ArchiveAboutContact

Category: World News

World News

ཡུ་ཨེཛ་ལུ་ གནམ་དགུན་གྱི་ གྱང་ཤུགས་ལུ་བརྟེན་ཏེ་ མི་གྲངས་ ༣༨ དེ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ།ཡུ་ཨེཛ་ལུ་ གནམ་དགུན་གྱི་ དུས་ཚོད་ཁར་ གྱང་ཤུགས་ཆེ་བའི་ཁར་ ཁཝ་དང་ འཁེག་ཚུ་ལུ་བརྟེན་ཏེ་ ཡུ་ཨེཛ་གི་ ཤར་དབུས་མངའ་སྡེ་ ༡༤ གི་ནང་ སྤྱི་ཟླ་ ༡ པའི་ཚེས་ ༢༧ ལུ་ མི་གྲངས་ ༣༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ འདས་པའི་བདུན་མཐའ་ལས་ར་ ཁཝ་རྐྱབ་ནི་ འགོ་བཙུགས་ཡོདཔ་ལས་ སྣུམ་འཁོར་འགྲུལ་སྐྱོད་དང་ གློག་མེ་ཚུ་ལུ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ གནམ་གྲུ་འཕུར་འགྲུལ་ཚུ་ལུ་ཡང་ བར་རྐྱེན་བྱུང་ཡོདཔ་ལས་ ཆ་མེད་བཏང་དགོཔ་ བྱུང་ཡི་ཟེར་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཨཱཛ་ཊྲེ་ལི་ཡ་ལུ་ དུས་ཡུན་ཆུ་ཚོད་ ༤༨ ཀྱི་ནང་ ཉ་རིགས་ཤཱག་གིས་ མི་ལུ་ གནོད་འཚུབ་ཐེངས་བཞི།

བི་བི་སི།ཉ་རིགས་ཤཱག་གི་སྐོར་ལས་ ཞིབ་འཚོལ་འབད་མི་ ཀི་རིཛ་པེ་པིན་ནེཕ་གིས་ ཨཱཛ་ཊྲེ་ལི་ཡའི་ ཤར་ཕྱོགས་མཚོ་འགྲམ་བདའ་སྟེ་ དུས་ཡུན་ཆུ་ཚོད་ ༤༨ ཀྱི་ ནང་འཁོད་ལུ་ ཉ་རིགས་ཤཱག་གིས་ མི་ལུ་ གནོད་འཚུ་ལན་ཐེངས་ ༤ བཀལ་ཡོདཔ་སྦེ་བཤད་ནུག། བི་བི་སི།ཉ་རིགས་ཤཱག་གི་སྐོར་ལས་ ཞིབ་འཚོལ་འབད་མི་ ཀི་རིཛ་པེ་པིན་ནེཕ་གིས་ ཨཱཛ་ཊྲེ་ལི་ཡའི་ ཤར་ཕྱོགས་མཚོ་འགྲམ་བདའ་སྟེ་ དུས་ཡུན་ཆུ་ཚོད་ ༤༨ ཀྱི་ ནང་འཁོད་ལུ་ ཉ་རིགས་ཤཱག་གིས་ མི་ལུ་ གནོད་འཚུ་ལན་ཐེངས་ ༤ བཀལ་ཡོདཔ་སྦེ་བཤད་ནུག།

World News

ལྷོ་ཀོ་རི་ཡའི་ བློན་ཆེན་བགྲེསཔ་ ཧཱན་ཌག་སུ་ལུ་ ལོ་ངོ་ ༢༣ གྱི་བཙོན་ཁྲིམས།

རོའི་ཊརཛ།སྤྱི་ཟླ་ ༡ པའི་ཚེས་ ༢༡ ལུ་ ལྷོ་ཀོ་རི་ཡའི་ བློན་ཆེན་བགྲེསཔ་ ཧཱན་ཌག་སུ་ལུ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ནང་ སྲིད་འཛིན་བགྲེསཔ་ ཡུན་སུག་ཡེ་ཨོལ་གྱིས་ དྲག་པོའི་སྲིད་གཞུང་གི་ གསལ་བསྒྲགས་དང་འབྲེལ་ཏེ་ གྱེན་ལོག་འབད་བའི་ གནོད་འགེལ་གྱི་ ཉེས་པ་ཚུ་འཁྲིཝ་ལས་ ལོ་ངོ་ ༢༣ གྱི་ བཙོན་ཁྲིམས་བཀལ་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

མི་ཡཱན་མར་ རྒྱལ་ཁབ་ནང་ བཙག་འཐུའི་བྱ་སྒོ་མཐའ་དཔྱད།

རོའི་ཊརཛ།མི་ཡཱན་མར་ལུ་ ནང་འཁྲུག་ལངམ་ལང་སར་ཡོད་པའི་ གནས་སྟངས་ནང་ གཞུང་བཙག་འཐུའི་བྱ་སྒོ་མཐའ་དཔྱད་དེ་ སྤྱི་ཟླ་ ༡ པའི་ཚེས་ ༢༥ ལས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ ཁ་ཉེས་སྦོམ་སྦེ་ བཀལ་ཏེ་ཡོད་མི་ བཙག་འཐུའི་ནང་ལས་ དྲག་པོའི་དམག་སྡེ་གིས་ རྒྱབ་སྐྱོར་འབད་དེ་ཡོད་མི་ སྲིད་ཚོགས་ཀྱིས་ རྒྱལ་ཁ་འཐོབ་ནི་བཟུམ་ཅིག་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ལྷོ་ཀོ་རི་ཡའི་ སྲིད་འཛིན་བགྲེསཔ་ལུ་ ལོ་ལྔའི་བཙོན་ཁྲིམས།

བི་བི་སི་། སྤྱི་ལོ་ ༢༠༢༤ ལུ་ ལྷོ་ཀོ་རི་ཡའི་ སྲིད་འཛིན་བགྲེསཔ་ ཡུན་སུག་ཡེ་ཨོལ་གྱིས་ དྲག་པོའི་སྲིད་གཞུང་ བཙུགས་ནི་གི་ དཔའ་བཅམ་མི་དང་འབྲེལ་ཏེ་ དབང་ཚད་ལོག་སྤྱོད་དང་ ཡིག་ཆ་རྫུན་བཟོ་ དེ་ལས་ དྲང་ཁྲིམས་བར་བཀག་ཚུ་གི་ ཉེསའཛུགས་ཐོག་ལུ་ ལོ་ལྔའི་བཙོན་ཁྲིམས་ བཀལ་ཡོདཔ་ཨིན་པས། དེ་ཡང་ ཕྱིར་བཏོན་འབད་མི་ སྲིད་འཛིན་བགྲེསཔ་གིས་ ཧང་སྟོང་མར་ དྲག་པོའི་སྲིད་གཞུང་ བཙུགས་ནི་ལུ་ དཔལ་བཅམ་ཡོད་པའི་སྐོར་ལས་ ཁྲིམས་རྩོད་ལན་ཐེངས་ ༤ འབད་བའི་ འཁྲུན་ཆོད་དང་པ་ཨིནམ་ད་ ཁོ་གི་དྲག་པོའི་སྲིད་གཞུང་གི་ བཀའ་རྒྱ་དེ་ སྤྱི་ཚོགས་ཀྱི་ འཐུ་མི་ཚུ་གིས་ དུས་ཡུན་ཐུང་ཀུ་ཅིག་གི་ནང་ར་ ཆ་མེད་གཏང་ཡོད་རུང་ བཀའ་རྒྱ་དེ་ལུ་བརྟེན་ཏེ་ རྒྱལ་ཁབ་ནང་ ངོ་རྒོལ་འགྲེམ་སྟོན་དང་ ནང་འཁྲུག་ཚུ་གི་སྒོ་ལས་ བྱ་སྟབས་མ་བདེཝ་ ཐོན་ཡོདཔ་སྦེ་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ […]

World News

བི་རི་ཊེན་གྱིས་ འཚོལ་ཞིབ་ཀྱི་དོན་ལུ་ བཀོད་སྒྲིག་འབད་མི་ རང་སྐྱོང་གནམ་གྲུ་ ཧེ་ལི་ཀོབ་ཊར།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༡༦ ལུ་ བི་རི་ཊེན་གྱི་ རྒྱལ་འཛིན་མཚོ་དམག་གིས་ བྱང་ཨེཊ་ལེན་ཊིག་ལུ་ མ་སྒྲིག་པའི་ གནས་སྟངས་ཚུ་ ཡར་སེང་ཅན་སྦེ་ འཐོན་དོ་ཡོད་པའི་ དུས་སྐབས་ནང་ མཚོ་འོག་དམག་གྲུ་དང་ ཉེན་ཁ་ཆེ་བའི་ ལས་སྣ་གཞན་ཚུ་ འཚོལ་ཞིབ་ཀྱི་དོན་ལུ་ བཀོད་སྒྲིག་འབད་མི་ རང་སྐྱོང་གནམ་གྲུ་ ཧེ་ལི་ཀོབ་ཊར་ཅིག་གིས་ འཕུར་ཐེངས་དང་པ་ མཇུག་བསྡུ་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཀེ་ན་ཌ་གིས་ རྒྱ་ནག་ལས་ གློག་མེའི་སྣུམ་འཁོར་ ཉོ་འདྲེན་འབད་ནི།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༡༦ ལུ་ ཀེ་ན་ཌའི་བློན་ཆེན་ མཱག་ཀར་ནེ་གིས་འབད་བ་ཅིན་ ཀེ་ན་ཌ་དང་ རྒྱ་ནག་རྒྱལ་ཁབ་ ༢ ཀྱི་བར་ན་ གློག་མེའི་སྣུམ་འཁོར་ཚུ་ལུ་ ཁྲལ་མར་ཕབ་ཀྱི་ འགོ་ཐོག་ཚོང་འབྲེལ་གན་རྒྱ་ བཟོ་ཡི་ཟེར་ཨིན་པས། སྤྱི་ལོ་ ༢༠༡༧ ལས་ ད་ཚུན་གྱི་བར་ན་ ཀེ་ན་ཌའི་ བློན་ཆེན་གྱིས་ རྒྱ་ནག་ལུ་ གཟིགས་སྐོར་གནང་མི་དེ་ འགོ་དང་པ་ཨིནམ་ད་ དེ་ཡང་ བློན་ཆེན་ཀར་ནེ་གིས་ ཟླཝ་ལས་བཅད་དེ་ ཕྱི་འབྲེལ་དོན་གཅོད་ཀྱི་ ལཱ་ཚུ་འབད་བ་ལུ་བརྟེན་ཏེ་ ཡུ་ཨེཛ་གི་ཤུལ་ལས་ར་ ཚོང་རོགས་སྦོམ་ཤོས་ ཨང་ ༢ པ་ཨིན་མི་ རྒྱ་ནག་དང་གཅིག་ཁར་ མཐུན་ལམ་བསྐྱར་བཟོའི་དོན་ལུ་ འབད་རྩོལ་བསྐྱེད་ཡོདཔ་སྦེ་གསུངས་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ […]

World News

རྒྱ་པཱན་ལུ་ སྤྱི་ཟླ་ ༢ པའི་ནང་ སྤྱི་ཚོགས་ཀྱི་བཙག་འཐུ་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོདཔ།

རོའི་ཊརཛ།རྒྱ་པཱན་གྱི་བློན་ཆེན་ ཨམ་ས་ནེ་ ཏ་ཀའི་ཅི་གིས་ ཤུལ་མའི་བདུན་ཕྲག་ནང་ སྤྱི་ཚོགས་ཆ་མེད་གཏང་སྟེ་ དུས་མིན་བཙག་འཐུ་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།དེ་ཡང་ ཨམ་ས་ནེ་ ཏ་ཀའི་ཅིའི་ སྲིད་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་གྱིས་ རྒྱལ་ཁབ་ནང་ དངུལ་འབྲེལ་ཚོང་ལམ་ཚུ་ མེདཔ་ཐལ་ཏེ་ཡོདཔ་ལས་ བློན་ཆེན་གྱིས་ མི་མང་ལས་ རྒྱབ་སྐྱོར་འཚོལ་ཐབས་ལུ་ཨིནམ་སྦེ་ གསལ་བཤད་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

མཐའ་ཡས་ལེན་ལུ་ དོ་འདྲེན་ཀེ་རེན་ཅིག་ འགྲུལ་སྐྱོད་འབད་བའི་བསྒང་ཡོད་མི་ རེལ་ལིའི་གུ་ འགྱེལ་སོངཔ་ལས་ མི་ངོམ་ ༣༢ ལུ་ཤི་རྐྱེན།

བི་བི་སི།སྤྱི་ཟླ་ ༡ པའི་ཚེས་ ༡༤ ལུ་ མཐའ་ཡས་ལེན་གྱི་ བྱང་ཤར་ཁ་ཐུག་ལུ་ བཟོ་སྐྲུན་གྱི་ དོ་འདྲེན་ཀེ་རེན་ཅིག་ འགྲུལ་སྐྱོད་འབད་བའི་བསྒང་ཡོད་མི་ རེལ་ལིའི་གུ་ འགྱེལ་སོངཔ་ལས་ མི་གྲངས་ ༣༢ ལུ་ ཤི་རྐྱེན་དང་ ༦༦ ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ གཞུང་གི་ཐོ་བཀོད་དང་འཁྲིལ་བ་ཅིན་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༩ དེ་ཅིག་ཁར་ རྐྱེན་ངན་དེ་ བྱུང་པའི་སྐབས་ལུ་ འགྲུལ་སྐྱོད་འབད་བའི་བསྒང་ཡོད་མི་ རེལ་ལི་དེ་ནང་ འགྲུལ་པ་ ༡༧༡ དེ་ཅིག་ སྡོད་ནུག་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ག་ཟ་ལུ་ ཆུ་རུད་ཐོན་པའི་ རྐྱེན་ངན་ནང་ མི་གྲངས་ ༦ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༡༣ ལུ་ ག་ཟའི་ས་ཁོངས་ནང་ ཆརཔ་ཤུགས་སྦེ་ རྐྱབ་ཡོདཔ་ལས་ ལོ་ངོ་ ༢ ཀྱི་རིང་ལུ་ དམག་འཁྲུག་ལུ་བརྟེན་ཏེ་ བཟའ་ཚང་ཚུ་ གནས་སྤོ་སྡོད་མི་ གུར་བརྒྱ་ཕྲག་དང་ སྡོད་ཁྱིམ་ཚུ་ ཕྱགས་བདའ་བའི་ རྐྱེན་ངན་ནང་ མི་གྲངས་ ༦ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Online now: 11 Today: 2692 Total visitors: 9912