ArchiveAboutContact

Category: World News

World News

རྒྱ་གར་རྒྱལ་ཁབ་ནང་ ཨ་ལོ་ ༡༠,༠༠༠ ལྷགཔ་ཅིག་ ཁྲོམ་ལམ་བདའ་སྟེ་ སྡོད་དོ་ཡོདཔ།

ཨེན་ཌི་ཊི་ཝི། རྒྱ་གར་རྒྱལ་ཁབ་ནང་ ཨ་ལོ་ ༡༠,༠༠༠ ལྷགཔ་ཅིག་ ཁོང་རའི་བཟའ་ཚང་ཚུ་དང་གཅིག་ཁར་ ཁྲོམ་ལམ་བདའ་སྟེ་ སྡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༡༠ ལུ་ རྒྱ་གར་གྱི་ ཚོགས་ཁང་འོག་མའི་ནང་ དྲི་བ་བཀོད་པའི་ལན་ལུ་ ཨམ་སྲུ་དང་ ཨ་ལོ་གོང་འཕེལ་ལྷན་ཁག་གི་ བློན་པོ་གིས་ ཁྲོམ་ལམ་བདའ་སྟེ་སྡོད་མི་ ཨ་ལོའི་གྲངས་དཔྱད་སྡེ་ཚན་ བཱལ་རཱཇི་སོ་ཝ་རཱཇ་ཟེར་མི་ ཡོངས་འབྲེལ་ནང་ལས་ གནད་སྡུད་ཚུ་ སྟོན་ཐོག་ལས་ གསལ་བཤད་འབད་ནུག།གནད་སྡུད་དེ་ནང་ ཨ་ལོ་ ༡༩,༥༤༦ དེ་ཅིག་ ཁྲོམ་ལམ་བདའ་སྟེ་ཡོད་མིའི་གྲས་ལས་ རང་སོའི་བཟའ་ཚང་དང་གཅིག་ཁར་ ཨ་ལོ་ ༡༠,༤༠༡ དང་ ཉིན་མར་ཁྲོམ་ལམ་བདའ་སྟེ་ སྡོད་ཞིནམ་ལས་ ཕྱི་རུ་དབུལ་ཕོངས་ཅན་གྱི་ སྡོད་སྒར་ཚུ་ནང་ རང་སོའི་བཟའ་ཚང་ཡོད་སར་ལོག་མི་ ཨ་ལོ་ ༨,༢༦༣ ཡོདཔ་ཨིན་པས།ཨིན་རུང་ ཨ་ལོ་ ༨༨༢ དེ་ཅིག་ བདག་འཛིན་འཐབ་མི་ ག་ཡང་མེད་པར་ ཁྲོམ་ལམ་བདའ་སྟེ་ རང་རྐྱང་སྦེ་ སྡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

སི་རི་ཡའི་ ནུབ་བྱང་ལུ་ ས་ཡོམ་གྱིས་ གནོད་སྐྱོན་བྱུང་མི་ ས་གནས་ཚུ་ནང་ བཟའ་ཆས་ཀྱིས་ མི་ལང་ནི་ཨིན་པའི་ཉེན་བརྡ།

རོའི་ཊརཛ། སི་རི་ཡའི་ ནུབ་བྱང་ས་ཁོངས་ཚུ་ནང་ བཟའ་ཆས་ཚུ་ མི་ལང་ནི་གི་ ཉེན་ཁ་ཡོདཔ་ལས་ འཛམ་གླིང་བཟའ་འཐུང་ལས་རིམ་གྱིས་ ཊར་ཀིའི་ས་མཚམས་བདའ་སྟེ་ འགྲུལ་ལམ་མང་སུ་ སྒོ་ཕྱེ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།འཛམ་གླིང་ཤར་དབུས་དང་ བྱང་ཨཕ་རི་ཀ་ ཤར་ཡུ་རོབ་ཚུ་གི་ འཛམ་གླིང་བཟའ་འཐུང་ལས་རིམ་གྱི་ ལུང་ཕྱོགས་མདོ་ཆེན་ ཀོ་རིན་ཕེལ་ཅར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སི་རི་ཡའི་ ནུབ་བྱང་ས་ཁོངས་ནང་ འགྲོ་བ་མིའི་གྲོགས་རམ་ལུ་ གཞི་བརྟེན་འབད་མི་ བརྒྱ་ཆ་ ༩༠ དེ་ཅིག་ཡོདཔ་ལས་ ཚ་གྱང་ཅན་གྱི་ གཞི་ཅིག་ལུ་ འགྱུར་ཏེ་ཡོད་ཟེར་ཨིན་པས།ལས་རིམ་དེ་ མི་ཚུ་ཡོད་སར་ ལྷོད་དེ་འབད་རུང་ བཟའ་ཆས་ཚུ་ རྫོགས་ཁམས་ལུ་ ལྷོད་ཡོདཔ་ལས་ བཟའ་ཆས་ཁ་སྐོང་ བསྐྱལ་ཐབས་ལུ་ ས་མཚམས་བདའ་སྟེ་ འགྲུལ་ལམ་གསརཔ་ ཕྱེ་དགོཔ་འདུག་ཟེར་ཨིན་པས།དེ་ཡང་ ད་རེས་ ཊར་ཀི་དང་ སི་རི་ཡའི་ ལྡོག་ཕྱོགས་ཀྱི་ བདག་དབང་ཐོག་ལུ་ཡོད་མི་ ནུབ་བྱང་ས་མཚམས་ཀྱི་བར་ན་ འགྲུལ་ལམ་གཅིག་ལས་བརྒལ་ཏེ་ མེད་ནི་དེ་གིས་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཊར་ཀི་ལུ་ ས་ཡོམ་རྐྱབ་སྟེ་ ཆུ་ཚོད་ ༡༠༤ གི་ཤུལ་ལས་ ཨམ་སྲུ་ཅིག་ རག་རོ་ནང་ལས་ གསོནམ་སྦེ་བཏོན་ཡོདཔ།

རོའི་ཊརཛ། ས་ཡོམ་རྐྱབ་སྟེ་ དུས་ཡུན་ཆུ་ཚོད་ ༡༠༤ གི་རྒྱབ་ལས་ སྤྱི་ཟླ་ ༢ པའི་ཚེས་ ༡༠ ལུ་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ཚུ་གིས་ ཊར་ཀིའི་ཀི་རི་ཁཱན་ཁྲོམ་ནང་ སྒྲིང་ཁྱིམ་རམ་འགྱོ་མིའི་ནང་ལས་ ཨམ་སྲུ་ཅིག་ གསོནམ་སྦེ་བཏོན་ནུག།དེ་ཡང་ ཇར་མ་ནིའི་ གློ་བུར་ལས་མི་ཚུ་གིས་ སྐྱེས་ལོ་ ༤༠ འབད་མི་ ཨམ་ཟེ་ནེབ་ཀ་ར་མཱན་དེ་ རྩི་ས་དང་ ལྕགས་རོ་ཚུ་གི་ནང་ལས་བཏོན་ཏེ་ ནདཔ་སྐྱེལ་འདྲེན་གྱི་ སྣུམ་འཁོར་ནང་སྦེ་ བསྐྱལ་བཏང་ཡོདཔ་ཨིན་པས།ལོ་ངོ་བཅུ་ཕྲག་གི་ཤུལ་ལས་ ས་ཡོམ་དེ་ལུ་བརྟེན་ཏེ་ ཊར་ཀིའི་ལྷོ་ཕྱོགས་དང་ སི་རི་ཡའི་ ནུབ་བྱང་ས་ཁོངས་ཚུ་ནང་ སྤྱི་ཟླ་ ༢ པའི་ཚེས་ ༡༠ ཚུན་ལུ་ མི་གྲངས་བསྡོམས་ ༢༡,༠༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་མ་ཚད་ མི་གྲངས་སྟོང་ཕྲག་ལེ་ཤ་ཅིག་ཡང་ གནམ་དགུན་གྱི་ དུས་ཚོད་ཁར་ སྡོད་ས་དང་ བཟའ་འཐུང་ཚུ་ མེད་པར་ཡོདཔ་ལས་ དཀའ་སྡུག་སེལ་ཐབས་ལུ་ རྒྱལ་སྤྱི་རྒུད་གསོའི་གྲོགས་རམ་ཚུ་ ཚབས་ཆེན་སྦེ་ར་ དགོས་མཁོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བྱང་ཀོ་རི་ཡ་ལུ་ དམག་སྡེ་རུ་སྒྲིག་ཐོག་ལས་ རྡུལ་ཕྲན་མཚོན་ཆའི་འགྲེམ་སྟོན།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༨ ཀྱི་ནུབ་མོར་ བྱང་ཀོ་རི་ཡ་ལུ་ དམག་སྡེ་རུ་སྒྲིག་ཐོག་ལས་ གླིང་ཆེན་ཚུ་ནང་ ལྷོད་ཚུགས་མི་ བེ་ལིཛ་ཊིག་ མི་ཛ་ཡེལ་ཟེར་མི་ རྡུལ་ཕྲན་མཚོན་ཆ་ མང་རབས་ཅིག་ འགྲེམ་སྟོན་འབད་ནུག།མ་གཞི་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེ་ལས་ དེ་བཟུམ་མའི་ གོ་མཚོན་ཚུ་ བཀག་དམ་གྱི་ གྲོས་ཆོད་བཏོན་ཏེ་ཡོད་རུང་ བྱང་ཀོ་རི་ཡ་གིས་ གྲོས་ཆོད་དེ་ལུ་ མ་གནས་པར་ རྡུལ་ཕྲན་མཚོན་ཆའི་ བརྟག་དཔྱད་ལས་རིམ་ཚུ་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།དེ་སྦེ་ རུ་སྒྲིག་ཐོག་ལས་ འགྲེམ་སྟོན་འབད་མི་ མཚོན་ཆའི་གྲས་ཁར་ བྱང་ཀོ་རི་ཡའི་ གོ་མཚོན་སྦོམ་ཤོས་ ཧུ་ཝ་སོང་ ༡༧ ཟེར་མི་ཡང་ འགྲེམ་སྟོན་འབད་ཡོདཔ་ད་ མི་ཛ་ཡེལ་དེ་ཚུ་ལུ་ འཛམ་གླིང་གི་ ས་གནས་ག་ཏེ་ཡང་ ལྷོད་ཚུགས་པའི་ ཤུགས་ཚད་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཊར་ཀིའི་སྲིད་འཛིན་ ཨེར་ཌོ་གཱན་གྱིས་ རྒྱལ་ཁབ་ནང་ ས་ཡོམ་གྱིས་ དཀའ་ངལ་བྱུང་མི་ལུ་ངོས་ལེན།

བི་བི་སི། ཊར་ཀིའི་སྲིད་འཛིན་ རི་སེབ་ཏ་ཡིབ་ ཨེར་ཌོ་གཱན་གྱིས་ ཁོང་གི་རྒྱལ་ཁབ་ནང་ ས་ཡོམ་ཤུགས་ཅན་སྦེ་ ལན་ཐེངས་ ༢ རེ་རྐྱབ་པའི་ རྐྱེན་ངན་གྱི་ ཚད་གཞི་དང་བསྟུན་ཏེ་ གཞུང་གིས་ ངོས་ལེན་འབད་ནི་ལུ་ གྲ་སྒྲིག་འབད་ཐབས་ རྩ་ལས་ར་ མ་བྱུང་པའི་ བདེན་ཁུངས་བཀལ་ནུག།ཊར་ཀི་དང་ སི་རི་ཡའི་ བྱང་ཕྱོགས་ལུ་ ས་ཡོམ་རྐྱབ་མི་དེ་གིས་ ཉུང་ཤོས་ར་ མི་གྲངས་ ༡༦,༠༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ བརྟག་ཞིབ་འབད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཞུང་གིས་ གློ་བུར་གྱི་ ངོས་ལེན་འབད་ནི་ལུ་ གྲ་སྒྲིག་མེད་པའི་ཁར་ གློ་བུར་གྱི་ ཞབས་ཏོག་ཚུ་ཡང་ དུས་ཚོད་ཁར་ བྱིན་མ་ཚུགས་པས་ཟེར་ཨིན་པས།སྲིད་འཛིན་ཨེར་ཌོ་གཱན་གྱིས་ གཞུང་ལུ་ དཀའ་ངལ་དག་པ་ཅིག་ བྱུང་ཡོད་རུང་ ད་རེས་ གནས་སྟངས་དེ་ ལེགས་ཤོམ་ཡོད་ལུགས་སྦེ་ བཤད་མི་ལུ་ ལྡོག་ཕྱོགས་སྲིད་ཚོགས་ གཙོ་བོའི་འགོ་ཁྲིདཔ་ ཀེ་མཱལ་ཀ་ལི་ཌ་རོག་ལུ་གིས་ ངོས་ལེན་འབད་མ་བཏུབ་པར་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རྐྱེན་ངན་དེ་གི་ འགན་ཁུར་དེ་ སྲིད་འཛིན་ཨེར་ཌོ་གཱན་ ཉག་གཅིག་ལུ་ ཕོག་ཟེར་བཤད་ནུག།སྲིད་འཛིན་གྱི་ ཁ་ཐུག་ལས་ དེ་བཟུམ་མའི་ གནས་སྟངས་ནང་ […]

gyalchi
World News

ཡུ་ཨེཛ་ལུ་ རྒྱ་ནག་གིས་ འཛམ་གླིང་ནང་བཏང་མི་ ལྒང་ཕུའི་གྲས་ལས་ ༡ ཨིན་པའི་ཡིད་ཆེས།

བི་བི་སི། ཡུ་ཨེཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་ས་ཁོངས་ཀྱི་ མཁའ་དབྱིངས་ལུ་ རྒྱ་ནག་གི་ གསང་ཞིབ་ཨིན་པའི་ དོགས་པ་བསྐྱེད་དེ་ ས་ཁར་ཕབ་བཏང་མི་ ལྒང་ཕུ་དེ་ གླིང་ཆེན་ ༥ ལུ་ ཁྱབ་སྤེལ་འབད་མི་ ལྒང་ཕུ་ཚུ་གི་གྲས་ལས་ ༡ ཨིན་པའི་ ཡིད་ཆེས་བསྐྱེདཔ་ཨིན་པས།དེ་ཡང་ ཡུ་ཨེཛ་གི་ རྒྱལ་ཁམས་གཞུང་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིས་ དེ་བཟུམ་མའི་ ལྒང་ཕུའི་ལས་རིམ་དེ་ ཁྱབ་ཆེ་བའི་ ལས་རིམ་ཅིག་འབདཝ་ལས་ ཡུ་ཨེཛ་རྐྱངམ་གཅིག་ལུ་ བཏང་བཏངམ་མིན་པས་ཟེར་བཤད་ནུག།ཡུ་ཨེཛ་གི་ འགོ་དཔོན་ཚུ་གིས་ ལྒང་ཕུ་དེ་གི་རིང་ཚད་ མི་ཊར་ ༦༠ དེ་ཅིག་དང་ ལྗིད་ཚད་པ་འོནཌ་ སྟོང་ཕྲག་ལས་བཅད་དེ་ འོང་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།རྒྱ་ནག་གི་ ཁ་ཐུག་ལས་ ལྒང་ཕུ་དེ་ གསང་ཞིབ་ཀྱི་དོན་ལུ་མིན་པར་ གནམ་གཤིས་བརྟག་དཔྱད་ཀྱི་ ལྒང་ཕུ་ཨིནམ་སྦེ་བཤད་ནུག།ད་རེས་ ཡུ་ཨེཛ་གིས་ གསང་ཞིབ་ཀྱི་དོན་ལུ་ཨིན་པའི་ དོགས་པ་ཡོད་མི་ ལྒང་ཕུ་དེ་ཚུ་ ལྷོ་ཨ་མི་རི་ཀ་དང་ བྱང་ཨ་མི་རི་ཀ་ ཤར་ལྷོ་ཨེ་ཤི་ཡ་ ཤར་ཨེ་ཤི་ཡ་དང་ ཡུ་རོབ་ཚུ་ནང་ ལག་ལེན་འཐབ་ཡོདཔ་སྦེ་ བཤད་ཡོདཔ་ད་ དེ་འབདཝ་ལས་ ཡུ་ཨེཛ་དང་ […]

gyalchi
World News

བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ དྲག་པོའི་དམག་སྡེ་ལུ་བསྟོད་བསྔགས།

རོའི་ཊརཛ། བྱང་ཀོ་རི་ཡའི་ དམག་སྡེ་གིས་ འཕྲལ་ཐོག་གི་ གོ་མཚོན་ཚུ་ རུ་སྒྲིག་ཐོག་ལས་ འགྲེམ་སྟོན་འབད་ནི་སྦེ་ སྡོད་པའི་བར་ན་ བྱང་ཀོ་རི་ཡའི་དབུ་ཁྲིད་ ཀིམ་ཇོང་ཨཱན་གྱིས་ དམག་སྡེ་ཚུ་དང་ མཇལ་འཕྲད་མཛད་དེ་ རྒྱལ་ཁབ་ཀྱི་ དམག་སྡེ་དེ་ སྒྲིང་སྒྲིང་བཟོ་དགོ་ཟེར་ གསུངས་ཡོདཔ་མ་ཚད་ དམག་སྡེ་ལུ་ བཀའ་དྲིན་ལེགས་སོ་ཡང་ གསུངས་ཡོདཔ་ཨིན་པས།དེ་མ་ཚད་ སྤྱི་ཟླ་ ༢ པའི་ཚེས་ ༦ ལུ་ ཀོ་རི་ཡའི་ མི་མང་དམག་སྡེ་ གཞི་བཙུགས་ཀྱི་ ལོ་བསྟར་དུས་སྟོན་ ཐེངས་ ༧༥ པ་ བརྩི་སྲུང་དང་འབྲེལ་བའི་ ཚོགས་སྟོན་ནང་ ཀིམ་ཇོང་ཨཱན་གྱི་ ཨམ་དང་ བུམོ་གིས་ཡང་ བཅའ་མར་གཏོགས་གནང་ནུག།དེ་བསྒང་ སྲིད་འཛིན་ཀིམ་གྱིས་ གསུང་བཤད་གནང་པའི་ནང་གས་ ང་བཅས་རའི་ དམག་སྡེ་འདི་ བཙན་ཐབས་དང་ གོང་འཕེལ་གྱི་དོན་ལུ་ སྔར་ལས་ལྷག་པའི་ བརྩོན་ཤུགས་བསྐྱེད་དེ་ རྒྱལ་ཁབ་འདི་ ལོངས་སྤྱོད་དང་ལྡནམ་སྦེ་ གོང་འཕེལ་གཏང་དགོ་ཟེར་ཨིན་པས།གསུང་བཤད་དེ་ཡང་ ཁོ་གིས་ དྲག་པོའི་དམག་སྦྱོང་ རྒྱ་སྐྱེད་གཏང་སྟེ་ རྡུལ་ཕྲན་མཚོན་ཆའི་ཐོག་ལས་ དམག་རྐྱབ་ནི་ལུ་ གྲ་སྒྲིག་འབད་ནི་སྦེ་ ཁས་ལེན་མཛད་པའི་ […]

gyalchi
World News

ཡུ་ཨེཛ་གི་ མཁའ་དབྱིངས་ལུ་ རྒྱ་ནག་གི་ གསང་ཞིབ་ལྒང་ཕུ་མཐོང་ཡོདཔ།

བི་བི་སི། རྒྱ་ནག་གི་ ལྒང་ཕུ་སྦོམ་ཅིག་ ཡུ་ཨེཛ༌གི༌ ཤར་ཕྱོགས་ཁ་ཐུག་ལུ་ གནམ་ཁར་ལྡིང་ཡོདཔ་སྦེ་ མཐོང་མིའི་སྐོར་ལས་ རྩོད་གླེང་དེ་ སེམས་ཞི་བའི་སྒོ་ལས་ ལག་ལེན་འཐབ་དགོ་པའི་ ནན་བསྐུལ་འབདཝ་ཨིན་པས།དེ༌ཡང༌ ཡུ་ཨེཛ༌གི༌ རྒྱལ༌ཁམས༌དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིས་ དེ་བཟུམ་མའི་ གསང་ཞིབ་ཀྱི་ ལྒང་ཕུ་བཏང་མི་དེ་ འགན་ཁུར་སྣང་མེད་བསྐྱུར་བའི་ གཞི་ཅིག་ཨིན་པས་ཟེར་ རྒྱ༌ནག༌ལུ་ བལྟ་སྐོར་གྱི༌ ལས༌རིམ༌ཡོད༌མི༌དེ༌ ཆ་མེད་བཏང་པའི་ཤུལ་ལུ་ ད་རུང་ཡང་ རྒྱ་ནག་གི༌ ལྒང་ཕུ་ ༡ ལེ་ཊིན་ཨ་མེ་རི་ཀའི་གུ་ལས་ཕར་ ལྡིང་སར་མཐོང་ནུག།རྒྱ་ནག་གིས་ ལྒང་ཕུ་དེ་ གནམ་གཤིས་བརྟག་དཔྱད་དང་འབྲེལ་བའི་ མཁའ་གྲུ་ཨིནམ་སྦེ་ བཤད་ཡོདཔ་ད་ དེ་ཡང་ རླུང་མ་གིས་ ལོགས་གཅིག་ཁར་ བཀལ་ཡོདཔ་ལས་ འཛོལ་བ་དེ་ལུ་ ཡུ་ཨེཛ་གིས་ བཟོད་པ་བཞེས་དགོ་ཟེར་ཨིན་པས།ཡུ་ཨེཛ་གིས་ དེ་བཟུམ་མའི་ མཁའ་གྲུ་དེ་ནང་ལས་ ཚིག་རོ་ཚུ་ ས་ཁར་འབུད་སྲིད་ནི་གི་ ཉེན་ཁ་ལུ་བརྟེན་ཏེ་ ཀྲོབ་མདའ་རྐྱབ་སྟེ་ ཕབ་མ་བཏང་ཟེར་ཨིནམ་ད་ སྤྱི་ཟླ་ ༢ པའི་ཚེས་ ༤ ལུ་ རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་ལས་ […]

gyalchi
World News

ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ འཕྲལ་ཁམས་ཀྱི་ གྲོགས་རམ་གྱི་གྲས་ཁར་ རྒྱང་རིང་མི་ཛ་ཡེལ་བྱིན་ནི།

བི་བི་སི། ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ དྲག་པོའི་གྲོགས་རམ་ཁ་སྐོང་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༢.༢ དེ་ཅིག་ བྱིན་ནི་ཨིན་མིའི་ནང་ ས་ཐག་རིང་སར་ ལོག་བལྟབ་ཀྱིས་ ལྷོད་ཚུགས་མི་ རྒྱང་རིང་མི་ཛ་ཡེལ་ཚུ་ཡང་ ཚུདཔ་ཨིན་པས།སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པ་ལས་ཚུར་ ད་ཚུན་གྱི་བར་ན་ ད་རེས་ བྱིན་ནི་སྦེ་ཡོད་མི་ གྲོགས་རམ་བརྩིས་ཏེ་ ཡུ་ཀེ་རེན་ལུ་ དྲག་པོའི་གྲོགས་རམ་ ཌོ་ལར་ཐེར་འབུམ་ ༢༩.༣ ལྷགཔ་ཅིག་ཨིནམ་ད་ ད་རེས་ བྱིན་ནི་སྦེ་ཡོད་མི་ གྲོགས་རམ་ནང་ ཀི་ལོ་མི་ཊར་ ༡༥༠ ཚུན་ལུ་ ལྷོད་ཚུགས་པའི་ ནུས་ཤུགས་ཡོད་མི་ ས་ཁ་ལས་བཏང་ནི་གི་ རྫས་བམ་ཚུ་ཡང་ཡོདཔ་ཨིན་པས།མཚོན་ཆ་དེ་ཚུ་ བཙན་དབང་འབད་དེ་ཡོད་མི་ ཀིར་མི་ཡའི་ ས་གནས་ཚུ་ནང་ གནོད་འཚུབས་ཀྱི་དོན་ལས་ ལག་ལེན་འཐབ་ནི་ཨིན་པའི་ དོགས་པ་ཡོད་མི་ལུ་ འགོ་དཔོན་ཚུ་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས།མ་གཞི་ ཡུ་ཀེ་རེན་གྱི་ ལག་ལེན་འཆར་གཞིའི་ཐེད་ཁར་ ཁོང་ར་གིས་ ཐག་བཅད་ནི་ཨིན་རུང་ རྒྱང་རིང་མཚོན་ཆ་ བྱིན་མི་དེ་གིས་ ཡུ་ཀེ་རེན་ལུ་ ཁོང་གི་རང་དབང་ས་ཆ་ ར་ཤི་ཡ་གིས་ བཙན་བཟུང་འབད་དེ་ཡོད་མི་ཚུ་ […]

gyalchi
World News

ཀེ་ན་ཌ་ལུ་ ཨ་ལོ་བུམོ་ཅིག་གིས་ རྩེད་ཐེངས་དང་པའི་ནང་ རྒྱན་ཤོག་གི་གསོལ་རས་ ཌོ་ལར་ས་ཡ་ ༤༨ ཐོབ་ཡོདཔ།

བི་བི་སི།ཀེ་ན་ཌ་ལུ་ སྐྱེས་ལོ་ ༡༨ འབད་མི་ བུམོ་ཅིག་གིས་ རྩེད་ཐེངས་དང་པའི་ནང་ར་ རྒྱན་ཤོག་གི་ གསོལ་རས་སྦོམ་ ཐོབ་ཡོདཔ་ལས་ དེ་སྦེ་ གསོལ་རས་ཐོབ་པའི་འཕྲལ་ལས་ མོ་གིས་ ཨ་པ་ཟེར་འབོ་མི་ དངུལ་འབྲེལ་རྩིས་འཛིན་པ་ལུ་ བརྡ་ལེན་འབད་ནུག།བུམོ་དེ་གིས་ རྒྱན་ཤོག་གསོལ་རས་ ཌོ་ལར་ས་ཡ་ ༤༨ ཐོབ་ནི་དེ་ ཀེ་ན་ཌའི་ རྒྱལ་ཁབ་ནང་ མཐོ་ཤོས་ཅིག་དང་ ལོ་ན་གཞོན་ཤོས་ཨིནམ་ད་ གཙུག་ལག་སློབ་གྲྭའི་ སློབ་ཕྲུག་ཨིན་མི་ ཇུ་ལིཊ་ལེ་མོར་གྱིས་ གསོལ་རས་དེ་ མོ་རའི་ཤེས་ཡོན་གྱི་དོན་ལུ་ ཟད་འགྲོ་བཏང་སྟེ་ ཌོག་ཊར་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།ཨོན་ཌེ་རི་ཡོ་ རྒྱན་ཤོག་དང་ རྩེད་རིགས་ལས་འཛིན་ནང་སྦེ་ འདས་པའི་ཟླཝ་ནང་ཐོབ་མི་ གསོལ་རས་ཀྱི་ རྟེན་འབྲེལ་བརྩི་སྲུང་འབད་སར་ མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱན་ཤོག་གསོལ་རས་ ཐོབ་པའི་སྐབས་ལུ་ སྔུ་དགོཔ་བྱུང་ཡོདཔ་མ་ཚད་ ད་ལྟོ་ཡང་ དེ་བཟུམ་མའི་ གསོལ་རས་ཐོབ་མི་དེ་ བདེན་རྫུན་རེ་མ་ཚུགས་པར་ཡོད་ཟེར་ཨིན་པས།ལེ་མོར་གྱིས་ སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ གསལ་སྟོན་འབད་མི་ རྒྱན་ཤོག་གསོལ་རས་དེ་ མོ་གིས་ཐོབ་ནུག་ཟེར་ མ་གོ་ཚུན་ལུ་ རྒྱན་ཤོག་གི་སྐོར་ལས་ […]

gyalchi
Online now: 3 Today: 225 Total visitors: 10255