ArchiveAboutContact

Category: Special News

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཞབས་དྲུང་སྐུ་མཆོད་ བརྩི་སྲུང་ཞུ་སར་དབུ་བཞུགས།

རང་ཟླ་ ༣ པའི་ཚེས་ ༡༠ སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤུ་ན་ཁ་རྫོང་ནང་ ག་ནི་བ་ རྩ་ཆེ་བའི་ ཞབས་དྲུང་སྐུ་མཆོད་ བརྩི་སྲུང་ཞུ་སར་ ཆིབས་བསྐྱོད་གནང་སྟེ་ ཐུགས་སྨོན་ཚུ་གནང་ནུག། ཞབས་དྲུང་སྐུ་ཆོས་དེ་ འབྲུག་རྒྱལ་ཁབ་ གཞི་བཙུགས་གནང་མི་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ དགོངས་པ་ཆོས་དབྱིངས་ལུ་ཐིམས་པའི་ དུས་དྲན་ཅིག་ཨིནམ་ད་ སྤུ་ན་ཁ་རྫོང་དེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ གདན་ས་གཙོ་བོ་ཅིག་ཨིན་པའི་ གནས་ཚུལ་མདོར་བསྡུས།

Special News

ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ སྙིང་ཐིག་ཡ་བཞི་དང་ འདུས་པ་མདོ་དབང་གི་ དབང་ལུང་གནང་ནི།

མགོན་པོ་རྡོ་རྗེ། ཐིམ་ཕུ་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཉིན་གྲངས་ ༣༢ ཀྱི་རིང་ལུ་ སྙིང་ཐིག་ཡ་བཞི་དང་ འདུས་པ་མདོ་དབང་གི་ ལྗགས་ལུང་དང་ བཀའ་དབང་ཚུ་ གནང་ནི་ཨིན་པས།དེ་ཡང་ རང་ཟླ་ ༣ པའི་ཚེས་ ༨ སྤྱི་ཟླ་ ༥ པའི་ཚེས་ ༥ ལས་ འགོ་བཙུགས་ཏེ་ རང་ཟླ་ ༤ པའི་ཚེས་ ༡༠ སྤྱི་ཟླ་ ༦ པའི་ཚེས་ ༥ ཚུན་ ཉིན་བསྟར་བཞིན་དུ་ དྲོ་པའི་ཆུ་ཚོད་ ༩ ལས་ ཉིན་ཡོལ་ཆུ་ཚོད་ ༡ གི་རིང་ལུ་ བཀའ་དབང་གནང་ནི་དང་ ཉིན་ཡོལ་ཆུ་ཚོད་ ༢ ལས་ ཕྱི་རུའི་ཆུ་ཚོད་ ༥ གི་རིང་ལུ་ ལྗགས་ལུང་གནང་ནི་གི་ ལས་རིམ་ཡོད་ཟེར་ བུམ་ཐང་ལྷོ་བྲག་མཁར་ཆུ་གྲྭ་ཚང་གི་ མཁན་པོ་བློ་གསལ་དབང་པོ་གིས་ གསུངས་གནང་ཡི།བཀའ་དབང་དེ་གི་རིང་ལུ་ དད་ལྡན་མི་སེར་ཚུ་ག་ར་ བྱ་སྟབས་བདེ་ཐབས་ལུ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་བཱཛ་དང་ […]

Special News

ཏ་ར་ཡ་ན་གཞི་ཚོགས་ གཞི་བཙུགས་མཛད་དེ་ ལོ་ངོ་ ༢༢ འཁོར་བའི་ དུས་དྲན་བརྩི་སྲུང་།

སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ ཐིམ་ཕུ་གསེར་ཁྲིར་མངའ་གསོལ་གླིང་ག་ནང་ ཏ་ར་ཡ་ནའི་ འགྲེམ་སྟོན་ཐེངས་ ༡༩ པ་དང་གཅིག་ཁར་ ཏ་ར་ཡ་ན་གཞི་ཚོགས་ གཞི་བཙུགས་མཛད་དེ་ ལོ་ངོ་ ༢༢ འཁོར་བའི་ དུས་དྲན་ཡང་ བརྩི་སྲུང་ཞུ་ཡོདཔ་ད་ དེ་ཡང་ “གྲོང་གསེབ་ཀྱི་ ལོངས་སྤྱོད་ལུ་དགའ་སྟོན་- མ་འོངས་པའི་ཡུན་བརྟན་”ཟེར་བའི་ བརྗོད་དོན་ཐོག་ལུ་ བརྩི་སྲུང་ཞུ་ཡོདཔ་ཨིན་པས།འགྲེམ་སྟོན་དང་ དུས་དྲན་མཉམ་འབྲེལ་དེ་ནང་ བཻ་རོ་ཙ་ན་རིན་པོ་ཆེ་ ངག་དབང་འཇིགས་མེད་འཇིག་རྟེན་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་ དེ་ཡང་ ཆེ་མཐོའི་དཔོན་ཁག་ཚུ་དང་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གི་ སྐུ་ན་གཞོན་པའི་སྐབས་ཀྱི་ མཛའ་གྲོགས་ཚུ་གིས་ གྲལ་གཏོགས་མཛད་ནུག།དེ་བསྒང་ མི་དབང་རྒྱལ་ཡུམ་མཆོག་གི་ འཁྲུས་སྐར་དུས་སྟོན་ ཐེངས་ ༧༠ པ་དང་འབྲེལ་ཏེ་ བྱམས་བརྩེ་ཅན་གྱི་ མཁྱེན་གཟིགས་ཆེ་བའི་ དབུ་ཁྲིད་མཆོག་ལུ་ གུས་བཏུད་ཀྱི་ཚུལ་ལུ་ ཏ་ར་ཡ་ན་གཞི་ཚོགས་ཀྱི་ འཕྲོ་མཐུད་ཅན་གྱི་ མཛད་བཟང་ལུ་ སྨོན་འདུན་ཐོག་ལས་ སྐུ་གསུང་ཐུགས་རྟེན་གྱི་ མནྜལ་ཅིག་ཡང་ ཕུལ་ཡོདཔ་ཨིན་པས།དེ་ལས་ བཻ་རོ་ཙ་ན་རིན་པོ་ཆེ་ ངག་དབང་འཇིགས་མེད་འཇིག་རྟེན་དབང་ཕྱུག་མཆོག་གིས་ […]

Special News

འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ མཛད་རྣམ་བཅུད་བསྡུས།

མགོན་པོ་རྡོ་རྗེ། རྩོམ་སྒྲིག་གཙོ་འཛིན། ད་རིས་ སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་ དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་དང་འབྲེལ་ཏེ་ རྒྱལ་ཁབ་ནང་ སློབ་དཔོན་གྱི་ཉིནམ་སྦེ་ བརྩི་སྲུང་ཞུ་བའི་ དགའ་སྟོན་རྟེན་འབྲེལ་འདི་ཁར་ རྒྱལ་སྤྱི་གསར་ཤོག་གི་ཧོངས་ལས་ བཀྲ་ཤིས་བདེ་ལེགས་ཀྱི་ མེ་ཏོག་ཕུལ་ནི་དང་གཅིག་ཁར་ བཀྲིན་རྗེས་དྲན་གྱི་དོན་ལས་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ མཛད་རྣམ་མདོར་བསྡུས་ཅིག་ ཞུ་ནི་ཨིན། དེ་ཡང་ རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ འབྲུག་གི་རྒྱལ་རབས་གཉིས་པ་ མི་དབང་འཇིགས་མེད་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་བཙུན་ ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་མཆོག་གི་སྲས་ལུ་ རབ་བྱུང་ ༡༦ པའི་ ས་འབྲུག་ཟླཝ་ ༣ པའི་ཚེས་ ༡༣ སྤྱི་ལོ་ ༡༩༢༨ སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ ཀྲོང་གསར་ཁྲུས་སྤང་གི་ཕོ་བྲང་ནང་ མཚན་ལྟས་བཟང་པོ་དང་བཅསཔ་སྦེ་ སྐུ་འཁྲུངས་ཡོདཔ་ལས་ རྒྱབ་ཁབ་ནང་ བདུན་ཕྲག་ ༡ གི་རིང་ལུ་ འཁྲུངས་སྟོན་ཚུ་ཡང་ རྒྱས་ཤིང་རྒྱསཔ་སྦེ་ མཛད་གནང་ནུག། དེ་སྦེ་ […]

Special News

མཐའ་ཡས་ལེན་གྱི་ མི་དབང་རྒྱལ་བཙུན་རྣམ་ ༢ ལོག་བྱོན་ཡོདཔ།

མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ འབྲུག་རྒྱལ་ཁབ་ནང་ ཉིན་གྲངས་ ༤ གི་རིང་ལུ་ གཟིགས་སྐོར་གནང་པའི་ཤུལ་ལས་ སྤྱི་ཟླ་ ༤ པའི་ཚེས་ ༢༨ ལུ་ ལོག་བྱོན་ཡི། དེ་སྦེ་ ལོག་བྱོན་པའི་སྐབས་ལུ་ རྒྱལ་ཁབ་ ༢ ཀྱི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གི་བར་ན་ མཐུན་ལམ་དམ་ཟབ་དང་ ཐུགས་བརྩེ་སྦོམ་ཡོད་པའི་ བརྡ་མཚོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ཚུན་ ཞབས་སྐྱེལ་མཛད་གནང་ནུག། དེ་གི་ཧེ་མར་ མཐའ་ཡས་ལེན་གྱི་ མི་དབང་རྒྱལ་བཙུན་རྣམ་ ༢ སྤ་རོ་དུང་དཀར་རྫོང་ནང་ གཟིགས་སྐོར་གནང་པར་ བྱོན་པའི་སྐབས་ལུ་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་དང་ སྤ་རོའི་མི་སེར་ཚུ་གིས་ དགའ་ཚོར་དང་བཅས་པའི་སྒོ་ལས་ ཕེབས་བསུ་ཞུ་ཡོདཔ་མ་ཚད་ སློབ་ཕྲུག་ཚུ་གིས་ཡང་ བྱོན་ལམ་བདའ་སྟེ་ རྒྱལ་ཁབ་ ༢ ཀྱི་ རྒྱལ་དར་འབག་ཐོག་ལས་ བྱོན་ལེགས་ཞུ་ཡོད་པའི་གནས་ཚུལ།

Special News

མཐའ་ཡས་ལེན་གྱི་ མི་དབང་རྒྱལ་བཙུན་རྣམ་ ༢ ཀྱིས་ འབྲུག་གི་རྩེད་རིགས་ཚུ་ནང་གྲལ་བཞུགས།

སྤྱི་ཟླ་ ༤ པའི་ཚེས་ ༢༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་དང་ མི་དབང་རྒྱལ་བཙུན་རྣམ་ ༢ གླིང་ག་ནང་ཕོ་བྲང་ནང་ མགྲོན་ཞུ་མཛད་གནང་ནུག། དེ་བསྒང་ མཐའ་ཡས་ལེན་གྱི་ མི་དབང་རྒྱལ་བཙུན་རྣམ་ ༢ ལུ་ འབྲུག་གི་ལམ་སྲོལ་དང་ ལག་རྩལ་གྱི་ ཉམས་མྱོང་དོན་ལས་ རང་ལུགས་མདའ་རྩེད་དང་ ཁུ་རུ་ སོག་སོགམ་ཚུ་གིས་གཙོས་པའི་ འབྲུག་གི་ལག་རྩལ་དང་ ལྷ་བྲིས་ ནང་འཁོད་ཐོན་སྐྱེད་ཚུ་གི་ འགྲེམ་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས། དེ་ཚེ་ཉིན་མར་ མཐའ་ཡས་ལེན་གྱི་ མི་དབང་རྒྱལ་བཙུན་རྣམ་ ༢ བཀའ་རྒྱ་ཁྲོམ་ཁར་ གཟིགས་སྐོར་ལུ་ ཕེབས་པའི་སྐབས་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ དེ་ལས་ མི་དབང་རྒྱལ་སྲས་ ཨྱོན་འཇིགས་མེད་དབང་ཕྱུག་ཚུ་གིས་ ཕེབས་བསུ་ཞུ་ཡོདཔ་ད་ བདེ་སྲུངཔ་ཚུ་གིས་ བདེ་སྲུང་རིག་རྩལ་གོང་འཕེལ་ལས་རིམ་མ་འདྲཝ་ཚུ་ འགྲེམ་སྟོན་འབད་བའི་ཁར་ ཟློས་གར་གྱི་ གཟིགས་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ནུག། དེ་མ་ཚད་ མཐའ་ཡས་ལེན་གྱི་ མི་དབང་རྒྱལ་བཙུན་རྣམ་ ༢ ཀྱིས་ […]

Special News

མཐའ་ཡས་ལེན་གྱི་ མི་དབང་རྒྱལ་བཙུན་རྣམ་གཉིས་ ཀུན་གསལ་ཕོ་བྲང་ལུ་ ཐུགས་སྨོན་གནང་པར་བྱོན་ཡོདཔ།

སྤྱི་ཟླ་ ༤ པའི་ཚེས་ ༢༦ གི་དྲོ་པར་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་དང་ མི་དབང་རྒྱལ་བཙུན་མཆོག་དང་གཅིག་ཁར་ ཀུན་གསལ་ཕོ་བྲང་ལུ་ ཐུགས་སྨོན་གནང་པར་ བྱོན་གནང་ཡི།དེ་བསྒང་ མཐའ་ཡས་ལེན་གྱི་ དགེ་སློང་ཞག་གྲངས་ ༧༤ དང་ འབྲུག་པའི་དགེ་སློང་ཞལ་གྲངས་ ༧༤ གིས་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་དང་ མི་དབང་རྒྱལ་བཙུན་མཆོག་ སྐུ་ཚེ་ཞབས་པད་བརྟན་ཐབས་ལུ་ དཀར་མེ་སྟོང་མཆོད་ཕུལ་ཐོག་ལས་ སྨོན་ལམ་ཚུ་ཡང་ གནང་ཡོདཔ་ཨིན་པས།དེ་མ་ཚད་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབྲུག་མི་ཚུ་གི་དོན་ལུ་ སྟོན་པའི་རིང་བསྲེལ་བྱིན་ཅན་ཅིག་ ཕུལ་གནང་མི་དང་ཅིག་ཁར་ འབྲུག་ལུ་ཡོད་མི་ རིང་བསྲེལ་ ༤ དང་བཅསཔ་སྦེ་ ཀུན་གསལ་ཕོ་བྲང་ལུ་ མི་མང་ལུ་ མཇལ་ཁ་གནང་ཡོདཔ་མ་ཚད་ སྐྱབས་རྗེ་རྗེ་མཁན་པོ་རིན་པོ་ཆེ་མཆོག་གིས་ རིང་བསྲེལ་མཇལ་ཁ་ཞུ་བར་དང་ སྨོན་ལམ་བཏབ་པར་འཛོམས་མི་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ ཚེ་དཔག་མེད་དང་ རྟ་མགྲིན་ཟུང་འབྲེལ་གྱི་ བཀའ་དབང་ཡང་གནང་ནུག།དེ་ལས་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ སྐུ་མདུན་ལུ་ བཅར་བའི་ཤུལ་ལས་ བདེ་ཆེན་ཆོས་གླིང་ རྒྱལ་འཛིན་ལས་འགུལ་ལུ་ […]

Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ ཚེ་རྟ་ཟུང་འབྲེལ་གྱི་བཀའ་དབང་།

མགོན་པོ་རྡོ་རྗེ། རང་ཟླ་ ༢ པའི་ཚེས་ ༢༩ སྤྱི་ཟླ་ ༤ པའི་ཚེས་ ༢༦ ལུ་ མཐའ་ཡས་ལེན་གྱི་རྒྱལཔོ་ མི་དབང་ མཧཱ་ ཝ་ཇི་ར་ལོང་ཀཱོན་མཆོག་དང་ མི་དབང་རྒྱལ་བཙུན་ སུ་ཐི་དྷ་མཆོག་ འབྲུག་རྒྱལ་ཁབ་ནང་ གཞུང་འབྲེལ་གཟིགས་སྐོར་ལུ་ བྱོན་གནང་པའི་ དགའ་སྟོན་བརྩི་སྲུང་དང་ སྐུ་རིམ་ལུ་དམིགས་ཏེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ མི་དམངས་ལུ་ སངས་རྒྱས་ཚེ་དཔག་མེད་དང་ རྟ་མགྲིན་ཟུང་འབྲེལ་གྱི་ བཀའ་དབང་གནང་ཡི།དེ་བཟུམ་སྦེ་ མཐའ་ཡས་ལེན་གྱི་ མི་དབང་རྒྱལ་བཙུན་རྣམ་ ༢ ཀྱིས་ བསྣམས་བྱོན་ཡོད་མི་ སྟོན་པའི་རིང་བསྲེལ་བྱིན་ཅན་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཞེས་གནང་པའི་ཤུལ་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ གཞུང་གྲྭ་ཚང་གི་ སློབ་དཔོན་ལྷན་རྒྱས་ཚུ་གིས་ མར་མེ་སྨོན་ལམ་ གནང་ཡོདཔ་ད་ སྟོན་པའི་རིང་བསྲེལ་བྱིན་ཅན་དེ་ ད་རེས་ནངས་པར་ ཀུན་གསལ་ཕོ་བྲང་ལུ་སྦེ་ མི་དམངས་ལུ་ མཇལ་ཁ་གནང་དོ་ཡོདཔ་ཨིན་པས།དེ་ལས་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་དང་ ཚོགས་ཀྱི་སློབ་དཔོན་ མཐའ་ཡས་ལེན་གྱི་ བླ་ཆེན་རྣམ་ ༢ ཀྱིས་ […]

Special News

མཐའ་ཡས་ལེན་གྱི་ མི་དབང་རྒྱལ་བཙུན་རྣམ་ ༢ ཀྱིས་ འབྲུག་ལུ་ རྒྱལ་རབས་ཅན་གྱི་གཟིགས་སྐོར།

པདྨ་དབང་འདུས། སྤྱི་ཟླ་ ༤ པའི་ཚེས་ ༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ དམིགས་བསལ་གྱིས་ འབྱོན་ལེགས་ཞུ་ནིའི་དོན་ལུ་ སྐུ་ངོ་བོ་སྦེ་ བྱོན་ཞིནམ་ལས་ ཕེབས་བསུ་ཞུ་གནང་ཡི།མཐའ་ཡས་ལེན་གྱི་རྒྱལཔོ་ མི་དབང་མཧཱ་ ཝ་ཇི་ར་ལོང་ཀཱོན་ ཕ་ར་ ཝ་ཇི་རག་ལོ་ཅོ་ཡུ་ཧཱ་མཆོག་དང་ མི་དབང་རྒྱལ་བཙུན་ སུ་ཐི་ད་ བ་ཇ་ར་སུ་དྷ་བི་མ་ལ་ལག་ཤ་ན་མཆོག་ འབྲུག་མངའ་བདག་རྒྱལཔོ་མཆོག་གིས་ མགྲོན་བརྡ་ཕུལ་གནངམ་བཞིན་དུ་ ཉིན་གྲངས་ ༤ གི་ གཞུང་དོན་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ནུག།མཐའ་ཡས་ལེན་གྱི་ མི་དབང་རྒྱལ་པོ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ འབྲུག་གི་མི་སེར་ཡོངས་ཀྱིས་ དགའ་མགུ་ཡི་རངས་ཀྱི་སྒོ་ལས་ ཕེབས་བསུ་ཞུ་མི་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་དང་ ལེགས་སྨོན་དམ་ཟབ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།དེ་ཡང་ སྤ་རོ་ལས་ ཐིམ་ཕུ་ཚུན་གྱི་ ཁོར་ལམ་བདའ་སྟེ་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་གིས་ མི་དབངརྒྱལ་པོ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ གུས་བཏུད་ཀྱི་སྒོ་ལས་ རྒྱལ་དར་ཚུ་གཡུག་སྟེ་ ཕེབས་བསུ་ཞུ་བའི་ཁར་ མེ་ཏོག་ཚུ་ཡང་ ཕུལ་ཡོདཔ་ད་ འཁོར་ལམ་གྱི་ […]

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་ཏོ་ཨ་ཌམ་ ཧུ་ཊུན་ལུ་ བདེ་སྲུང་གསེར་གྱི་རྟགས་མ།

སྤྱི་ཟླ་ ༤ པའི་ཚེས་ ༢༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་ཏོ་ཨ་ཌམ་ ཧུ་ཊུན་གྱིས་ མི་ཡན་མར་ རྒྱལ་ཁབ་ནང་ སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ ས་ཡོམ་ཚབས་ཆེན་རྐྱབ་པའི་ཤུལ་ལས་ འབྲུག་ལས་ གྲོགས་རམ་གྱི་དོན་ལུ་ བཏང་གནང་མི་ འབྲུག་གི་སྨན་བཅོས་གྲོགས་རམ་སྡེ་ཚན་ལུ་ ཁྱད་དུ་འཕགས་པའི་ རྒྱབ་སྐྱོར་འབད་ཡོད་པའི་ ངོས་འཛིན་ཐོག་ལུ་ ཁས་བླངས་ཀྱི་དོན་ལས་ འབྲུག་གི་གཟེངས་རྟགས་མཐོ་ཤོས་ཨིན་མི་ བདེ་སྲུང་གསེར་གྱི་རྟགས་མ་ གནང་ཡོདཔ་ཨིན་པས། འཐུས་མི་ ༨༧ འབད་མི་ འབྲུག་གི་སྡེ་ཚན་གྱིས་ རྐྱེན་ངན་གྱི་ ས་ཁོངས་ནང་ གནད་འགག་ཆེ་བའི་ སྨན་བཅོས་གྲོགས་རམ་ཚུ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ཚུགསཔ་ བཟོ་ནིའི་ནང་ ད་ཏོ་ཨ་ཌམ་ ཧུ་ཊུན་གྱིས་ བྱམས་བརྩེའི་སྒོ་ལས་ གྲོགས་རམ་ཚུ་ དུས་ཚོད་ཁར་འབད་ནུག། གཟེངས་རྟགས་དེ་ཡང་ ཁོ་གི་ཁྱད་དུ་འཕགས་པའི་ ཞབས་ཏོག་དང་ འབྲུག་དང་ མི་ཡན་མར་གྱི་བར་ན་ མཐུན་ལམ་བཙན་ཐབས་ལུ་ ཁྱད་དུ་འཕགས་པའི་  ལྷན་ཐབས་འབད་མི་ལུ་ ངོས་འཛིན་གྱི་དོན་ལས་ གནང་ཡོདཔ་ཨིན་པས། དེམ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ […]

Online now: 20 Today: 1887 Total visitors: 9107