ArchiveAboutContact

Category: National News

National News

མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ལུང་ནག་ནང་ལུ་གཟིགས་སྐོར།

ཡིག་ཚང་ལས་བྱེདཔ།སྤྱི་ཟླ་ ༡༠ པའི་ཚེས་ ༡༦ ལས་ ༢༡ ཚུན་ འབྲུག་གི་དོན་ལུ་ འཛམ་གླིང་སྤྱི་ཚོགས་ མི་རློབས་མ་དངུལ་གྱི་ ལེགས་སྨོན་སྐུ་ཚབ་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་ མི་མང་འཕྲོད་བསྟེན་གྱི་ གཙོ་རིམ་དང་ མི་སྡེའི་གནད་དོན་ཚུ་དང་འབྲེལ་བའི་ ཆེ་མཐོའི་གནས་ཚད་ཐོག་ལུ་ གོ་བརྡའི་ལས་རིམ་གྱི་ ཆ་ཤས་ཅིག་སྦེ་ མགར་ས་རྫོང་ཁག་ ལུང་ནག་ནང་ལུ་ ཆིབས་བསྐྱོད་གནང་ནུག།མི་དབང་རྒྱལ་ཡུམ་མཆོག་གི་ ཕྱག་ཞུ་སྟེ་ མི་དབང་རྒྱལ་སྲསམོ་ ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་དང་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་ དེ་ལས་ གསོ་བའི་ལྷན་ཁག་དང་ ཤེས་རིག་ལྷན་ཁག་གི་ དྲུང་ཆེན་ངོ་ཚབ་ མཉམ་འབྲེལ་འཐབ་མི་ ལྷན་ཁག་དང་ ལས་སྡེ་ཚུ་གི་ འགོ་དཔོན་ཚུ་ཡོདཔ་ཨིན་པས།གཟིགས་སྐོར་དེ་ཡང་ འཛམ་གླིང་སྤྱི་ཚོགས་ མི་རློབས་མ་དངུལ་དང་ གསོ་བའི་ལྷན་ཁག་ ཤེས་རིག་ལྷན་ཁག་ ཨམ་སྲུའི་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ དེ་ལས་ རྒྱལ་ཡུམ་གྲོགས་རམ་ བློ་གཏད་མ་དངུལ་ཚུ་ མཉམ་འབྲེལ་ཐོག་ལུ་ འགོ་འདྲེན་འཐབ་ཅི་ཟེར་ རྒྱལ་ཡུམ་གྲོགས་རམ་ བློ་གཏད་མ་དངུལ་ ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།མི་དབང་རྒྱལ་ཡུམ་མཆོག་གིས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༧ […]

gyalchi
National News

ཐིམ་ཕུ་ལུ་ དགོངས་རྫོགས་མཆོད་རྟེན་ནང་ ཉིན་གྲངས་ ༡༠ གི་རིང་ལུ་ ལོ་བསྟར་གྱི་ ཕུར་པའི་སྒྲུབ་ཆེན།

ལྷག་པ་གྲུབ་པ།ཐིམ་ཕུ་ལུ་ དགོངས་རྫོགས་མཆོད་རྟེན་ནང་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་མི་ ཕུར་པའི་སྒྲུབ་ཆེན་དེ་ བར་མཚམས་བླམ་ ཨྱོན་རྣམ་གྲོལ་ དབུ་བཞུགས་ཐོག་ལུ་ སྒོམ་ཆེན་དང་ དགེ་སློང་ཞལ་གྲངས ༥༠ དེ་ཅིག་གིས་ ཉིན་གྲངས་ ༡༠ གི་རིང་ལུ་ གནང་དོ་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡༦ ལས་ འགོ་བཙུགས་ཡོདཔ་ད་ སྒྲུབ་ཆེན་འདི་ ལོ་བསྟར་བཞིན་དུ་ གཞུང་གྲྭ་ཚང་གི་ འགོ་འདྲེན་་ཐོག་ལས་ སྤྱིར་འཛམ་གླིང་དང་ལྷག་པར་དུ་ རྒྱལ་ཁབ་འདི་ནང་ ནད་ཡམས་མུ་གེ་དང་ དམག་འཁྲུག་ཚུ་ ཞི་ཐབས་ལུ་ཨིན་ཟེར་ བར་མཚམས་སྒོམ་སྡེའི་སྐུ་དྲུང་ སློབ་དཔོན་ཚེ་དབང་བཀྲིས་ཀྱིས་ བཤདཔ་ཨིན་པས།སྒྲུབ་ཆེན་འདི་ བདུད་འཇོམས་རིན་པོ་ཆེ་ སྐྱབས་རྗེ་འཇིགས་འབྲལ་ཡེས་ཤེས་རྡོ་རྗེའི་ གཏེར་ཆོས་ལས་ཨིན་མི་ ཕུར་པ་གནམ་ལྕགས་སྤུ་གྲིའི་ སྒྲུབ་ཆེན་ཨིནམ་ལས་ ག་ནི་བ་ རྩ་ཆེ་བའི་ཁར་ བྱིན་རླབས་ཆེ་ཤོས་ཅིག་ཡང་ཨིན་པས།དེ་མ་ཚད་ དགོངས་རྫོགས་མཆོད་རྟེན་འདི་ སྐྱབསརྗེ་འཇིགས་འབྲལ་ཡེས་ཤེས་རྡོ་རྗེ་མཆོག་གི་ ལུང་བསྟན་དང་འཁྲིལ་ཏེ་ གདུང་སྲས་འཕྲིན་ལས་ནོར་བུ་དང་ བླམ་བསོད་ནམས་བཟང་པོ་ ༢ དབུ་ཞུགས་ཐོག་ལུ་ མི་དབང་ཞིང་གཤེགས་དམ་པ་ འབྲུག་རྒྱལ་ ༣ པའི་ རྗེས་དྲན་ལུ་ བཞེངས་གནང་ནུག།སྒྲུབ་ཆེན་དེ་ […]

gyalchi
National News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ རྗེས་དྲན་དུས་ཀྱི་སྦྲང་ཆར་ཟེར་མི་ དུས་དེབ་འགོ་འབྱེད།

སྤྱི་ཟླ་ ༡༠ པའི་ཚེས་ ༢༠ རང་ཟླ་ ༨ པའི་ཚེས་ ༢༥ ལུ་ མར་ངོའི་དུས་བཟང་གི་ཉིན་མར་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཀུན་གསལ་ཕོ་བྲང་ལུ་ ཀུན་མཁྱེན་བཀའ་འབུམ་གྱི་ ལྗགས་ལུང་གནངམ་དང་འབྲེལ་ཏེ་ རྗེས་དྲན་དུས་ཀྱི་སྦྲང་ཆར་ཟེར་མི་ དུས་དེབ་ཅིག་ འགོ་འབྱེད་མཛད་གནང་ནུག།དེ་ཡང་ གཞུང་གྲྭ་ཚང་ དབུ་བརྙེས་ཏེ་ མི་ལོ་ ༤༠༠ འཁོར་བའི་ དུས་དྲན་དང་ ཐིམ་ཕུ་བདེ་ཆེན་ཕོ་བྲང་ དགེ་འདུན་སློབ་གྲྭ་ གཞི་བཙུགས་གནང་སྟེ་ མི་ལོ་ ༥༠ འཁོར་བའི་ དུས་དྲན་བརྩི་སྲུང་ལུ་དམིགས་ཏེ་ཨི

gyalchi
National News

མི་དབང་ཞབས་ལས་ བསམ་གྲུབ་ལྗོངས་མཁར་གྱི་ རྫོང་བདག་གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་པོའི་ཞིང་ལུ་ གཟིགས་སྐོར་གནངམ་དང་འབྲེལ་ཏེ་ བཀྲིས་དབང་མོ་དེ་ བསམ་གྲུབ་ལྗོངས་མཁར་གྱི་ རྫོང་བདག་གསརཔ་སྦེ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།དེ་ཡང་ བཀྲིས་དབང་མོ་གིས་ དུས་ཅི་ སྤྱི་ཟླ་ ༣ པའི་ནང་ལས་ བསམ་གྲུབ་ལྗོངས་མཁར་ལུ་ གནས་སྐབས་ཀྱི་ རྫོང་བདག་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

gyalchi
National News

ཁྱད་རིག་དང་པའི་ འགོ་དཔོན་ཚུ་ བཀོད་ཁྱབ་གནས་རིམ་གྱི་དོན་ལས་ བརྟག་ཞིབ་ཆོས་རྒྱུགས་ལེན་ནི།

རྡོ་རྗེ་དབང་ཕྱུག་དང་ལྷག་པ་གྲུབ་པ།སྤྱི་ཟླ་ ༡༡ པའི་ ཚེས་ ༡༢ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ གཞི་བཀོད་དང་འཁྲིལ་ཏེ་ འོས་འབབ་ཅན་གྱི་ འགོ་ཁྲིདཔ་བཙག་འཐུའི་དོན་ལས་ འཛིན་སྐྱོང་ཁྱད་རིག་ ༡ པའི་ནང་ཡོད་མི་ འགོ་དཔོན་ཚུ་གི་ བརྟག་ཞིབ་ཆོས་རྒྱུགས་ ལེན་ནི་ཨིན་རུང་ མཐར་མ་འཁྱོལ་མི་ཚུ་ གཞུང་གཡོག་ནང་ལས་ གཏོན་མི་གཏང་ནི་ཨིན་པས།དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བཀོད་ཁྱབ་གནས་རིམ་གྱི་དོན་ལུ་ བློ་འདོད་ཡོད་མི་ འཛིན་སྐྱོང་ཁྱད་རིག་ ༡ པའི་ འགོ་དཔོན་ཚུ་གིས་ བརྟག་ཞིབ་ཆོས་རྒྱུགས་ནང་ གྲལ་གཏོགས་འབད་གནང་ཟེར་ཨིན་པས།དེ་བཟུམ་མའི་ བརྟག་ཞིབ་ལས་རིམ་འདི་ བཀོད་ཁྱབ་གནས་རིམ་ནང་ གོ་གནས་ཡར་སེང་གི་དོན་ལས་ ཨ་རྟག་ར་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དུས་ཅི་ འགོ་ཁྲིདཔ་བརྟག་ཞིབ་དེ་ གནད་དོན་ཁག་ ༤ གི་ཐོག་ལུ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ གནས་ཚུལ་གནས་བཏོན་ནང་བཀོད་ནུག།དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ ཉིན་མའི་ཆུ་ཚོད་ ༢ ལས་ ཕྱི་རོའི་ཆུ་ཚོད་ ༨ ཀྱི་ ནང་འཁོད་ལུ་ […]

gyalchi
National News

མི་རྗེ་བློན་ཆེན་མཆོག་གིས་ སྤ་རོ་ལུ་ བཀའ་རྒྱ་ཁྲོམ་འགོ་འབྱེད།

རྡོ་རྗེ་དབང་ཕྱུག།སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་བཙུན་ཁབ་ཏུ་བཞེས་ཏེ་ མི་ལོ་ ༡༡ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ཏེ་ མི་རྗེ་བློན་ཆེན་མཆོག་གིས་ སྤ་རོ་ལུ་ བཀའ་རྒྱ་ཁྲོམ་ འགོ་འབྱེད་གནང་ནུག།དེ་ཡང་ ཚོང་འདུས་ལུ་ ཨོ་རྒྱན་དཔལ་རི་ཕོ་བྲང་གི་ ཐང་གི་ཟུར་ཁར་ གཞི་བཙུགས་འབད་ཡོད་མི་ སྤ་རོ་བཀའ་རྒྱ་ཁྲོམ་དེ་ གཏན་འཇགས་ཀྱི་ སོ་ནམ་ཁྲོམ་ མ་སྒྲུབ་ཚུན་ཚོད་ སོ་ནམ་ཚོང་ཁྲོམ་སྦེ་ ལག་ལེན་འཐབ་ནི་ཨིན་པས།བཀའ་རྒྱ་ཁྲོམ་དེ་ མི་དབང་མངའ་ཞབས་མཆོག་གི་ བཀའ་རྒྱ་ལྟར་དུ་ སྤ་རོའི་མི་སེར་ཚུ་གི་དོན་ལུ་ མི་དབང་མཆོག་གི་ གསོལ་རས་སྦེ་ ཚོང་འབྲེལ་འཐབ་མི་ཚུ་གིས་ སོ་ནམ་ཐོན་སྐྱེད་ཚུ་ ག་ནི་བ་ ཕན་ནུས་ཆེ་བའི་ མི་སྡེའི་ས་ཁོངས་ནང་ བཟོ་བསྐྲུན་འབད་ནུག།བཀའ་རྒྱ་ཁྲོམ་དེ་ནང་ སོ་ནམ་པ་ཚུ་གི་ ཚོང་ཁང་ ༡༤༧ ཡོདཔ་ད་ ཚོང་ཁང་དེ་ཚུའི་ནང་ ཚོད་བསྲེ་དང་ ཤིང་འབྲས་ དེ་ལས་ ཤ་དང་ གཡུས་ཁ་ལས་འཐོན་མི་ སྒོ་ནོར་འཐོན་སྐྱེད་ཚུ་དང་ བཟའ་འཐུང་ཚུ་ ཚོང་འབྲེལ་འཐབ་ཚུགསཔ་མ་ཚད་ ཨ་ལོ་འཁྱམས་སའི་ ས་གོ་དང་ གླུ་གར་འཁྲབ་སའི་ ཁྲི་སྟེགས་ཚུ་ཡང་ཡོདཔ་ཨིན་པས།བཀའ་རྒྱ་ཁྲོམ་དེ་ མི་འཛོམས་སའི་ ས་གོ་ག་ནི་བ་ […]

gyalchi
National News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་དང་ རྫོང་བདག་ ༥ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

སྤྱི་ཟླ་ ༡༠ པའི་ཚེས་ ༡༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་དང་ བཀྲིས་སྒང་དང་ མོང་སྒར་ དར་དཀར་ནང་ བུམ་ཐང་ རྩི་རང་རྫོང་ཁག་གི་ རྫོང་བདག་ཚུ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ཡི། དེ་ཡང་ དངུལ་རྩིས་དྲུང་ཆེན་ སྐལ་བཟང་བདེ་སྐྱིད་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་སྦེ་ གསར་བསྐོས་གནང་ཡོདཔ་ད་ མཉམ་འབྲེལ་རྩིས་ཞིབ་ཡོངས་ཁྱབ་ ཨྱོན་རྡོ་རྗེ་དེ་ བཀྲིས་སྒང་རྫོང་བདག་དང་ ཕུན་ཚོགས་གླིང་ཁྲོམ་སྡེའི་ བཀོད་ཁྱབ་དྲུང་ཆེན་ ལུང་བསྟན་རྒྱ་མཚོ་དེ་ མོང་སྒར་རྫོང་བདག་ རྩིས་ཞིབ་ཡོངས་ཁྱབ་འོགམ་ བཀྲིས་སྟོབས་རྒྱས་དེ་ དར་དཀར་ནང་རྫོང་བདག་ དེ་ལས་ སོ་ནམས་དང་ ནགས་ཚལ་ལྷན་ཁག་ སྒོ་ནོར་ལས་ཁུངས་ཀྱི་ མཁས་མཆོག་འགོ་འཛིན་ ༣ པ་ རཱད་ན་བྷ་དུར་ གུ་རུང་དེ་ བུམ་ཐང་རྫོང་བདག་དང་ སོ་ནམས་དང་ ནགས་ཚལ་ལྷན་ཁག་ སྒོ་ནོར་ལས་ཁུངས་ཀྱི་ མཁས་མཆོག་འགོ་འཛིན་ ༣ པ་ བསོད་ནམས་དེ་ རྩི་རང་རྫོང་བདག་སྦེ་ གསར་བསྐོས་གནང་འདུག་པའི་གནས་ཚུལ།

gyalchi
National News

མི་དབང་རྒྱལ་བཙུན་མཆོག་གིས་ འཛམ་གླིང་སེམས་ཁམས་འཕྲོད་བསྟེན་གྱི་ ཉིནམ་བརྩི་སྲུང་ནང་དབུ་བཞུགས།

རྡོ་རྗེ་དབང་ཕྱུག། སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ པདྨ་ལྟེ་བའི་ཡིག་ཚང་ནང་ འཛམ་གླིང་སེམས་ཁམས་འཕྲོད་བསྟེན་གྱི་ ཉིནམ་བརྩི་སྲུང་འབད་སར་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་བཞུགས་མཛད་ནུག། དེ་ཡང་ ལོ་བསྟར་བཞིན་དུ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ བརྩི་སྲུང་འབད་དོ་ཡོདཔ་ད་ དུས་ཅི་ འཛམ་གླིང་རྒྱལ་སྤྱིའི་ནང་ སེམས་ཁམས་འཕྲོད་བསྟེན་དང་ ཕན་བདེ་ཟེར་མི་ བརྗོད་དོན་ཐོག་ལུ་ བརྩི་སྲུང་འབད་ཡོདཔ་ཨིན་པས། དེ་བསྒང་ པདྨ་ལྟེ་བའི་ ཡིག་ཚང་དང་ ཡོངས་འབྲེལ་འཆར་སྒོ་ འགོ་འབྱེད་དང་ སྨྱོ་རྫས་ལུ་ ལང་ཤོར་ཐལ་མི་ཚུ་ སྨན་ཁང་ནང་བཞག་སྟེ་ སྨན་བཅོས་དང་ གཅེས་སྐྱོང་ཞབས་ཏོག་ དེ་ལས་ པདྨའི་གྲོགས་རམ་ བརྒྱུད་འབྲེལ་ཞབས་ཏོག་དང་ དབང་བཙོང་བཀག་ཐབས་ཀྱི་ ལམ་སྟོན་ཚུ་ཡོད་མི་ ཡོངས་འབྲེལ་འཆར་སྒོ་དང་ མི་སྡེའི་བརྡ་བརྒྱུད་ལག་ལེན་ཚུ་ འགོ་འབྱེད་མཛད་གནང་ནུག། ཡོངས་འབྲེལ་འཆར་སྒོ་དང་ མི་སྡེ་བརྡ་བརྒྱུད་ཀྱི་ རྒྱུན་ལམ་དེ་གིས་ བརྒྱུད་འཕྲིན་ཨང་ ༡༠༡༠ དང་ ༡༡༢ ཀྱི་ཐོག་ལས་ བསླབ་བྱའི་ཞབས་ཏོག་དང་ སེམས་ཁམས་འཕྲོད་བསྟེན་གྱི་ ཞབས་ཏོག་དང་ བརྡ་དོན་ […]

gyalchi
National News

རྒྱལ་ཁབ་ ༨ ཀྱི་ གཞུང་ཚབ་ཚུ་གིས་ མི་དབང་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ཕུལ་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༧ གྱི་དྲོ་པར་ འབྲུག་ལུ་ རྒྱལ་ཁབ་ ༨ ཀྱི་ གཞུང་ཚབ་ཚུ་གིས་ བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ ཕུལ་ཡོདཔ་ཨིན་པས། དེ་ཡང་ པ་ཀིཛ་ཏཱན་གྱི་གཞུང་ཚབ་ ཨིམ་རཱན་ཨཱ་མཱཌ་ སིད་དི་ཀུ་ཡི་དང་ ཨཱཛ་ཊེ་ལི་ཡའི་གཞུང་ཚབ་ བར་རི་ཨོ་ཕར་རལ་ ཨེ་ཨོ་ ཀོ་རི་ཡའི་གཞུང་ཚབ་ ལི་ཇང་ཀུན་ སིངྒ་པོར་གྱི་གཞུང་ཚབ་ སི་མཱོན་ ཝོང་ཝི་ཀུན་ ཀེ་ན་ཌའི་གཞུང་ཚབ་ ཀེ་མེ་རཱོན་ མེག་ཀི་ ཀ་ཟགཛ་ཏཱན་གྱི་གཞུང་ཚབ་ ནུར་ལན་ ཞཱལ་གཛ་བེ་ཡིབ་ ཨིན་ཌོ་ནེ་ཤི་ཡའི་གཞུང་ཚབ་ ཨི་ན་ཧག་ནི་ནིང་ཊི་ཡཱཛ་ ཀི་རིཛ་མུར་ཐི་ སི་ལོ་ཝེ་ནེ་ཡའི་གཞུང་ཚབ་ མེ་ཊེ་ཇ་ ཝོ་ཌེབ་གྷོཤ་ཚུ་ཨིན་པའི་ གནས་ཚུལ་མདོར་བསྡུས།

gyalchi
National News

མི་དབང་མཆོག་གིས་ ཧིན་དུའི་མི་སྡེ་དང་གཅིག་ཁར་ ད་ས་ཡེན་དུས་སྟོན་བརྩི་སྲུང་།

སྤྱི་ཟླ་ ༡༠ པའི་ཚེས་ ༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་ དེ་ལས་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་མཆོག་གིས་ གླིང་ཀ་ནང་ ཕོ་བྲང་ལུ་སྦེ་ ཧིན་དུའི་མི་སྡེ་དང་གཅིག་ཁར་ ད་ས་ཡེན་དུས་སྟོན་ བརྩི་སྲུང་མཛད་གནང་ནུག། དེ་བསྒང་ མི་དབང་མངའ་ཞབས་མཆོག་གིས་ མི་རྗེ་བློན་ཆེན་དང་ ནང་སྲིད་བློན་པོ་ གྲྭ་ཚང་ལྷན་ཚོགས་དང་ གཞུང་གི་དཔོན་ཁག་ཚུ་ གླིང་ཀ་ནང་ ཕོ་བྲང་ལུ་ མགྲོན་འབོད་ཐོག་ལས་ མི་སྡེ་མ་འདྲཝ་ཚུ་གི་ ངོ་ཚབ་ཚུ་ལུ་ ད་ས་ཡེན་གྱི་ ཀྲི་ཀ་གནང་ཡོདཔ་ཨིན་པས།  དེ་ཡང་ གླིང་ཀ་ནང་ ཕོ་བྲང་ལུ་སྦེ་ ཉིན་གྲངས་ ༣ གྱི་རིང་ལུ་ ལྷ་མོ་རྗོང་གཉེར་མའི་ སྐུ་རིམ་བསྒྲུབས་ཏེ་ བྱིན་རླབས་ཅན་གྱི་ ཀྲི་ཀ་དེ་ མི་སེར་ཚུ་ལུ་ཡང་ བཀྲམ་སྤེལ་གྱི་དོན་ལས་ རྫོང་ཁག་ཚུ་ལུ་ཡང་ བསྐྱལ་གནང་བཏང་ནུག།  སྔར་འཁྱུན་གྱི་ ལམ་སྲོལ་ལྟར་དུ་འབད་བ་ཅིན་ ད་ས་ཡེན་ ཀྲི་ཀ་དེ་ བཟའ་ཚང་ནང་མི་ གཙོ་ཅན་གྱིས་ བཟའ་ཚང་ནང་མི་ གཞན་ཚུ་གི་དཔྱལཝ་གུ་ བཀལ་ནི་ཡོདཔ་ད་ དེ་ཡང་ བཟའ་ཚང་ནང་མི་ཚུ་ […]

gyalchi
Online now: 15 Today: 1888 Total visitors: 9108