ArchiveAboutContact

Category: National News

National News

མི་རྗེ་བློན་ཆེན་མཆོག་གིས་ བེང་ཀོག་ལུ་སྦེ་ མཐའ་ཡས་ལེན་གྱི་ བློན་ཆེན་དང་མཇལ་ཕྲད།

སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ བེང་ཀོག་ལུ་སྦེ་ མཐའ་ཡས་ལེན་གྱི་བློན་ཆེན་ པེ་ཏོང་ཏཱན་ ཤི་ན་ཝ་ཏ་ར་དང་གཅིག་ཁར་ མཇལ་ཕྲད་མཛད་ཡོདཔ་ཨིན་པས།དེ་བསྒང་ མི་རྗེ་བློན་ཆེན་མཆོག་གིས་ མགྲོན་སྐྱོང་ལེགས་ཤོམ་སྦེ་ མཛད་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་པའི་ཁར་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་ ༢ འབྲུག་ལུ་ གཟིགས་སྐོར་གནང་པར་ འབྱོན་ནི་ཨིན་པའི་ གནད་དོན་ཚུ་གི་སྐོར་ལས་ཡང་ གསུང་གྲོས་གནང་ནུག།དེ་མ་ཚད་ རྒྱལ་བརྒྱུད་རྒྱལ་ཁབ་ ༢ ཀྱི་བར་ན་ མཉམ་འབྲེལ་གྱི་ གནད་དོན་ཐོག་ལུ་ཡང་ བསམ་འཆར་ཚུ་ བརྗེ་སོར་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

སྤྱི་ལོ་ ༢༠༢༥ ལོའི་ རྒྱལ་སྲུང་ཤོ་ཐེངས་ ༡ པའི་ སྦྱོང་བརྡར་ལས་རིམ་ འགོ་བཙུགས་ཡོདཔ།

སྤྱི་ཟླ་ ༤ པའི་ཚེས་ ༡ ལུ་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ ༤ གི་ནང་ སྤྱི་ལོ་ ༢༠༢༥ ལོའི་ རྒྱལ་སྲུང་ཤོ་ཐེངས་ ༡ པའི་ སྦྱོང་བརྡར་ལས་རིམ་ འགོ་བཙུགས་ཡོདཔ་ད་ ཤོ་ཐེངས་ ༡ པ་དེ་ནང་ སྦྱོང་བརྡར་འབད་མི་བསྡོམས་ ༢,༦༥༨ ཡོདཔ་ཨིན་པས།སྦྱོང་བརྡར་གྱི་ འགོ་འབྱེད་རྟེན་འབྲེལ་དེ་ཡང་ སྦྱོང་བརྡར་སྤེལ་ཁང་རང་སོའི་ འགོ་འཛིན་ཚུ་གིས་ འགོ་ཁྲིད་ཐོག་ལུ་ བརྩི་སྲུང་འབད་མིའི་ནང་ རྫོང་ཁག་དང་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ནུག།སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་སྲུང་འགོ་བཙུགས་གནང་པའི་སྐབས་ལུ་ རྒྱལ་སྲུང་ཟེར་མིའི་ རྒྱབ་ཁུངས་ཚུ་གི་སྐོར་ལས་ གསུང་བཤད་གནང་པའི་ནང་གསལ་ རྒྱལ་ཡོངས་ཞབས་ཏོག་དེ་ ང་བཅས་རའི་ རྒྱལ་ཁམས་ཀྱི་དོན་ལུ་ ཡར་དྲག་ཅན་གྱི་ མ་འོངས་པ་ གོང་འཕེལ་གྱི་དོན་ལུ་ཨིནམ་ལས་ གྲུབ་འབྲས་སྦོམ་ གཏོན་དགོ་པ་ཅིན་ སེམས་བག་ཡེངས་མ་ཤོར་བར་ བློ་སྟོབས་དང་ སེམས་ཐག་བཅད་ཐོག་ལས་ རྩ་འགེངས་ཏེ་ ལཱ་འབད་དགོ་ཟེར་ […]

National News

མི་རྗེ་བློན་ཆེན་མཆོག་གིས་ མཐའ་ཡས་ལེན་གྱི་ ཕྱི་འབྲེལ་བློན་པོ་ མ་རིཛ་ སང་གི་ཡམ་པོང་ས་དང་མཇལ་ཕྲད།

སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ མི་རྗེ་བློན་ཆེན་གྱིས་ མཐའ་ཡས་ལེན་གྱི་ ཕྱི་འབྲེལ་བློན་པོ་ མ་རིཛ་ སང་གི་ཡམ་པོང་ས་དང་ མཇལ་ཕྲད་མཛད་ཐོག་ལས་ རྒྱལ་ཁབ་ ༢ ཀྱི་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱི་བར་ན་ ཡུན་བརྟན་ཅན་གྱི་ མཐུན་ལམ་ལས་ འགོ་བཟུང་སྟེ་ འབྲུག་དང་ མཐའ་ཡས་ལེན་གྱི་ གནས་རིམ་ག་རའི་ནང་ གུས་ཞབས་གཏིང་གཟབ་ཡོད་ལུགས་ཀྱི་ གསུང་གྲོས་ཚུ་གནང་ནུག།དེ་བཟུམ་སྦེ་ གཞུང་དང་ མི་སེར་བར་ནའི་ འབྲེལ་ཆགས་ཚུ་ལུ་ གཞི་བརྟེན་འབད་བའི་ དམིགས་བསལ་གྱི་ མཐུན་འབྲེལ་སྐོར་ལས་ཡང་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།དེ་མ་ཚད་ རྒྱལ་ཁབ་ ༢ ཀྱི་ མཐུན་ལམ་གྱི་ གཞི་འགྱམ་ཤོ་མཚུངས་ཀྱི་ མཐའ་དོན་དང་ མཉམ་འབྲེལ་ཚུ་ཡང་ བཙན་ཐབས་ཀྱི་སྒོ་ལས་ མདུན་བསྐྱོད་འབད་ནི་ལུ་ གཙོ་བོར་བཟུང་སྟེ་ གསུང་གྲོས་གནང་ཡོད་པའི་གནས་ཚུལ།

National News

རྒྱ༌གར༌གཞུང་ལས༌ འབྲུག༌གི༌མི་སྡེ་གོང་འཕེལ་ལས་འགུལ་གྱི་དོན་ལུ་ མ་དངུལ་འཛིན་གྲོལ།

པདྨ་དབང་འདུས། སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ འབྲུག་བཞུགས་རྒྱ༌གར༌གཞུང་ཚབ་ སུ་དྷ་ཀར་ ད་ལེ་ལ་གིས་ ཁེ་ཕན་ཆེ་བའི་ འབྲུག༌གི༌མི་སྡེ་གོང་འཕེལ་ལས་འགུལ་གྱི་དོན་ལུ་ མ་དངུལ་འཛིན་གྲོལ་ ༢ པའི༌ནང་ དངུལ་ཀྲམ་ཐེར་འབུམ་ ༢.༥༠༣ འབད་མིའི་ དངུལ་འཛིན་ཅེག༌དེ་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ ཌི་ཨེན་དུང་གེལ་གྱི་ ཕྱག་ལུ་ཕུལ་ཡོདཔ་ཨིན་པས།དེ་བསྒང་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་གིས་ འཆར་གཞི་ ༡༣ པའི་ ལས་འགུལ་གྱི་དོན་ལས་ དུས་ཚོད་ཁར་ མ་དངུལ་འཛིན་གྲོལ་འབད་མི་དེ་ལུ་ འབྲུག་གཞུང་གི་ ཁ༌ཐུག༌ལས༌ རྒྱ་གར༌གཞུང་ལུ་ བཀྲིན་དགའ༌ཚོར༌ཡོད་ལུགས་གསུངས་ནུག།རྒྱ་གར༌གཞུང་གིས་ ལོ་ལྔའི་འཆར་གཞི་ ༡༣ པའི་དོན་ལས་ དངུལ་ཀྲམ་ཐེར་འབུམ་ ༨༥ ཁས་ལེན་མཛད༌མིའི་ཐོག་ལས་ དངུལ་ཀྲམ་ཐེར་འབུམ་ ༡༠ དེ་ ཁེ་ཕན་ཆེ་བའི་ མི་སྡེ་གོང་འཕེལ་ལས་འགུལ་གྱི་དོན་ལུ་ཨིན་པས།དེ༌ཡང༌ ལས་འགུལ་སྡེ་ཚན་དང་པའི་ནང་ ལས་འགུལ་ཁག༌ ༢༨༣ ཡོདཔ་ད་ ལས༌འགུལ༌དེ༌ཚུའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་ ༤.༡༧༡ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ […]

National News

ཆེ་མཐོ་ཁྲིམས་འདུན་ལས་ བསོད་ནམས་ནོར་བུ་ལུ་ ཉེས་ཁྲིམས་ཚེ་བཙོན།

སྤྱི་ལོ་ ༢༠༢༣ ལོར་ སྐྱེས་ལོ་ ༣༩ འབད་མི་ བསོད་ནམས་ནོར་བུ་དེ་ སྐྱེས་ལོ་ ༢༤ འབད་མི་ རྣམ་རྒྱལ་སྒྲོལ་དཀར་ དམར་བསད་འབད་བའི་ དོགས་ཟོན་ཐོག་ལུ་ འཛིན་བཟུང་འབད་བའི་ཤུལ་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ཞིབ་དཔྱད་ཚུ་འབད་དེ་ རྩོད་བཤེར་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཕུལ་ཡོདཔ་ཨིན་པས།རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་བཤེར་དེ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་ལུ་ ཕུལ་བའི་ཤུལ་ལས་ ཉེས་དོགས་པ་དེ་ལུ་ ལོ་ངོ་ ༡༥ དེ་ཅིག་གི་ བཙོན་ཁྲིམས་བཀལ་ནུག།ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཞུ་ཡོདཔ་བཞིན་དུ་ ཆེ་མཐོ་ཁྲིམས་འདུན་ལས་ ཞིབ་དཔྱད་ཚུ་ མཐིལ་ཕྱིན་མཛད་པའི་སྐབས་ལུ་ ཉེས་དོགས་པ་གིས་ སྔོན་གོང་ལས་ དམར་བསད་ཀྱི་ ཀུན་སློང་ཐོག་ལུ་ ཚེ་འདས་རྣམ་རྒྱལ་སྒྲོལ་དཀར་དེ་ དམར་བསད་འབད་ཡོད་པའི་ སྒྲུབ་བྱེད་ཚུ་ ཐོབ་ཡོདཔ་སྦེ་ཨིན་པས།དེ་འབདཝ་ལས་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༣ པའི་ཚེས་ ༢༧ ལུ་ ཆེ་མཐོའི་ཁྲིམས་འདུན་ལས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ལུ་ སྒྱུར་བཅོས་གནང་སྟེ་ […]

National News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ གསར་བཞེངས་མཛད་མི་ རྟ་འབབ་མཆོད་རྟེན་གུ་ གསེར་ཏོག་བཀལ་གནང་ཡོདཔ།

གནམ་ལོ་ཤིང་སྦྲུལ་ཟླཝ་ ༡ པའི་ཚེས་ ༢༨ སྤྱི་ཟླ་ ༣ པའི་ཚེས་ ༢༧ ལུ་ གཟའ་སྐར་དགེ་བའི་ཉིན་མར་ དགེ་ལེགས་ཕུག་ རང་སྐྱོང་ལུང་ཕྱོགས་ཀྱི་ དྲན་ཤེས་ཁྲོམ་ཚོགས་ནང་ གསར་བཞེངས་གནང་པའི་བསྒང་ཡོད་མི་ རྟ་འབབ་མཆོད་རྟེན་གུ་ གསེར་ཏོག་བཀལ་གནང་ནུག། དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ལས་འཁྲུངས་པའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ལས་འགུལ་འདི་ལུ་ འགལ་རྐྱེན་བར་ཆད་ཚུ་ ག་ནི་ཡང་མེད་པར་ ལེགས་ཤོམ་སྦེ་ འགྲུབ་ཐབས་སུ་དམིགས་ཏེ་ གཞུང་གྲྭ་ཚང་གིས་ འགོ་འདྲེན་མཛད་དེ་ བཞེངས་གནང་དོ་ཡོདཔ་ཨིན་པས། རྟ་འབབ་མཆོདརྟེན་གུ་ གསེར་ཏོག་བཀལ་གནང་པའི་ མཛད་སྒོའི་རྟེན་འབྲེལ་ནང་ དགེ་ལེགས་ཕུག་ གྲྭ་ཚང་གི་ བླམ་གནས་བརྟན་མཆོག་ དབུ་བཞུགས་ཐོག་ལུ་ དྲན་ཤེས་ཁྲོམ་ཚོགས་ཀྱི་སྤྱི་འཛིན་ དྲགོས་ཌོག་ཊར་བློ་གྲོས་ཚེ་རིང་དང་ གྲྭ་ཚང་ལྷན་ཚོགས་ཀྱི་དྲུང་ཆེན་ དེ་ལས་ རྫོང་བདག་ཚུ་གིས་གཙོས་པའི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་མཛད་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

གནམ་གཤིས་ལུ་ མ་རྩ་གཞི་བཙུགས་ཀྱི་ གྲོས་འཛོམས་ ༢༠༢༥ ཅན་མ།

པདྨ་དབང་འདུས། སྤྱི་ཟླ་ ༣ པའི་ཚེས་ ༡༩ ལུ་ ཨཱཛ་ཊེ་ལི་ཡའི་ མངའ་སྡེ་མེལ་བཱོན་ལུ་ གནམ་གཤིས་ལུ་ མ་རྩ་གཞི་བཙུགས་འབད་མིའི་ གྲོས་འཛོམས་ ༢༠༢༥ ཅན་མའི་ནང་ མི་རྗེ་བློན་ཆེན་མཆོག་གིས་ འབྲུག་དང་ ཨཱཛ་ཊེ་ལི་ཡའི་ རྩ་ཚན་ ༦ པའི་ ནང་གསལ་ལྟར་དུ་ མཁས་མཆོག་གི་ ལས་བྱེད་སྡེ་ཚན་ གཞི་བཙུགས་ཀྱི་ གསལ་བསྒྲགས་གནང་ནུག།དེ་ཡང་ པེ་རིཛ་གི་ ཆིངས་ཡིག་འོག་ལུ་ རྒྱལ་སྤྱི་ཀཱར་བོན་ཚོང་ལམ་གྱི་ སྒྲིག་བཀོད་ཅིག་སྦེ་ གཞི་བཙུགས་འབད་ཡོདཔ་ད་ སྒྲིག་བཀོད་དེ་གིས་ ཀཱར་བོན་ཚོང་འབྲེལ་དང་ ཡུན་བརྟན་གྱི་ བརྩོན་ཤུགས་ནང་ ཟུང་ཕྱོགས་མཉམ་འབྲེལ་ ཡར་དྲག་བཟོཝ་ཨིན་པས།མཁས་མཆོག་གི་ ལས་བྱེད་སྡེ་ཚན་དེ་ནང་ འཐུས་མི་ཚུ་ཡང་ འབྲུག་གི་ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་འོག་གི་ མཐའ་འཁོར་གནས་སྟངས་དང་ གནམ་གཤིས་འགྱུར་བགྲོད་ལས་ཁུངས་དང་ ཀཱན་ཊཱཛ་མཁའ་འགྲུལ་ལས་སྡེ་ ཨཱཛ་ཊེ་ལི་ཡའི་ གནམ་གཤིས་འགྱུར་བགྲོད་དབང་འཛིན་ མེ་ཀོ་ཝ་རི་བདོག་གཏད་འཛིན་སྐྱོང་ དེ་ལས་ པོ་ལི་ནེ་ཤཱན་སྡེ་ཚན་དང་ གནམ་གཤིས་ཛེཊ་གིཛཊ་བཅས་ འཐུས་མི་ ༦ ཡོདཔ་ཨིན་པས།མཁས་མཆོག་གི་ ལས་བྱེད་སྡེ་ཚན་དེ་ གཞི་བཙུགས་ཀྱི་ གསལ་བསྒྲགས་གནང་པའི་ཤུལ་ལས་ སྔོན་འགྲོའི་ཞལ་འཛོམས་ཅིག་ཡང་ […]

National News

དཱན་ཏག་ལས་འགུལ་གྱིས་ འཁོར་ལམ་བཟོ་བསྐྲུན་གྱི་དོན་ལུ་ འཕྲུལ་རིག་གསརཔ་གི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། སྤྱི་ཟླ་ ༣ པའི་ཚེས་ ༡༩ ལུ་ དཱན་ཏག་ལས་འགུལ་གྱིས་ མཐའ་འཁོར་གནས་སྟངས་དང་ འབྲེལ་མཐུན་ཅན་གྱི་ འཁོར་ལམ་བཟོ་བསྐྲུན་གྱི་དོན་ལུ་ འཕྲུལ་རིག་གསརཔ་ཚུ་གི་སྐོར་ལས་ གོ་བསྡུར་ཞལ་འཛོམས་ཅིག་ ཐིམ་ཕུ་ལུ་སྦེ་ འགོ་འདྲེན་འཐབ་ནུག།དེ་ཡང་ བསྐྱར་བཟོའི་ཅ་ཆས་དང་ ཡུན་བརྟན་ཅན་གྱི་ཐོན་ཁུངས་ དེ་ལས་ ནུས་ཤུགས་ཀྱི་ ལྕོགས་གྲུབ་ཡོད་མིའི་ བྱ་སྒོ་ཚུ་ ལག་ལེན་འཐབ་ཐོག་ལས་ མཐའ་འཁོར་གནས་སྟངས་ལུ་ གནོད་པ་མར་ཕབ་ལུ་དམིགས་ཏེ་ཨིན་པས།གོ་བསྡུར་ཞལ་འཛོམས་དེ་ རྒྱ་གར་གྱི་ འཁོར་ལམ་ཞིབ་འཚོལ་གཙུག་སྡེ་དང་ ཚན་རིག་དང་ བཟོ་གྲྭ་ཞིབ་འཚོལ་ལྷན་ཚོགས་དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ ཞལ་འཛོམས་དེ་ནང་ འབྲུག་གི་ཚན་རིག་དང་ འཕྲུལ་རིག་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསྟན་འཛིན་དང་ འགོ་དཔོན་ཚུ་ དེ་ལས་ ལྷ་སྐྱིད་ལྕགས་ལས་ཚོང་སྡེ་དང་ དཱན་ཏག་ལས་འགུལ་གྱི་ འགོ་དཔོན་གཞན་ཚུ་གིས་ གྲལ་གཏོགས་འབད་ནུག།དེ་བསྒང་ གསལ་བཤད་པ་གཙོ་བོ་དེ་ རྒྱ་གར་གྱི་ འཁོར་ལམ་ཞིབ་འཚོལ་གཙུག་སྡེ་དང་ ཚན་རིག་དང་ བཟོ་གྲྭ་ཞིབ་འཚོལ་ལྷན་ཚོགས་ཀྱི་ ཚན་རིག་པ་གཙོ་བོ་ ས་ཏིཤ་པཱན་ཌེ་ཨིནམ་ད་ འཁོར་ལམ་ཞིབ་འཚོལ་གཙུག་སྡེ་གིས་ འཁོར་ལམ་དང་ གནམ་གྲུ་རྒྱུགས་ཐང་ཚུ་གི་ བཟོ་བཀོད་དང་ བཟོ་བསྐྲུན་ དེ་ལས་ རྒྱུན་སྐྱོང་ཚུ་གི་ནང་ ཞིབ་འཚོལ་དང་ […]

National News

གནམ་གཤིས་མ་རྩ་གཞི་བཙུགས་གྲོས་འཛོམས་ ༢༠༢༥ ཅན་མ་ ཚོགས་གནངམ་དང་འབྲེལ་ཏེ་ ཞལ་འཛོམས་ཀྱི་ཕྱི་ཁར་སྦེ་ ལས་སྡེ་ཁག་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ མཇལ་ཕྲད་ཐོག་ལུ་གསུང་གྲོས།

པདྨ་དབང་འདུས། སྤྱི་ཟླ་ ༣ པའི་ཚེས་ ༡༨ ལུ་ གནམ་གཤིས་མ་རྩ་གཞི་བཙུགས་གྲོས་འཛོམས་ ༢༠༢༥ ཅན་མ་ ཚོགས་གནངམ་དང་འབྲེལ་ཏེ་ ཞལ་འཛོམས་ཀྱི་ཕྱི་ཁར་སྦེ་ ཨཱཛ་ཊེ་ལི་ཡའི་ ཕྱི་འབྲེལ་ལས་རོགས་བློན་པོ་ ཊིམ་ཝཱཊཛ་དང་གཅིག་ཁར་ མཇལ་ཕྲད་མཛད་དེ་ འབྲུག་དང་ ཨཱཛ་ཊེ་ལི་ཡའི་བར་ན་ ཟང་ཕྱོགས་མཐུན་འབྲེལ་བཙན་ཐབས་དང་ མཉམ་འབྲེལ་གྱི་ གོ་སྐབས་གསརཔ་ཚུ་ ངོས་འཛིན་གྱི་སྐོར་ལས་ གསུང་གྲོས་ཚུ་གནང་ནུག། དེ་བསྒང་ མི་རྗེ་བློན་ཆེན་གྱིས་ ན་ཧིང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་ མི་དབང་རྒྱལ་སྲས་ལྷན་རྒྱས་ཚུ་ ཨཱཛ་ཊེ་ལི་ཡ་ལུ་ ཆིབས་བསྐྱོད་གནངམ་ད་ ཨཱཛ་ཊེ་ལི་ཡ་གཞུང་གིས་ ཐུགས་བརྩེ་བའི་སྒོ་ལས་ ཕེབས་བསུ་ཞུ་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ མཇལ་ཕྲད་དེ་ལུ་བརྟེན་ཏེ་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་ལུ་ ཁས་ལེན་ཚུ་ བསྐྱར་གསོ་མཛད་ཐབས་ བྱུང་ཡི་ཟེར་ཨིན་པས། དེ་བཟུམ་སྦེ་ མི་རྗེ་བློན་ཆེན་གྱིས་ ཇི་ཡོ་ནི་ཡོན་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ གཞི་བཙུགས་མཉམ་འབྲེལ་བ་ ཨམ་རོག་སེན་ བན་དི་ནི་ མེ་ཌར་དང་ཡང་ མཇལ་ཕྲད་མཛད་དེ་ འབྲུག་གི་རྐྱེན་ངན་འཛིན་སྐྱོང་ལས་སྡེ་ལུ་ ཇི་ཡོ་ནི་ཡོན་ལས་སྡེའི་ ཕན་འདེབས་ཚུ་གི་སྐོར་ལས་ […]

National News

འབྲུག་རྒྱལ་ཁབ་འདི་ ཡུ་ཨེཛ་ལུ་ ཟིན་ཐོ་དམརཔོ་གི་ནང་ལས་ ཟིན་ཐོ་གསེརཔོ་ནང་མར་བབས།

བདུན་ཕྲག་ཧེ་མའི་ནང་ལས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ འབྲུག་རྒྱལ་ཁབ་འདི་ ཡུ་ཨེཛ་ལུ་ འགྲུལ་བསྐྱོད་འབད་མ་ཆོག་པའི་ ཟིན་ཐོ་དམརཔོ་ནང་ ཚུད་དེ་ཡོད་ལུགས་ཀྱི་སྐོར་ལས་ འཛམ་གླིང་ནང་ དར་ཁྱབ་སྦོམ་སྦེ་ར་ སོང་སྟེ་ཡོད་རུང་ སྤྱི་ཟླ་ ༣ པའི་ཚེས་ ༡༧ ལུ་ གཞུང་འབྲེལ་འབྱུང་ཁུངས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་རྒྱལ་ཁབ་འདི་ ཟིན་ཐོ་དམརཔོ་ལས་ ཟིན་ཐོ་གསེརཔོ་ནང་ མར་བབས་སོང་ཡོདཔ་སྦེ་ཨིན་པས།.དེ་སྦེ་ ཟིན་ཐོ་གསེརཔོ་ནང་ཚུད་མི་ རྒྱལ་ཁབ་ཚུ་གིས་ ཡུ་ཨེཛ་གི་མཐོང་སྣང་ལུ་ བྱ་སྟབས་མ་བདེཝ་ཡོད་མི་ཚུ་ རྒྱལ་ཁབ་རང་སོ་གིས་ བསལ་ཐབས་འབད་ནིའི་དོན་ལས་ དུས་ཚོད་དུམ་གྲ་རེ་ བྱིན་ནི་ཨིནམ་བཞིན་དུ་ གལ་སྲིད་ ཟིན་ཐོ་དེ་ལུ་ ཆ་གནས་མ་འབད་བ་ཅིན་ ཟིན་ཐོ་གཞན་མིའི་ནང་ སྤོ་བཤུད་འབད་ནི་ཨིནམ་ད་ འབྲུག་རྒྱལ་ཁབ་འདི་ དེ་སྦེ་ ཟིན་ཐོ་གསེརཔོ་ནང་ ཚུད་མི་དེ་ཡང་ འབྲུག་མི་ཚུ་གིས་ ཆོག་ཐམ་གྱི་ དུས་ཡུན་ལས་བརྒལ་ཏེ་ ཡུ་ཨེཛ་ལུ་ སྡོད་ནི་དེ་གིས་ཨིནམ་སྦེ་བཀོད་ནུག།དེ་ཡང་ འབྲུག་མི་ཚུ་ བལྟ་བཤལ་དང་ ཚོང་འབྲེལ་ དེ་ལས་ སློབ་གཉེར་ཚུ་བཟུམ་མའི་ ཆོག་ཐམ་ཐོག་ལུ་ ཡུ་ཨེཛ་རྒྱལ་ཁབ་ནང་ འགྲུལ་བསྐྱོད་འབད་བའི་ཤུལ་ལས་ ཆོག་ཐམ་གྱི་ དུས་ཡུན་རྫོགས་སོང་རུང་ ལོག་མ་འོང་པར་ རྒྱལ་ཁབ་དེ་ནང་ར་ […]

Online now: 5 Today: 1422 Total visitors: 14785