད་ ལྷོ་ཀོ་རི་ཡའི་སྲིད་འཛིན་ ལི་ཇི་མི་ཡུང་མཆོག་གིས་ གཞུང་སྐྱོང་འགོ་བཙུགས་པའི་ཤུལ་ལས་ རྒྱ་པཱན་ལུ་ བྱོན་མི་དེ་ འགོ་དང་པ་ཨིན་པས། དེ་བསྒང་ རྒྱལ་ཁབ་ ༢ ཀྱི་ ཟུང་ཕྱོགས་མཐུན་འབྲེལ་དང་ ལྷོ་ཀོ་རི་ཡ་དང་ རྒྱ་པཱན་ ཡུ་ཨེཛ་བཅས་ཀྱི་ ཉེན་སྲུང་མཉམ་འབྲེལ་ བཙན་ཐབས་ཀྱི་སྐོར་ལས་ཡང་ གསུང་གྲོས་ཚུ་གནང་ནུག། འདས་པའི་བདུན་ཕྲག་ནང་ རྒྱ་པཱན་གྱི་ དཔོན་ཁག་ཚུ་ ཊོ་ཀི་ཡོ་ལུ་ འཛམ་གླིང་དམག་ཆེན་ ༢ པའི་ དྲན་རྟེན་སྦེ་བཞག་མི་ ལྷ་ཁང་ཅིག་ནང་ སོང་ཡོདཔ་ད་ […]

World News

ཡུ་ཨེཛ་གིས་ རྒྱལ་ཁབ་ནང་ འཛུལ་ཞུགས་ཆོག་ཐམ་ ས་ཡ་ ༥༥ བསྐྱར་ཞིབ་འབད་ནི།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༢ ལུ་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཕྱི་མི་ཚུ་གིས་ ནང་བསྐྱོད་ཚུལ་མཐུན་འབད་ཡོད་མེད་དང་ རྒྱལ་ཁབ་ནང་ སྡོད་རིང་ལུ་ གནས་ཚིག་ལས་ འགལ་བ་ཡོད་མེད་ཚུ་ བརྟག་དཔྱད་ཀྱི་དོན་ལས་ འཛུལ་ཞུགས་ཆོག་ཐམ་འཆང་མི་ ས་ཡ་ ༥༥ ལྷགཔ་ཅིག་གི་ རྒྱབ་རྟེན་ཡིག་ཆས་ཚུ་ བསྐྱར་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིན་པས། དེ་ཡང་ འཛུལ་ཞུགས་ཆོག་ཐམ་གྱི་ དུས་ཡུན་ལས་བརྒལ་ཏེ་ ཡུ་ཨེཛ་ལུ་ སྡོད་མི་དང་ མི་མང་གི་ ཉེན་སྲུང་ལུ་ ཉེན་ཁ་ཡོད་མི་ དྲག་ཐོག་དབང་བཙོང་གི་ སྡེ་ཚན་ཚུ་ལུ་ རྒྱབ་སྐྱོར་ཡོད་པའི་ བརྡ་སྟོན་རེ་ཡོད་པ་ཅིན་ ཆོག་ཐམ་ཆ་མེད་གཏང་ནི་ཨིནམ་སྦེ་བཀོད་ནུག། ད་ཚུན་གྱི་བར་ན་ ཕྱི་མི་ལེ་ཤ་ཅིག་ རྒྱལ་ཁབ་ནང་ལས་ བཏོན་བཏང་པའི་ཁར་ ཕྱི་རྒྱལ་ཁག་ལས་ ཡུ་ཨེཛ་ལུ་ འགྲུལ་བསྐྱོད་འབད་མ་ཆོགཔ་བཟོ་སྟེ་ སློབ་ཕྲུག་ ༦,༠༠༠ དེ་ཅིག་གི་ ཆོག་ཐམ་ཚུ་ཡང་ ཆ་མེད་བཏང་ཡོདཔ་ཨིན་པས། དེ་བཟུམ་མའི་ བསྐྱར་ཞིབ་དང་འབྲེལ་ཏེ་ ཡུ་ཨེཛ་གི་ མི་སེར་དང་ ལམ་སྲོལ་ ཡང་ཅིན་ གཞུང་ལུ་ ངལ་མ་རངས་པའི་ […]

World News

མཐའ་ཡས་ལེན་གྱི་ བློན་ཆེན་བགྲེསཔ་ ཐག་སིན་གྱིས་ བརྙས་བཅོས་འབད་མི་ཉེས་གྲོལ།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༢ ལུ་ བེང་ཀོག་ཁྲིམས་འདུན་ལས་ མཐའ་ཡས་ལེན་གྱི་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ནཱ་ཝ་ཏ་ར་གིས་ རྒྱལ་འཛིན་ལུ་ བརྙས་བཅོས་འབད་བའི་ ཁ་ཉེས་ཕོག་མི་དེ་ ཉེས་གྲོལ་བཏང་ནུག།དེ་ཡང་ ལོ་ངོ་ ༡༠ གི་ཧེ་མར་ ཁོ་གིས་ ལྷོ་ཀོ་རི་ཡའི་ གསར་ཤོག་ཅིག་ནང་ རྒྱལ་གཞུང་གི་སྐོར་ལས་ གསལ་བཤད་འབད་བའི་ ཉེས་འཛུགས་བཀལ་ཡོདཔ་ད་ གལ་སྲིད་ ཁོ་ལུ་ ཉེས་འཛུགས་དེ་ བཀལ་བ་ཅིན་ ལོ་ངོ་ ༡༥ གི་ བཙོན་ཁྲིམས་ཕོག་ནི་ཨིན་པས།མཐའ་ཡས་ལེན་གྱི་ ཁྲིམས་ལུགས་ནང་ རྒྱལ་འཛིན་ལུ་ བརྙས་བཅོས་འབད་མ་ཆོགཔ་སྦེ་ཡོད་རུང་ སྐྱོན་བརྗོད་འབད་མི་ཚུ་གིས་ རེ་ཚེ་སྐབས་ རྩོལ་འདོད་ཅན་དང་ སྲིད་དོན་གྱི་ རྒྱབ་འགལ་འབད་མི་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ ལག་ལེན་འཐབ་དོ་ཡོདཔ་སྦེ་བཀོད་ནུག།ཐག་སིན་ལུ་ ཉེས་འཛུགས་དེ་ སྤྱི་ལོ་ ༢༠༡༦ ལོར་ དམག་སྡེ་གཞུང་གིས་ མཐར་བཤུད་བཏང་མི་དང་འབྲེལ་ཏེ་ བཀལ་ཡོད་རུང་ འདས་པའི་ལོ་ནང་ ལོག་ལྷོད་པའི་ཤུལ་ལས་ ཁྲིམས་རྩོད་འབད་ནི་ འགོ་བཙུགས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཀོ་ལོམ་བི་ཡའི་ ནུབ་ཕྱོགས་ཁྲོམ་སྡེ་ ཀཱ་ལི་ལུ་ རྫས་བམ་འགས་བཅུག་མིའི་ནང་ མི་གྲིས་ ༥ ལུ་ ཤི་རྐྱེན་དང་ ལེ་ཤ་ཅིག་ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༢ ལུ་ ཀོ་ལོམ་བི་ཡའི་ ནུབ་ཕྱོགས་ཁྲོམ་སྡེ་ ཀཱ་ལི་ལུ་ སྣུམ་འཁོར་ཐོག་ལས་ རྫས་བམ་འགས་བཅུག་མིའི་ནང་ མི་གྲངས་ ༥ ལུ་ ཤི་རྐྱེན་དང་ ༣༦ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ དབང་འཛིན་ཚུ་གིས་ བཤདཔ་ཨིན་པས། རྫས་བམ་དེ་ ཁྲོམ་སྡེའི་བྱང་ཕྱོགས་ལུ་ཡོད་མི་ མཱར་ཀོ་ཕི་ཌཱིལ་ སུ་ཝ་རེཛ་ མཁའ་དམག་སློབ་གྲྭ་ལུ་ དམིགས་གཏད་བསྐྱེད་དེ་ འགས་བཅུག་ནུག་ཟེར་ ཁྲིམས་སྲུང་འགག་སྡེ་གིས་ སྙན་ཞུའི་ནང་ གསལ་བཀོད་འབད་ནུག། དེ་མ་ཚད་ སྤྱི་ཟླ་ ༨ པའི་ཚེས་ ༢༡ ལུ་ ཁྲིམས་སྲུང་འགག་སྡེའི་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་ལས་ ནུབ་བྱང་ཁྲོམ་སྡེ་ མི་ཌི་ལིན་གྱི་ཕྱི་ཁར་ མཐའ་ཟུར་གྱི་ ས་ཁོངས་ཅིག་ནང་ ཉུང་ཤོས་ར་ མི་གྲངས་ ༡༢ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས། དེ་བསྒང་ ས་གསན་དེ་ཁར་ མཐོང་མི་ཅིག་གིས་ ཀཱ་ལི་ཁྲོམ་ཁར་ སྣུམ་འཁོར་ཐོག་ལས་ རྫས་བམ་འགས་མི་དེ་གིས་ ཁྲོམ་ལམ་བདའ་སྟེ་ […]

World News

རྒྱ་ནག་གི་ ཕོ་སྐྱེས་ཅིག་གིས་ བྱང་ཀོ་རི་ཡ་ལུ་ གོ་མཚོན་ནག་ཚོང་འཐབ་པའི་ ཉེས་འཛུགས་ཐོག་ལུ་ ལོ་ངོ་ ༨ ཀྱི་བཙོན་ཁྲིམས།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ ཡུ་ཨེཛ་ཁྲིམས་དོན་ལས་ཁུངས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་ནག་གི་ མི་ཁུངས་ཅིག་གིས་ བྱང་ཀོ་རི་ཡ་ལུ་ གོ་མཚོན་དང་ དམག་ཆས་ཚུ་ ནག་ཚོང་འཐབ་པའི་ ཉེས་འཛུགས་ཐོག་ལུ་ ལོ་ངོ་ ༨ ཀྱི་ བཙོན་ཁྲིམས་བཀལ་ཡི་ཟེར་ཨིན་པས། དེ་ཡང་ སྐྱེས་ལོ་ ༤༢ འབད་མི་ ཤེང་ཧུ་ཝ་ཝེན་གྱིས་ ཀེ་ལི་ཕོར་ནི་ཡ་ལས་ ཅ་ཆས་ཚུ་ བསྐྱལ་བཏང་ནིའི་དོན་ལུ་ བྱང་ཀོ་རི་ཡའི་ འགོ་དཔོན་ཚུ་ལས་ ཌོ་ལར་ས་ཡ་ ༢ དེ་ཅིག་ ཐོབ་ཡོདཔ་སྦེ་བཀོད་ནུག། ཀེ་ལི་ཕོར་ནི་ཡ་མངའ་སྡེའི་  ས་གནས་ཨཱོན་ཊེ་རི་ཨོ་ལུ་སྡོད་མི་ ཤེང་ཧུ་ཝ་ཝེན་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ནང་ལས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཞག་ཡོདཔ་ད་ དུས་ཅི་ སྤྱི་ཟླ་ ༦ པའི་ནང་ ཁོ་གིས་ རྒྱལ་སྤྱི་གློ་བུར་དཔལ་འབྱོར་དབང་ཆའི་ བཅའ་ཁྲིམས་ལས་འགལ་བའི་ཁར་ ཕྱི་རྒྱལ་གཞུང་གི་ ཁྲིམས་འགལ་གྱི་ ངོ་ཚབ་ཅིག་ཡང་ཨིན་པའི་ ངོས་ལེན་འབད་ཡོདཔ་ཨིན་པས། […]

World News

ཨིཛ་རེལ་གྱིས་ གཱ་ཟ་ལུ་ཡོད་པའི་ ཁོང་གི་བཙོན་པ་ཚུ་ག་ར་ གཏང་དགོ་པའི་ མཁོ་འདོད་བཀོད་ཡོདཔ།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ ཨིཛ་རེལ་གྱི་ འགོ་དཔོན་ཅིག་གིས་ གཱ་ཟ་ལུ་ཡོད་མི་ ཨིཛ་རེལ་གྱི་བཙོན་པ་ ༥༠ པོ་ག་ར་ བཏང་དགོ་པའི་ མཁོ་འདོད་བཀོད་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡༨ ལུ་ ཧ་མཱཛ་གྱིས་ ཉིན་གྲངས་ ༦༠ གི་རིང་ལུ་ དམག་འཁྲུག་མཚམས་འཇོག་གི་ གྲོས་འཆར་གསརཔ་ བཀོད་མི་ལུ་ ངོས་ལེན་འབད་མི་འབད་ཀྱི་ དོགས་པ་ཡོད་ཟེར་ཨིན་པས། ཀ་ཊར་དང་ ཨི་ཇིབ་ཀྱིས་ བཙོན་པ་ཕྱེད་ཀ་དེ་ཅིག་ གཏང་དགོ་པའི་ གྲོས་འཆར་བཀོད་མི་དེ་ཡང་ ཧེ་མར་ ཡུ་ཨེཛ་གིས་ གྲོས་འཆར་བཀོད་མི་ལུ་ ཨིཛ་རེལ་གྱིས་ ངོས་ལེན་འབད་མི་དང་འཁྲིལ་ཏེ་ཨིནམ་སྦེ་ ཀ་ཊར་གྱིས་ གསལ་བཤད་འབད་ནུག། དེ་གི་སྐོར་ལས་ ཨིཛ་རེལ་གྱིས་ ཐད་ཀར་དུ་ ངོས་ལེན་མེདཔ་སྦེ་ མ་བཤད་རུང་ ཨིཛ་རེལ་གཞུང་གི་མགྲིན་ཚབ་ ཌེ་བིཌ་མེན་སར་གྱིས་འབད་བ་ཅིན་ ཆ་ཤས་ཅན་གྱི་འགྲིག་ཆ་ལུ་ ངོས་ལེན་མེད་ཟེར་ཨིནམ་ད་ དེ་ཡང་ ད་རེས་ གནས་སྟངས་ལུ་ འགྱུར་བ་ཐོན་ཏེ་ བློན་ཆེན་གྱིས་ […]

World News

རྒྱ་པཱན་ལུ་ སྐྱེས་ལོ་ ༩༣ འབད་མི་ ཨ་རྒས་ཅིག་ ཁོ་རའི་བུ་གིས་ དམར་བསད་འབད་ཡོདཔ།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༡ ལུ་ རྒྱ་པཱན་གྱི་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨ་རྒས་ཅིག་ དོམ་གྱིས་བསད་ཡོདཔ་སྦེ་ ཡིད་ཆེས་བསྐྱེད་ཡོད་རུང་ ད་རེས་འབདཝ་ད་ དོམ་གྱིས་མིན་པར་ ཁོ་རའི་བུ་གིས་ གྱི་གསོབ་སྟེ་ དམར་བསད་འབད་ནུག་ཟེར་ཨིན་པས། དེ་ཡང་ སྐྱེས་ལོ་ ༩༣ འབད་མི་ ཨ་རྒས་ཕུ་ཇི་ཡོ་ཤི་དེ་ དམར་བསད་འབད་བའི་ དོགས་པ་ལུ་བརྟེན་ཏེ་ སྐྱེས་ལོ་ ༥༡ འབད་མི་ ཕུ་ཇི་ཡོ་ཀི་ ཤིན་དོ་དེ་ ཨ་ཀི་ཏ་མངའ་སྡེའི་ བྱང་ཁ་ཐུག་ལས་ སྤྱི་ཟླ་ ༨ པའི་ཚེས་ ༡༩ ལུ་ འཛིན་བཟུང་འབད་ནུག། ཚེ་འདས་ཨ་རྒས་ཀྱི་ ཨམ་སྲུ་དེ་གིས་ ཁོ་གི་ཕུངམོ་དེ་ ས་ཁར་བརྒྱལ་ཏེ་ ཁྲག་འཛག་ཡོད་སར་ མཐོང་པའི་ཤུལ་ལུ་ ཁྲིམས་སྲུང་འགག་སྡེ་གིས་ དོམ་གྱིས་གནོདཔ་བཀལ་ཡོད་པའི་ ཉེན་བརྡ་ཚུ་ ཁྱབ་སྤེལ་འབད་ཡོད་རུང་ ཞིབ་དཔྱད་འབད་མི་ཚུ་གིས་ རྨ་ཤུལ་དེ་ གྱི་གིས་གསོབ་པའི་ རྨ་ཤུལ་ཨིནམ་སྦེ་ ངོས་འཛིན་འབད་ནུག་ཟེར་ཨིན་པས། མ་གཞི་ བྱང་ཕྱོགས་རྒྱ་པཱན་ལུ་ དོམ་ཡར་སེང་འགྱོཝ་སྦེ་ […]

World News

ཨི་རཱན་ལས་ ཕྱིར་བཏོན་བཏང་མི་ ཨཕ་གྷ་ནིཛ་ཏཱན་གྱི་ མི་སེར་ཚུ་ སྣུམ་འཁོར་ཐུག་རྐྱེན་ནང་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ ཏཱ་ལི་བཱན་གཞུང་གི་ བློན་པོ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨི་རཱན་ལས་ ཕྱིར་བཏོན་བཏང་མི་ ཨཕ་གྷ་ནིཛ་ཏཱན་གྱི་ མི་སེར་ཚུ་ ནུབ་ཨཕ་གྷ་ནིཛ་ཏཱན་ལུ་ལྷོདཔ་ད་ ཁོང་ཆ་ཁྱབ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་བཱཛ་དེ་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ ཨ་ལོ་ ༡༧ བརྩིས་ཏེ་ མི་གྲངས་ ༧༩ ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས། དེ་ཡང་ སྣུམ་འཁོར་བཱཛ་དེ་ སྤྱི་ཟླ་ ༨ པའི་ཚེས་ ༡༩ གི་ནུབ་མོར་ ཀ་བཱུལ་ལུ་ འགྲུལ་བསྐྱོད་འབད་དེ་ ཧེ་རཱཊ་མངའ་སྡེའི་ནང་ སྣུམ་འཁོར་ཊག་དང་ མོ་ཊར་སའི་ཀཱལ་ བག་བག་ཅིག་དང་གཅིག་ཁར་ གདོང་ཐུག་རྐྱབ་པའི་ཤུལ་ལས་ མེ་འབར་ཡོདཔ་སྦེ་བཀོད་ནུག། ཧེ་རཱཊ་ལུ་ ཏཱ་ལི་བཱན་གཞུང་གི་ བརྡ་དོན་དང་ ལམ་སྲོལ་མདོ་ཆེན་ ཨཱ་མ་དཱུལ་ལ་ མོ་ཊ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་བཱཛ་ནང་གི་ ལམ་འགྲུལཔ་ཚུ་ག་ར་ལུ་ ཤི་རྐྱེད་བྱུང་ཡོདཔ་མ་ཚད་ སྣུམ་འཁོར་གཞན་ཚུ་གི་ འགྲུལ་པ་ ༢ ལུ་ཡང་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས། […]

Online now: 6 Today: 1569 Total visitors: 14932