ArchiveAboutContact

Category: World News

World News

ཏ་ཡེ་ཝཱན་དང་གཅིག་ཁར་ མ་སྒྲིག་པ་ལུ་བརྟེན་ཏེ་ རྒྱ་ནག་གིས་ དམག་མི་གསར་བཙུགས་ཀྱི་ བཅའ་ཡིག་བསྐྱར་བཟོ།

ཨེན་ཌི་ཊི་ཝི། རྒྱ་ནག་གིས་ ཕྱད་མདའི་དུས་སྐབས་ལུ་ དམག་མི་གསར་བཙུགས་དང་འབྲེལ་བའི་ བཅའ་ཡིག་བསྐྱར་བཟོ་འབད་མིའི་ནང་ ཉམས་མྱོང་ཡོད་མི་དང་ དཔའ་རྩལ་དྲག་ཤོས་ཡོད་མི་ཚུ་ལུ་ གཙོ་རིམ་བཀོད་དེ་ དམག་མི་གསར་བཙུགས་ཀྱི་ ལམ་ལུགས་འོས་འབབ་ཡོདཔ་ བཟོ་ནི་ཚུ་ ཚུད་དེ་ཡོདཔ་ཨིན་པས།དེ་ཡང་ བརྟག་ཞིབ་འབད་མི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ བསྐྱར་བཟོ་འབད་མི་དེ་ ཏ་ཡེ་ཝཱན་དང་གཅིག་ཁར་ ཕྱད་མདའ་རྐྱབ་ནི་ལུ་ གྲ་སྒྲིག་བཟུམ་ཅིག་ འོང་ནི་མས་ཟེར་ཨིན་པས།བཅའ་ཡིག་བསྐྱར་བཟོ་དེ་ནང་ དམག་འཁྲུག་གི་ དུས་སྐབས་ལུ་ དམག་མི་གསར་བཙུགས་ཀྱི་ གནད་དོན་ལོགས་སུ་སྦེ་ བཙུགས་ནི་དེ་ འགོ་དང་པ་ཨིནམ་ད་ བཅའ་ཡིག་དེ་ཡང་ སྲིད་འཛིན་ཛི་ཇིན་པིང་གི་ མངོན་པར་མཐོ་བའི་ དབུ་ཁྲིད་འོག་ལུ་ རྒྱལ་ཁམས་ཀྱི་ ལྷན་ཚོགས་དང་ དྲག་པོའི་ལྟེ་བའི་ལྷན་ཚོགས་ཀྱིས་ བཏོན་ཡོདཔ་ཨིན་པས།རྒྱ་ནག་གིས་ ཏ་ཡེ་ཝཱན་དེ་ ཁོང་གི་མངའ་ཁོངས་ཀྱི་གྲངས་སུ་ བརྩི་འཇོག་འབདཝ་བཞིན་དུ་ དྲག་པོའི་ཐོག་ལས་ ཁོང་གི་མངའ་འོག་ལུ་ བཙུགས་ཐབས་འབད་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་གྱིས་ ར་ཤི་ཡའི་ ཁ་ཐུག་ལུ་ཕྱོགས་ལྷུང་།

བི་བི་སི། ཡུ་ཨེཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འབྲུ་སྣ་ཚོང་སྒྱུར་གཙོ་བོ་ཅིག་གི་སྐོར་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་གྱིས་ ཕྱོགས་ལྷུང་འབད་ཡོདཔ་ལས་ ར་ཤི་ཡ་ལུ་ ཡུ་ཀེ་རེན་གྱི་ ཕྱད་མདའ་དང་འབྲེལ་བའི་ འགན་འཁྲི་བཀལ་ནི་ལུ་ ཐོ་ཕོག་དོ་ཡོད་པའི་ ཡིད་ཆེས་ཡོད་ཟེར་ཨིནཔས།ཡུ་ཨེཛ་གིས་ ཨེན་ཊོ་ནི་ཡོ་ གུ་ཊེ་རེཛ་གི་ བྱ་སྤྱོད་ཚུ་ བལྟ་རྟོག་དམ་དམ་འབད་དེ་ཡོད་པའི་ ཡིག་ཆ་ཚུ་དང་འཁྲིལ་བ་ཅིན་ ཁོ་གིས་ ར་ཤི་ཡའི་ མཐའ་དོན་ཚུ་ལུ་ འཇམ་ཏོང་ཏོ་སྦེ་ དག་སྣང་བསྐྱེད་དོ་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།ཡིག་ཆ་དག་པ་ཅིག་གི་ནང་ར་ གུ་ཊེ་རེཛ་དང་ ཁོ་གི་འོག་ལུ་ ངོ་ཚབ་སྦེ་ ལཱ་འབད་མི་ ༢ ཀྱི་བར་ན་ སྒེར་ཐོག་གི་ གྲོས་གླེང་ཚུ་ཡང་ གསལ་བཀོད་འབད་དེ་ཡོདཔ་ཨིན་པས།གསང་བྱའི་ཡིག་ཆ་ ཕྱི་ཁར་ཤོར་མི་ཅིག་ནང་ མདངས་ཞག་ སྤྱི་ཟླ་ ༧ པའི་ནང་ རྒྱལ་སྤྱིའི་གནས་ཚད་ཁར་ བཟའ་འཐུང་གི་ དཀའ་ངལ་ཐོན་སྲིད་པའི་ འཇིག་སྣང་བྱུངམ་ད་ འཛམ་གླིང་སྤྱི་ཚོགས་དང་ ཊར་ཀི་གིས་ བར་འཛུལ་ཐོག་ལས་ བེ་ལེག་སི་ འབྲུ་སྣ་ཚོང་འབྲེལ་ཟེར་མི་ འབྲུ་སྣ་ཚོང་སྒྱུར་སྐོར་ལས་ གཙོ་བོར་བཏོན་ཏེ་བཀོད་ནུག།དེ་ཡང་ གུ་ཊེ་རེཛ་གི་ ཁ་ཐུག་ལས་ ཚོང་སྒྱུར་དེ་ ངེས་པར་དུ་ མཐར་འཁྱོལ་ཅན་སྦེ་ བཟོ་ནི་གི་ […]

gyalchi
World News

རྒྱ་གར་ལུ་ མི་གྲངས་ ༧,༨༣༠ ལུ་ ནད་ཡམས་ཀོ་ཝིཌ་ ཐོབ་ཡོད་པའི་གསལ་བསྒྲགས།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༤ པའི་ཚེས་ ༡༣ ལུ་ རྒྱ་གར་རྒྱལ་ཁབ་ནང་ མི་གྲངས་ ༧,༨༣༠ ལུ་ ནད་ཡམས་ཀོ་ཝིཌ་ ཐོབ་ཡོདཔ་ལས་ ད་ཚུན་གྱི་བར་ན་ ནད་ཡམས་ཀོ་ཝིཌ་ཐོབ་མི་ མི་གྲངས་ ༤༤,༢༡༠,༡༢༧ དེ་ཅིག་ལུ་ ལྷོད་ཡོདཔ་སྦེ་ རྒྱ་གར་གྱི་ གསོ་བའི་ལྷན་ཁག་ལས་ གསལ་བབསྒྲགས་འབད་ནུག།དེ་ཡང་ ཉིན་བསྟར་བཞིན་དུ་ ནད་ཡམས་ཀོ་ཝིཌ་ཐོབ་མི་ བརྒྱ་ཆ་ ༤.༤ དེ་རེ་ ཐོན་དོ་ཡོདཔ་ད་ ནད་ཡམས་དེ་ལས་ མ་དྲག་པར་ཡོད་མི་དེ་ བརྒྱ་ཆ་ ༠.༡༠ དེ་ཅིག་དང་ དྲག་མིའི་ཚད་གཞི་དེ་ བརྒྱ་ཆ་ ༩༨.༧༡ ཨིནམ་སྦེ་ བཤདཔ་ཨིན་པས།རྒྱ་གར་གཞུང་གི་ གནས་ཚུལ་འབྱུང་ཁུངས་ཅིག་དང་འཁྲིལ་བ་ཅིན་ ནད་ཡམས་ཀོ་ཝིཌ་དེ་ ས་ཁོངས་རང་སོའི་ མི་སྡེའི་ནང་ དུས་རྒྱུན་གྱི་ ནད་གཞི་ཅིག་ལུ་ འགྱུར་དོ་ཡོདཔ་ད་ ཤུལ་མའི་ཉིན་གྲངས་ ༡༠ ལས་ ༡༢ ཀྱི་བར་ན་ ཀོ་ཝིཌ་ཐོབ་མིའི་ ཚད་གཞི་དེ་ ཡར་སེང་འགྱོ་ནི་བཟུམ་ཅིག་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ དྲག་ཐོག་བཙན་འཛུལ་འབད་མིའི་ནང་ མི་གྲངས་ ༨,༥༠༠ དེ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ། འཛམ་གླིང་སྤྱི་ཚོགས་ཀྱི་ འདུས་ཚོགས་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ དྲག་ཐོག་བཙན་འཛུལ་འབད་མིའི་ནང་ མི་གྲངས་ ༨,༥༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ གཏན་འཁེལ་བྱུང་སྟེ་ཡོདཔ་མ་ཚད་ གཞན་ཡང་ མི་སྟོང་ཕྲག་ལས་བཅད་དེ་ ཤི་རྐྱེན་བྱུང་མི་ཚུ་ གཏན་འཁེལ་འབད་མ་ཚུགས་པར་ ལུས་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།དེ་ཡང་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆ་ཚོགས་སྡེའི་ ཡིག་ཚང་ལས་ བཀོད་མིའི་ནང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ཚེས་ ༢༤ ལས་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༤ པའི་ཚེས་ ༩ ཚུན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ མི་གྲངས་ ༨,༤༩༠ ལུ་ ཤི་རྐྱེན་དང་ མི་གྲངས་ ༡༤,༢༤༤ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།ཨིན་རུང་ ཡིག་ཚང་དེ་གིས་ ཡུན་རིང་གི་བར་ན་ ཤི་རྐྱེན་གྱི་ གྲངས་ཚད་དེ་ ཤི་རྐྱེན་ངོ་མ་བྱུང་མིའི་ གྲངས་ཚད་ལས་ ཁབ་རྩེ་ཙམ་ཅིག་ར་འོང་ཟེར་ ཡང་བསྐྱར་བཤད་ནུག།དེ་སྦེ་ ཤི་རྐྱེན་བྱུང་མི་ མང་ཤོས་ཅིག་ར་ […]

gyalchi
World News

རྒྱ་ནག་གི་ ཚན་རིག་པ་ཚུ་གིས་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནད་སྡུད་དཔེ་བསྐྲུན།

བི་བི་སི། རྒྱ་ནག་གི་ ཞིབ་འཚོལ་སྡེ་ཚན་ཅིག་གིས་ ལོ་ངོ་ ༣ ལྷགཔ་ཅིག་གི་རིང་ལུ་ ནད་ཡམས་ཀོ་ཝིཌ་-༡༩ ཁྱབ་སྤེལ་དང་ འབྲེལ་བ་ཡོད་མི་ ཁྲོམ་ཁ་ལས་ དཔེ་ཚད་ཚུ་ བསྡུ་ལེན་འབད་དེ་ བརྟག་དཔྱད་སྙན་ཞུ་ཅིག་ དཔེ་བསྐྲུན་འབད་ནུག།དེ་ཡང་ ནད་འབུབ་ཀྱི་འབྱུང་ཁུངས་ འཚོལ་ཞིབ་ཀྱི་དོན་ལས་ ཧུ་ནཱན་ཟེར་སར་ཡོད་མི་ རྒྱ་མཚོ་དང་ རི་དྭགས་སེམས་ཅན་གྱི་ ཚོང་ཁྲོམ་དེ་ལུ་ གཙོ་བོར་བཟུང་ཡོདཔ་ད་ ད་རེས་ཀྱི་ སྙན་ཞུ་དེ་ སྤྱི་ལོ་ ༢༠༢༠ ལུ་ ཚོང་ཁྲོམ་དེ་ནང་ལས་ སྐྱེ་ལྡན་གྱི་ སྒྲུབ་བྱེད་ཚུ་ བསྐྱར་ཞིབ་འབད་ཡོད་པའི་ སྙན་ཞུ་དང་པ་ཨིན་པས།ནད་འབུབ་དེ་ ཚོང་ཁྲོམ་ནང་བཙོངས་མི་ སེམས་ཅན་ཚུ་དང་ འབྲེལ་ཆགས་ཡོདཔ་སྦེ་ བཀོད་དེ་ཡོད་རུང་ ཁྱབ་སྤེལ་དེ་ ག་དེ་སྦེ་ འགོ་བཙུགས་ཅི་ག་གི་སྐོར་ལས་ དྲི་དཔྱད་ཀྱི་ གནད་དོན་གསརཔ་ འཐོན་སྲིད་ནི་ཨིནམ་སྦེ་ཡང་བཀོད་ནུག།ཚན་རིག་པ་ཚུ་གིས་ ཞིབ་འཚོལ་གྱི་ གྲུབ་འབྲས་དེ་གིས་ ནད་འབུབ་དེ་ འགོ་དང་པ་ སེམས་ཅན་ལས་ མི་ལུ་འབུ་ཡོད་པའི་ སྒྲུབ་བྱེད་ཁ་སྐོང་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མ་ཡན་མར་གྱི་ དྲག་པོའི་དམག་སྡེ་དང་ ངོ་རྒོལ་འབད་མི་ཚུ་གི་བར་ན་ དམག་འཁྲུག་ལང་ནི་དེ་གིས་ མི་སེར་ལེ་ཤ་ཅིག་ མཐའ་ཡས་ལེན་ལུ་བྲོས་བྱོལ།

རོའི་ཊརཛ།མ་ཡན་མར་གྱི་ དྲག་པོའི་དམག་སྡེ་དང་ མཚོན་ཆ་འབག་སྟེ་ ངོ་རྒོལ་འབད་མི་ གྲངས་ཉུང་མི་རིགས་ཀྱི་བར་ན་ ནང་འཁྲུག་འཚུབ་ཅན་སྦེ་ར་ ལང་སྟེ་ཡོདཔ་ལས་ བདུན་ཕྲག་འདི་ནང་ མི་གྲངས་ ༥,༠༠༠ དེ་ཅིག་ མ་ཡན་མར་ལས་ བྱོག་སོང་སྟེ་ མཐའ་ཡས་ལེན་གྱི་ ས་མཚམས་ལུ་ ལྷོད་ཡོདཔ་ཨིན་པས།ནང་འཁྲུག་དེ་ཡང་ མ་ཡན་མར་གྱི་ ལྷོ་ཕྱོགས་མངའ་སྡེ་ ཀ་རེན་ཟེར་སར་ ངོ་རྒོལ་འབད་མི་ཚུ་གིས་ དྲག་པོའི་སྲུང་རྭ་ཅིག་ལུ་ གནོད་འཚུབ་བཀལ་བའི་སྐབས་ལུ་ ཐོན་ནུག་ཟེར་ཨིན་པས།སྤྱི་ལོ་ ༢༠༢༡ ལུ་ བཙག་འཐུ་ལས་གྲུབ་མི་ གཞུང་གི་དབང་ཚད་ བཙན་འཕྲོག་འབད་མི་ དམག་སྡེའི་གཞུང་ལུ་ རྒྱལ་ཁབ་ཀྱི་ ས་གནས་ཤོས་ཚུ་ནང་ ངོ་རྒོལ་འབདཝ་ལས་ དཀའ་ངལ་ཐོན་ཏེ་ཡོདཔའི་ཁར་ ཁོང་གིས་ དམགས་གཙོའི་རིང་ལུགས་ཀྱི་ ཕྱོགས་བཟུང་སྟེ་ འགྲེམ་སྟོན་འབད་མི་ཚུ་ དྲག་ཐོག་དཔུང་གནོན་འབད་བའི་སྐོར་ལས་ རྒྱལ་སྤྱི་གིས་ ཉེས་ཁ་ཚུ་ཡང་བཀལ་ནུག།ད་རེས་ མ་ཡན་མར་ལས་ བྱོག་སོང་སྟེ་ མཐའ་ཡས་ལེན་གྱི་ ས་གནས་ཏག་ཟེར་སར་ ལྷོད་དེ་ཡོད་མི་ མི་གྲངས་ ༥,༠༠༠ དེ་ཅིག་གི་གྲས་ཁར་ མང་ཤོས་ཅིག་ ཨམ་སྲུ་དང་ ཨ་ལོ་ཚུ་ཡོདཔ་ད་ ས་གནས་ཀྱི་ མི་སེར་ཚུ་གིས་ གནས་སྐབས་ཀྱི་ སྡོད་ཁྱིམ་ཚུ་ […]

gyalchi
World News

ར་ཤི་ཡ་གིས་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེའི་ འགན་ཁུར་ལེན་ཡོདཔ།

བི་བི་སི། ཡུ་ཀེ་རེན་གྱིས་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེའི་ འཐུས་མི་ཚུ་ལུ་ ར་ཤི་ཡ་དེ་ ཚོགས་སྡེའི་འགོ་འཛིན་སྦེ་ བསྐོ་བཞག་འབད་ནི་མེད་པའི་ ནན་བསྐུལ་འབད་ཡོད་རུང་ ར་ཤི་ཡ་གིས་ ཚོགས་སྡེའི་འགོ་འཛིན་གྱི་ འགན་ཁུར་ལེན་ནུག།དེ་ཡང་ སྲུང་སྐྱོབ་ཚོགས་སྡེའི་ འཐུས་མི་ ༡༥ ཡོད་མི་ཚུ་ སྐོར་རྒྱབ་འབད་དེ་ ཟླ་ངོ་རེའི་ གནས་ཡུན་ཐོག་ལུ་ ཚོགས་སྡེའི་འགོ་འཛིན་འབད་ནི་གི་ སྲོལ་ཡོདཔ་ཨིན་པས།ར་ཤི་ཡ་གིས་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ནང་ཡང་ སྲུང་སྐྱོབ་ཚོགས་སྡེའི་ འགོ་འཛིན་ཐོག་ལས་ ཡུ་ཀེ་རེན་ལུ་ བཙན་འཛུལ་འབད་ཡོདཔ་ལས་ ད་རེས་ ར་ཤི་ཡ་ལུ་ སྲུང་སྐྱོབ་ཚོགས་སྡེའི་ འགོ་འཛིན་གྱི་ འགན་ཁུར་སྤྲོད་མི་དེ་ དམག་འཁྲུག་གི་ ཉེས་འགེལ་དང་འབྲེལ་ཏེ་ རྒྱལ་སྤྱིའི་ཁྲིམས་འདུན་ལས་ འཛིན་བཟུང་བཀའ་རྒྱ་གནང་ནི་གི་ འོས་འབབ་ཡོད་མི་ རྒྱལ་ཁབ་ཅིག་གིས་ ལྷན་ཚོགས་ཀྱི་ འགོ་འཛིན་འབད་ཡོདཔ་སྦེ་ གོ་དོན་ལེན་དགོ་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་ལུ་ ཐེམ་སྐས་ཅན་གྱི་ ཆུ་དོང་གི་ ཐོག་སྤུབས་རམ་འགྱོ་བའི་ རྐྱེན་ངན་ནང་ མི་གྲངས་ ༣༥ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༣༠ ལུ་ རྒྱ་གར་གྱི་ དབུས་ཕྱོགས་ཁ་ཐུག་ལུ་ ཧིན་དུའི་ལྷ་ཁང་ཅིག་གི་ ཐེམ་སྐས་ཅན་གྱི་ ཆུ་དོང་གི་ཐོག་སྤུབས་ མམ་འགྱོ་བའི་ རྐྱེན་ངན་ནང་ མི་གྲངས་ ༣༥ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་གྲངས་ ༡༦ དེ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ནུག།རྐྱེན་ངན་དེ་ཡང་ ས་གནས་ཨིན་དོར་ལུ་ ཧིན་དུའི་ལྷ་ཁང་ཅིག་ནང་ རམ་ན་ཝ་མི་ཟེར་མི་ དུས་སྟོན་བརྩི་སྲུང་གི་དོན་ལས་ མི་མང་འདུ་འཛོམས་འབད་བའི་སྐབས་ལུ་ བྱུང་ཡོདཔ་ད་ མི་གྲངས་ ༡༨ དེ་ཅིག་ སྲོག་སྐྱབས་འབད་ཚུགས་ཡོདཔ་ཨིན་པས།རྐྱེན་ངན་བྱུང་སར་ དམག་མི་ ༧༥ གིས་གཙོས་པའི་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ཚུ་གིས་ རག་རོ་ཚུ་ བསལ་ཐོག་ལས་ ཐགཔ་དང་ ཨེ་ཁུག་ཚུ་ ལག་ལེན་འཐབ་སྟེ་ སྲོག་སྐྱབས་ཀྱི་ ལཱ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཨེཛ་གི་ སྲིད་འཛིན་བགྲེསཔ་ ཌོ་ནཱལ་ཊཱམ་ལུ་ སྦ་གསང་ཐོག་གི་ ཏི་རུ་དང་འབྲེལ་བའི་ ཉེས་འཛུགས་འབད་ནི།

བི་བི་སི། ཡུ་ཨེཛ་གི་ སྲིད་འཛིན་བགྲེསཔ་ལུ་ སྤྱི་ལོ་ ༢༠༡༦ ལོར་ སྲིད་འཛིན་བཙག་འཐུའི་སྐབས་ལུ་ འདོད་བརྙན་བཟོ་མི་ཅིག་ལུ་ སྦ་གསང་ཐོག་ལས་ ཏི་རུ་བྱིན་ཡོད་པའི་ ཉེས་འཛུགས་འབད་ནི་ཨིན་པས།རྩོད་དོན་དེ་གི་ ཁ་གསལ་ཚུ་ ད་ལྟོ་ གསང་བརྟོལ་མ་འབད་བར་ཡོད་རུང་ དྲང་དཔོན་ལྷན་ཚོགས་ཅིག་གིས་ སྲིད་འཛིན་བགྲེས་པ་དང་ འདོད་བརྙན་བཟོ་མི་ སི་ཊོར་མི་ ཌེ་ནི་ཡེལཛ་གི་བར་ན་ དགའ་མཐུན་གྱི་ འབྲེལ་བ་ཡོད་མི་དེ་ གསང་བ་སྦེ་ བཞག་ཐབས་ལུ་ མོ་ལུ་ སྲིད་འཛིན་བགྲེསཔ་གིས་ ཌོ་ལར་ ༡༣༠,༠༠༠ བྱིན་ཡོད་པའི་སྐོར་ལས་ དབྱེ་དཔྱད་འབད་བའི་ཤུལ་ལས་ སྲིད་འཛིན་བགྲེསཔ་ལུ་ ཉེས་འཛུགས་བཀལ་དགོཔ་སྦེ་ ཚོགས་རྒྱན་བཙུགས་ནུག།སྐྱེས་ལོ་ ༧༦ འབད་མི་ སྲིད་འཛིན་བགྲེསཔ་ཊཱམ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་ བདེན་ཁུངས་མེདཔ་སྦེ་ བཤད་དོ་ཡོདཔ་ད་ ཡུ་ཨེཛ་ལུ་ སྲིད་འཛིན་བགྲེསཔ་ཚུ་གི་གྲས་ལས་ དེ་བཟུམ་མའི་ ཉེས་འགེལ་གྱི་ ཉེས་འཛུགས་བཀལ་ནི་དེ་ འགོ་དང་པ་ཨིན་པས།སྲིད་འཛིན་བགྲེསཔ་དེ་ སྤྱི་ཟླ་ ༤ པའི་ཚེས་ ༣ ལུ་ ཁོ་རའི་སྡོད་ས་ ཕཱོལ་རི་ཌ་ལས་ ནིའུ་ཡོག་གི་ ཁྲིམས་འདུན་ལུ་ ངོ་བཅར་འབད་ནི་ཨིནམ་ད་ […]

gyalchi
World News

རྒྱ་ནག་གིས་ ཏ་ཡེ་ཝཱན་དང་གཅིག་ཁར་ མ་མཐུན་པའི་ ཚ་གྱང་མང་སུ་སྦེ་ བཙུགས་ཡོད་རུང་ རྒྱལ་ཁབ་དེ་ ཞི་བའི་ཐོག་ལུ་ར་ གནས་ཏེ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༣༠ ལུ་ ཏ་ཡེ་ཝཱན་གྱི་སྲིད་འཛིན་ ཙ་ཡེ་ཨིང་ཝེན་གྱིས་ ནིའུ་ཡོག་ལུ་ གསུངས་དོ་བཟུམ་འབད་བ་ཅིན་ རྒྱ་ནག་གིས་ དོན་ཆེད་སྦེ་ར་ ཏ་ཡེ་ཝཱན་དང་གཅིག་ཁར་ མ་མཐུན་པའི་ ཚ་གྱང་བཙུགས་ཏེ་འབད་རུང་ ད་ཚུན་གྱི་བར་ན་ དུས་རྒྱུན་དང་མ་འདྲ་བའི་ དྲག་པོའི་ལག་ལེན་ཚུ་ ག་ནི་ཡང་ མ་འཐབ་ཟེར་ཨིན་པས།སྲིད་འཛིན་ཙ་ཡེ་དེ་ སྤྱི་ཟླ་ ༣ པའི་ཚེས་ ༢༩ ལུ་ གཟིགས་སྐོར་གྱི་དོན་ལས་ ནིའུ་ཡོག་ལུ་ ཕེབས་ཡོདཔ་ད་ ལོཛ་ཨེན་ཇེ་ལེཛ་ལུ་སྦེ་ ཡུ་ཨེཛ་གི་ཚོགས་དཔོན་ ཀེ་ཝིན་མེག་ཀར་ཐེ་དང་གཅིག་ཁར་ མཇལ་ཕྲད་མཛད་དེ་ བདུན་ཕྲག་ཤུལ་མའི་ནང་ ཏ་ཡེ་པི་ལུ་ ལོག་འབྱོན་ནི་ཨིན་པས།གནད་དོན་དེ་ལུ་ རྒྱ་ནག་གིས་ དེ་བཟུམ་མའི་ འབྲེལ་བ་ལུ་བརྟེན་ཏེ་ ཡུ་ཨེཛ་དང་ རྒྱ་ནག་གི་བར་ན་ གདོང་ལན་ཅན་གྱི་ ཉེན་ཁ་སྦོམ་སྦེ་ར་ འཐོན་སྲིད་ནི་གི་ ལཱ་ཅིག་ཨིན་ཟེར་བཤད་ནུག།བརྟག་དཔྱད་མཁས་མཆོག་ ལ་ལོ་ཅིག་གིས་འབད་བ་ཅིན་ ད་རེས་ ཏ་ཡེ་ཝཱན་གྱི་ སྲིད་འཛིན་གྱིས་ ཡུ་ཨེཛ་ལུ་ གཟིགས་སྐོར་གནང་མི་དེ་ སྤྱི་ལོ་ ༡༩༧༩ ལས་ཚུར་ ཝ་ཤིང་ཊཱོན་དང་ བེ་ཇིང་གི་བར་ན་ […]

gyalchi
Online now: 14 Today: 720 Total visitors: 10750