
ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ མི་ཛ་ཡེལ་དང་ ཌཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༢༦ དམར་བསད།
བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༢༠ ལུ་ ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ ནུབ་ཕྱོགས་ཁྲོམ་སྡེ་ ཊར་ནོ་པིལ་ལུ་ ར་ཤི་ཡའི་ མི་ཛ་ཡེལ་དང་ མཁའ་དམག་འཕྲུལ་ཆས་ ཌཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ ཨ་ལོ་ ༣ རྩིས་ཏེ་ མི་གྲངས་ ༢༦ དེ་ཅིག་ དམར་བསད་འབད་ཡི་ཟེར་ཨིན་པས། དེ་མ་ཚད་ ཨ་ལོ་ ༡༨ ཀྱིས་གཙོས་པའི་ མི་གྲངས་ ༩༣ ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ད་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ནང་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ བཙན་འཛུལ་འབད་ཞིནམ་ལས་ ད་ཚུན་གྱི་བར་ན་ གནོད་འཚུབ་བཀལ་མི་དེ་ སྦོམ་ཤོས་ཅིག་ཨིནམ་སྦེ་བཀོད་ནུག། ཨིན་རུང་ ཡུ་ཀེ་རེན་ མཁའ་དམག་གིས་ ར་ཤི་ཡའི་ མཁའ་དམག་འཕྲུལ་ཆས་ ཌཱོན་ ༤༧༦ ལས་ ༤༤༢ དང་ མི་ཛ་ཡེལ་ ༤༨ […]









