ArchiveAboutContact

Category: National News

National News

འབྲུག་ལུ་ རྒྱ་པཱན་གྱི་ ཕྱི་འབྲེལ་བློན་པོ་ ཏ་ཀེ་ཨི་ ཤུན་སུ་ཀེའི་གཟིགས་སྐོར།

སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ལུ་ རྒྱ་པཱན་གྱི་ ཕྱི་འབྲེལ་བློན་པོ་ ཏ་ཀེ་ཨི་ ཤུན་སུ་ཀེ་གིས་གཙོས་པའི་ རྒྱ་པཱན་ཕྱི་འབྲེལ་ལྷན་ཁག་གི་ འགོ་དཔོན་ཚུ་དང་ ནིའུ་དིལླི་ལུ་ཡོད་མི་ རྒྱ་པཱན་གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཚུ་གིས་ འབྲུག་གི་ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་དང་ མཇལ་ཕྲད་མཛད་ནུག། དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ལས་ ༢༣ ཚུན་ ཉིན་གྲངས་ ༣ གྱི་དོན་ལས་ འབྲུག་རྒྱལ་ཁབ་ནང་ གཟིགས་སྐོར་ལུ་ བྱོན་ཡོདཔ་ད་ རྒྱ་པཱན་གཞུང་ཚབ་ སུ་ཟུ་ཀི་ ཧི་རོ་ཤི་དང་ འབྲུག་གི་ཕྱི་འབྲེལ་ལྷན་ཁག་ ཟུང་ཕྱོགས་ལས་ཁུངས་ཀྱི་མདོན་ཆེན་ ཚོགས་ཀྱི་ཆོས་སྒྲོན་ ༢ ཀྱིས་ ཤར་ཕྱོགས་ས་ཁོངས་ནང་ གསོ་བའི་སྐྱོང་བཞག་ཞབས་ཏོག་ བཙན་ཐབས་ཀྱི་ ལས་འགུལ་དོན་ལུ་ གནང་སྦྱིན་ཡིག་ཆ་གུ་ མིང་རྟགས་བཀོད་ནུག། རྒྱ་པཱན་གྱི་ཡེན་ ༥༣༥,༠༠༠.༠༠༠ འབད་མི་ གནང་སྦྱིན་ཐོག་ལས་ སྐྱེས་མ་དང་ ཨ་ལོ་ཚུ་ལུ་ གསོ་བའི་ཞབས་ཏོག་གི་དོན་ལས་ ཤར་ཕྱོགས་རྫོང་ཁག་ ༦ གི་ནང་ཡོད་མི་ […]

gyalchi
National News

རྒྱལ་ཡོངས་ཚོགས་འདུའི་ནང་ལས་ འབྲུག་གི་ཁྲལ་གྱི་དཔྱད་ཡིག་ ༢༠༢༢ ཅན་མ་ཆ་འཇོག།

འབྲུག་གི་ཁྲལ་གྱི་དཔྱད་ཡིག་ ༢༠༢༢ ཅན་མ་དེ་ ཕྱི་དངུལ་ཟུར་གསོག་གིས་ མ་ལང་པའི་ དཀའ་ངལ་བསལ་ནི་དང་ ས་གནས་ཀྱི་ གཙོ་རིམ་ལས་སྡེ་ གོང་འཕེལ་གཏང་ནི་ དེ་ལས་ ནང་འདྲེན་ཚུ་ གོ་སྐབས་ཡོད་པའི་ ནང་འཁོད་འཐོན་སྐྱེད་ཀྱིས་ ཚབ་འཛིན་འབད་ནི་དང་ ཅ་དམ་ཁྲལ་དང་ བཙོང་ཁྲལ་ སྔོ་ལྗང་ཁྲལ་བཅས་ཀྱི་ འཕྲི་སྣོན་ཚུ་ ནང་སྡེབས་འབད་ནིའི་དོན་ལུ་ཨིན་ཟེར་ དངུལ་རྩིས་ལྷན་ཁག་ལས་ བཤདཔ་ཨིན་པས།ད་རེས་ གྲོས་འདེབས་ཕུལ་མི་ ཁྲལ་བསྐྱར་བཟོའི་ནང་ ཁྱབ་ཆེ་བའི་ གནད་དོན་ཚུ་གི་གྲས་ལས་ ཉེར་མཁོའི་ཅ་ཆས་དང་ སོ་ནམ་གྱི་མཐུན་རྐྱེན་ ནང་འཁོད་འཐོན་སྐྱེད་ མཐའ་འཁོར་གནས་སྟངས་ལུ་གནོད་མི་ འཐོན་སྐྱེད་དང་ འཕྲོད་བསྟེན་ སྣུམ་འཁོར་ དེ་ལས་ ཤའི་རིགས་དང་ རྩི་ས་ཚུ་ཡང་ ཚུད་དེ་ཡོདཔ་ཨིན་པས།སྤྱི་ཟླ་ ༡༡ པའི་ཚེས་ ༨ ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ རྒྱལ་ཚོགས་འདུའི་ནང་ དཔྱད་ཡིག་ངོ་སྤྲོད་ཕུལཝ་ད་ འབྲུག་གི་ཁྲལ་གྱི་དཔྱད་ཡིག་ ༢༠༢༢ ཅན་མའི་སྒོ་ལས་ ཉེར་སྤྱོད་ཅ་ཆས་ཀྱི་ ཁྲལ་ཕབ་ཆག་དང་ གནོད་ཉེན་ཡོད་མི་ འཐོན་སྐྱེད་ཚུ་གི་ ཁྲལ་ཡར་སེང་འབད་ནི་གི་ ཀུན་སློང་ཨིན་ཟེར་ཞུ་ནུག།དེ་ཡང་ དཔྱེ་འབད་བ་ཅིན་ གནད་དོན་གཞན་གྱི་གྲས་ལས་ […]

gyalchi
National News

རྒྱལ་ཁབ་ནང་ ད་རུང་ཡང་ སྲིད་དོན་ཚོགས་པ་གསརཔ་ཅིག་ གཞི་བཙུགས་འབད་ནི་ལུ་གཏན་འཁེལ།

ཡིག་ཚང་ལས་བྱེདཔ།རྒྱལ་ཁབ་ནང་ ད་རུང་ཡང་ སྲིད་དོན་ཚོགས་པ་གསརཔ་ཅིག་ གཞི་བཙུགས་འབད་ནི་ལུ་ གཏན་འཁེལ་སོང་ཡོདཔ་ད་ དེ་ཡང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་དྲུང་ཆེན་ དྲགོས་པདྨ་ཚེ་དབང་གིས་ འགོ་ཁྲིད་ཐོག་ལུ་ གཞི་བཙུགས་འབད་ནི་ཨིན་པས།ད་ཚུན་གྱི་རིང་ལུ་ ཚོགས་པ་དེ་གི་དོན་ལས་ འདེམས་ངོ་བརྒྱ་ཆ་ ༧༠ དེ་ཅིག་ གཏན་འཁེལ་སོང་ཡོདཔ་བཞིན་དུ་ ཚོགས་པའི་མིང་དང་ བཀའ་ཁྲིམས་ དེ་ལས་ དམིགས་ཡུལ་ཚུ་གི་ཐད་ཁར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་འབད་བའི་ཤུལ་ལུ་ གསལ་བསྒྲགས་འབད་འོང་ཟེར་ གནས་ཚུལ་ཅིག་ནང་བཀོད་ནུག།དྲགོས་པདྨ་ཚེ་དབང་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ལུ་ གཞུང་གཡོག་ནང་ལས་ དགོངས་ཞུ་འབད་ནི་ཨིནམ་ད་ བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་འབད་ནིའི་དོན་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལུ་ ཡི་གུ་བཙུགས་ནི་ཨིན་པའི་སྐོར་ལས་ ཚོགས་པའི་འཐུས་མི་ཅིག་གིས་ བཤདཔ་ཨིན་པས།ཚོགས་པའི་གཙོ་རིམ་དེ་ ལུང་ཕྱོགས་འདྲ་མཉམ་དང་ གོ་སྐབས་འདྲ་མཉམ་ དེ་ལས་ གཞུང་སྐྱོང་དང་ དཔལ་འབྱོར་གཞི་སྒྱུར་གྱི་ མི་སྡེའི་ནང་ བཅར་མར་གཏོགས་ཏེ་ འཕྲུལ་རིག་དང་ འགོ་ཁྲིདཔ་ནུས་ཤུགས་ཅན་ བཟོ་ནི་དེ་ཨིན་ཟེར་བཀོད་ནུག།དེ་ལས་ ཚོགས་པའི་ལམ་སྟོན་དང་ གཞི་རྩ་དེ་ཡང་ ཁྱིམ་གུང་ག་ར་ རྒྱལ་ཡོངས་དཔལ་འབྱོར་གཞི་རྟེན་སྦེ་ ངོས་འཛིན་ཐོག་ལུ་ […]

gyalchi
National News

རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་ ཨྱོན་ནོར་ལྷ་དང་ ཛམྦྷ་ལའི་གཟུངས་སྔགས།

ལྷག་པ་གྲུབ་བ།སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལས་ ཐིམ་ཕུ་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་ ཉིན་གྲངས་ ༤ གི་རིང་ལུ་ སྤ་རོ་ལུ་ཡོད་མི་ ཡབ་རྗེས་དྲན་ཚོགས་པའི་ སྒོམ་ཆེན་ ༢༠ ལྷགཔ་ཅིག་གིས་ ཨྱོན་ནོར་ལྷ་དང་ ཛམྦྷ་ལའི་ གཟུངས་སྔགས་བསགས་གནང་མི་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༠ ལུ་ འགྲོལ་ནི་ཨིན་པས།དེ་ཡང་ རྒྱལ་ཁབ་ནང་ ནད་ཡམས་མུ་གེ་ཚུ་ཞི་སྟེ་ ཨྱོན་ནོར་ལྷ་དང་ ཛམྦྷ་ལའི་ བྱིན་རླབས་དང་ དངོས་གྲུབ་ལུ་བརྟེན་ཏེ་ རྒྱལ་བློན་འབངས་ ༣ ག་ར་ འབྱོར་པ་དང་ལྡན་ཐབས་ལུ་ཨིན་ཟེར་ ཚོགས་པའི་འགོ་འཛིན་ ཀརྨ་གིས་ བཤདཔ་ཨིན་པས།དེ་མ་ཚད་ ལྷུང་ཚོ་ལུ་ བླམ་བསོད་ནམས་བཟང་པོའི་ ལྷ་ཁང་གསར་བཞེངས་ཀྱི་ ཞལ་འདེབས་བསྡུ་ཐབས་ལུ་ཡང་ཨིན་པའི་གནས་ཚུལ།

gyalchi
National News

ཀྲོང་གསར་རྫོང་ནང་ ཉིན་གྲངས་ ༡༦ གི་རིང་ལུ་ མགོན་དབང་སྒྲུབ་མཆོད།

ལྷག་པ་གྲུབ་བ།སྤྱི་ཟླ་ ༡༡ པའི་ ཚེས་ ༡༦ ལས་ ཀྲོང་གསར་རྫོང་ནང་ ཉིན་གྲངས་ ༡༦ གི་རིང་ལུ་ ཀྲོང་གསར་གྲྭ་ཚང་གི་ བླམ་གནས་བརྟན་ དབུ་བཞུགས་ཐོག་ལུ་ དགེ་སློང་ཞལ་གྲངས་ ༡༣༠ ལྷགཔ་ཅིག་གིས་ བསྟན་སྤྱིའི་སྐུ་རིམ་ མགོན་དབང་སྒྲུབ་མཆོད་ གནངམ་ཨིན་པས།ཀྲོང་གསར་རྫོང་ནང་ མགོན་དབང་སྒྲུབ་མཆོད་དེ་ ཐེངས་ ༣༤ པ་ཨིནམ་ད་ དེ་ཡང་ སྤྱིར་འཛམ་གླིང་ནང་ དམག་འཁྲུག་ཚུ་ ཞི་ཐབས་ལུ་དང་ ལྷག་པར་དུ་ ང་བཅས་རའི་ རྒྱལ་ཁབ་ནང་ ནད་ཡམས་མུ་གེ་ཚུ་མེད་པར་ དགའ་སྐྱིད་དང་ ཞི་བདེའི་ངང་ལུ་ གནས་ཐབས་ལུ་ཨིན་པའི་ཁར་ ཡང་སྒོས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་མེས་སྲས་ ༣ དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ སྐུ་ཚེ་ཞབས་པད་ བསྐལ་བརྒྱར་བརྟན་ཏེ་ མཛད་པ་འཕྲིན་ལས་ཚུ་ དར་ཞིང་རྒྱས་ཐབས་ལུ་ཨིན་ཟེར་ ཀྲོང་གསར་གྲྭ་ཚང་གི་གཉེརཔ་ སློབ་དཔོན་སངས་རྒྱས་མཁའ་འགྲོ་གིས་ བཤདཔ་ཨིན་པས།མགོན་དབང་སྒྲུབ་མཆོད་སྐབས་ལུ་ ཉིནམ་ ༣ གྱི་རིང་ གཤིན་རྗེ་དང་ ཞྭ་ནག་དམངས་འཆམ་ཚུ་ཡང་ གནང་ནི་ཡོདཔ་ཨིན་པའི་གནས་ཚུལ།

gyalchi
National News

རྒྱ་གར་གྱི་ རི་ཛབ་བེང་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་བར་ན་ ཏི་རུ་བརྗེ་སོར་གྱི་ ཆིངས་ཡིག་གུ་མཚན་རྟགས།

ཡིག་ཚང་ལས་བྱེདཔ། སྤྱི་ཟླ་ ༡༡ པའི་ཚེས་ ༡༦ ལུ་ རྒྱ་གར་གྱི་ རི་ཛབ་བེང་ དངུལ་ཁང་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་བར་ན་ ཟུང་ཕྱོགས་ཏི་རུ་བརྗེ་སོར་གྱི་ དུས་ཡུན་ཡར་སེང་ཐོག་ལུ་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ནུག། དེ་ཡང་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དུས་ཡུན་ཡར་སེང་འབད་མི་ མཐུན་རྐྱེན་ཐོག་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཏི་རུ་ཁ་སྐོང་ ཡུ་ཨེཛ་ཌོ་ལར་ས་ཡ་ ༢༠༠ འབདཝ་ད་ རྒྱ་གར་གྱི་ རུ་པི་བྱེ་བ་ ༡,༦༥༧ དང་ ཡང་ཅིན་ དངུལ་ཀྲམ་བྱེ་བ་ ༡,༦༥༧ ཚུན་ བརྗེ་སོར་འབད་ཚུགས་ཟེར་ཨིན་པས། ད་རེས་ ཆ་གནས་ཡོད་མི་ བརྗེ་སོར་མཐུན་རྐྱེན་ནང་ལས་ ཡུ་ཨེཛ་ཊོ་ལར་ས་ཡ་ ༢༠༠ བརྗེ་སོར་འབད་ནི་གི་ མཐུན་རྐྱེན་ཆིངས་ཡིག་ཡོད་མིའི་གུ་ ཁ་སྐོང་ཨིནམ་ད་ དེ་ཡང་ འབྲུག་གཞུང་གིས་ ཞུ་བ་འབདཝ་བཞིན་དུ་ རྒྱ་གར་གཞུང་གིས་ ཕན་གྲོགས་ཐོག་ལས་ རྒྱ་གར་གྱི་ རི་ཛབ་བེང་ནང་ལས་ བརྗེ་སོར་འབད་ནི་ཨིན་པས། དུས་ཡུན་ཡར་སེང་འབད་མི་ ཆིངས་ཡིག་གི་ ཆ་གནས་དུས་ཡུན་དེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ […]

gyalchi
National News

ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ ཚིག་བདུན་གསོལ་འདེབས།

ལྷག་པ་གྲུབ་བ། སྤྱི་ཟླ་ ༡༡ པའི་ཚེས་ ༡༦ ལས་ ཉིན་གྲངས་ ༥ གི་རིང་ལུ་ ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ བུམ་ཐང་ལྷོ་བྲག་མཁར་ཆུ་གྲྭ་ཚང་གི་ མཁན་སྤྲུལ་དང་ བླ་སློབ་ཚུ་རྩིས་ དགེ་སློང་ཞལ་གྲངས་ ༨༠ ལྷགཔ་ཅིག་གིས་ ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོ་ བསགས་གནངམ་ཨིན་པས།དེ་ཡང་ མཚོ་སྐྱེས་རྡོ་རྗེ་ གཞི་ཚོགས་ཀྱིས་ འགོ་འདྲེན་འཐབ་སྟེ་ བསག་གནང་དོ་ཡོདཔ་ད་ ཚིག་བདུན་གསོལ་འདེབས་འདི་ སྤྱི་ཟླ་ ༡༡ པའི་ཚེས་ ༢༠ ལུ་ འགྲོལ་གནང་ནི་ཨིན་པའི་ གནས་ཚུལ་མདོར་བསྡུས།

gyalchi
National News

ལྷ་བབས་དུས་ཆེན་དང་ དྲིན་ཅན་ཨའི་གི་ ཉིནམ་བརྩི་སྲུང་།

རང་ཟླ་ ༩ པའི་ཚེས་ ༢༢ ལུ་ ང་བཅས་རའི་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུ་སྲོལ་ཡོདཔ་མ་ཚད་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ བཀའ་དགོངས་ལྟར་དུ་ དྲིན་ཅན་ཨའི་གི་ ཉིནམ་སྦེ་ཡང་ བརྩི་སྲུང་ཞུཝ་ཨིན།ཉིནམ་དེ་ཁར་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ ལྷ་ཡུལ་ལུ་བྱོན་ཏེ་ ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་གཙོས་པའི་ ལྷ་དང་ ལྷ་མོ་ཚུ་ལུ་ ཆོས་གསུངས་ཞིནམ་ལས་ འཇིག་རྟེན་མི་ཡུལ་ལུ་ ལོག་བྱོན་པའི་ དུས་ཆེན་ཁྱད་པར་ཅན་ཅིག་ཨིན་པས།སངས་རྒྱས་བཅོས་ལྡན་འདས་ དེ་སྦེ་ ལྷ་ཡུལ་ལུ་ བྱོན་དགོ་པའི་ རྒྱུ་མཚན་ཡང་ སངས་རྒྱས་སྐུ་འཁྲུངས་ཏེ་ བདུན་ཕྲག་ ༡ གི་རྒྱབ་ལས་ ཡུམ་སྒྱུ་མ་ལྷ་མཛེས་ བཤགས་ཡོདཔ་བཞིན་དུ་ སུམ་ཅུ་རྩ་གསུམ་གྱི་ ལྷའི་གནས་ལུ་ སྐུ་སྐྱེས་བཞེས་ཏེ་ བཞུགས་ནི་དེ་གིས་ ཡུམ་ལུ་ དྲིན་ལན་འཇལ་ནིའི་དོན་ལས་ ཆོས་གསུངས་པར་བྱོན་ནུག།དེ་ཡང་ སངས་རྒྱས་བཅོམ་ལྡན་འདས་ མངོན་པར་རྫོགས་པར་ སངས་རྒྱས་ཏེ་ མི་ལོ་ ༦ གི་ཤུལ་ལས་ ཆུ་སྟོད་ཟླཝ་ ༦ པའི་ཚེས་ […]

gyalchi
National News

རྒྱལ་ཡོངས་ཚོགས་འདུའི་ནང་ལས་ འབྲུག་གི་ཞི་གཡོག་ལེགས་སྒྱུར་དཔྱད་ཡིག་ ༢༠༢༢ ཅན་མ་ཆ་འཇོག།

རྡོ་རྗེ་དབང་ཕྱུག།སྤྱི་ཟྲ་ ༡༡ པའི་ཚེས་ ༡༠ ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ལས་ འབྲུག་གི་ཞི་གཡོག་ལེགས་སྒྱུར་དཔྱད་ཡིག་ ༢༠༢༢ ཅན་མ་ ཆ་འཇོག་གནང་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༩ དང་ ༡༠ ལུ་ ཉིན་གྲངས་ ༢ ཀྱི་རིང་ གསུང་གྲོས་མཐིལ་ཕྱིན་སྦེ་ གནང་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།དེ་ཡང་ ཞི་གཡོག་ཅིག་ ཡར་དྲག་གཏང་ནི་དང་ འཇོན་ཚད་དང་ དོན་སྨིན་ཅན་ དེ་ལས་ དྭངས་གསལ་དང་ འགན་འཁྲི་ཅན་གྱི་ རྣམ་གཞག་སྒོ་ལས་ སྤྱི་འགན་བསྒྲུབས་ཡོདཔ་ ངེས་གཏན་བཟོ་དགོཔ་འདི་ རྩ་ཁྲིམས་ཅན་གྱི་ འགན་དབང་ཨིན་ཟེར་བཀོད་ནུག།དེ་བཟུམ་སྦེ་ ཚད་གཞི་རན་པ་དང་ འགན་ཁུར་གསལ་ཏོག་ཏོ་ འགན་དབང་ བྱ་སྒོ་དང་ ལཱ་འགན་ཚུ་དང་ལྡན་པའི་ ཞི་གཡོག་ལས་ཚོགས་དང་ དེ་གི་སྒྲིག་བཀོད་ཚུ་ ལེགས་བཅོས་འབད་ནི་ལུ་ཡང་ ཕན་རླབས་འབྱུང་ནི་ཨིན་པས།དེ་ལས་ དུས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་ ཡར་འཕེལ་ཅན་དང་ འབྲེལ་ཆགས་དང་ལྡན་པ་ ངོས་ལེན་ཅན་གྱི་ གཡོག་གི་མདུན་ལམ་ གོང་འཕེལ་གཏང་ནི་ལུ་ ལེགས་སྒྱུར་གྱི་ བློ་བཙུགས་དགོ་པའི་ རེ་འདོད་བསྐྱེད་ནི་དེ་གིས་ཨིནམ་སྦེ་བཀོད་ནུག།ཞི་གཡོག་ལེགས་སྒྱུར་དཔྱད་ཡིག་ ༢༠༢༢ […]

gyalchi
National News

ཚོགས་ཁང་གཉིས་ཆ་རའི་ནང་ལས་ དཔལ་ལྡན་འབྲུག་པའི་ རྒྱལ་སྲུང་གི་ དཔྱད་ཡིག་ ༢༠༢༢ ཅན་མ་ཆ་འཇོག།

ལྷག་པ་གྲུབ་པ།དཔལ་ལྡན་འབྲུག་པའི་ རྒྱལ་སྲུང་གི་ དཔྱད་ཡིག་ ༢༠༢༢ ཅན་མ་འདི་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ ཚོགས་རྒྱན་བསྐྱུར་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།དེ་ཡང་ རྒྱལ་རབས་ཅན་གྱི་ དཔྱད་ཡིག་འདི་ སྤྱི་ཟླ་ ༡༡ པའི་ཚེས་ ༧ ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ གསུང་གྲོས་ཞིབ་པར་གནང་སྟེ་ ཆ་འཇོག་གྲུབ་ཡོདཔ་མ་ཚད་ དེ་བཟུམ་སྦེ་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ཡང་ གསུང་གྲོས་ཞིབ་པར་གནང་སྟེ་ ཆ་འཇོག་གྲུབ་ནུག།རྒྱལ་སྲུང་ལས་རིམ་འདི་ རྒྱལ་ཡོངས་ཞབས་ཏོག་ལས་རིམ་ཅིག་ཨིནམ་ད་ རྒྱལ་སྲུང་སྦྱོང་བརྡར་ནང་ འབྲུག་པའི་ན་གཞོན་ སྐྱེས་ལོ་ ༡༨ འབད་མི་ག་ར་གིས་ ལོ་ངོ་ ༡ གི་རིང་ལུ་ གཅིག་བསྡོམས་སྦྱོང་བརྡར་འབད་དགོ་ནི་ཨིནམ་ད་ སློབ་གྲྭའི་ནང་ཨིན་པ་ཅིན་ སློབ་རིམ་ ༡༢ པ་ མཇུག་བསྡུཝ་ཅིག་ སྦྱོར་བརྡར་འབད་དགོཔ་ཨིན་པས།ལོ་ངོ་ ༡ གི་ སྦྱོང་བརྡར་དེ་ཡང་ རྨང་གཞིའི་དམག་སྦྱོང་དང་ འདི་གི་ཤུལ་ལས་ ཟླཝ་ ༩ གི་རིང་ལུ་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་ འཕྲུལ་རིག་ལས་ […]

gyalchi
Online now: 16 Today: 2121 Total visitors: 9341