ArchiveAboutContact

Category: National News

National News

རྒྱལ་ཡོངས་ཚོགས་འདུ་ལས་ གཙོ་རིམ་གོང་འཕེལ་མ་དངུལ་གྱི་དོགས་སེལ།

པདྨ་དབང་འདུས། རྩིས་ལོ་ ༢༠༢༥-༢༦ གི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ནང་ལས་ གཙོ་རིམ་གོང་འཕེལ་མ་དངུལ་ ཕྱིར་བཏོན་གནང་པའི་སྐོར་ལས་ སྤྱི་ཟླ་ ༨ པའི་ཚེས་ ༨ ལུ་ རྒྱལ་ཡོངས་ཚོགས་འདུ་ལས་ དོགས་སེལ་གྱི་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱལ་ཡོངས་ཚོགས་འདུའི་ནང་ གསུང་གྲོས་གནང་པའི་སྐབས་ལུ་ འདེམས་ཁོངས་ ༤༧ གྱི་དོན་ལས་ གཙོ་རིམ་གོང་འཕེལ་མ་དངུལ་ དངུལ་ཀྲམ་ས་ཡ་ ༩༤ དཔྱ་བགོ་འབད་དགོ་པའི་ གྲོས་དོན་ཕུལ་ཡོད་མི་དེ་ཡང་ འདེམས་ཁོངས་གོང་འཕེལ་ལུ་ གནང་སྦྱིན་མ་དངུལ་གྱི་ ཞུ་བ་སྦེ་ བཀོད་དེ་ཡོད་མི་དེ་ལུ་ ཚོགས་འདུའི་འཐུས་མི་ ༤༥ གིས་ ཚོགས་རྒྱན་བཙུགསཔ་ད་ འཐུས་མི་ ༣༣ གྱིས་ དགོས་མཁོ་ཡོད་པའི་ ཚོགས་རྒྱན་བསྐྱུར་ཡོདཔ་ད་ འཐུས་མི་ ༡༢ ཀྱིས་ ཚོགས་རྒྱན་མ་བཙུགསཔ་སྦེ་ཨིན་པས། གནད་དོན་དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཁྲིམས་དོན་བསམ་འཆར་ ལེན་པའི་སྐབས་ལུ་ ཁོང་གི་ཁ་ཐུག་ལས་ ད་རེས་ རྩ་ཁྲིམས་ཆེན་མོ་དང་ ཁྲིམས་དོན་སྒྲིག་བཀོད་ཚུ་ནང་ དགོས་མཁོ་ཡོད་པའི་ གནང་བ་མེདཔ་ལས་ འཆར་དངུལ་དཔྱད་ཡིག་ནང་ བཀོད་ན་མ་གཏོགས་ […]

National News

འབྲུག་གི་བཟོ་གྲྭ་གོང་འཕེལ་གྱི་ མདུན་ལམ་འཆར་གཞི་ གཞུང་འབྲེལ་ཐོག་ལས་འགོ་འབྱེད།

ཀརྨ་རྡོ་རྗེ།སྤྱི་ཟླ་ ༨ པའི་སྤྱི་ཚེས་ ༨ ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གིས་ ཐིམ་ཕུ་ལུ་ དཔའ་ཉམས་ཀྱི་སྒོ་ལས་ བཟོ་གྲྭ་གོང་འཕེལགྱི་ མདུན་ལམ་འཆར་གཞི་ ༢༠༢༥ ཅན་མ་དེ་ གཞུང་འབྲེལ་ཐོག་ལས་ འགོ་འབྱེད་མཛད་ནུག།དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྩ་ཚུ་ལུ་ གཞི་བརྟེན་ཏེ་ དུས་རབས་ ༢༡ པའི་ དཔལ་འབྱོར་གྱི་ མདུན་ལམ་འཆར་གཞི་དང་ འབྲེལ་མཐུན་ཐོག་ལས་ འབྲུག་གི་བཟོ་གྲྭ་གོང་འཕེལ་གྱི་དོན་ལུ་ ངེས་གསལ་ཅན་སྦེ་ བསྐྱར་བཀོད་འབད་མི་ རྒྱལ་ཡོངས་ཀྱི་ གསར་བཏོད་ལས་དོན་ཅིག་ཨིན་པས།བཟོ་གྲྭ་གོང་འཕེལ་ མདུན་ལམ་འཆར་གཞི་དེ་ནང་ འབྲུག་གི་བཟོ་གྲྭ་ལས་སྡེ་དེ་ རྒྱལ་སྤྱིའི་གནས་རིམ་ནང་ དོ་འགྲན་འབད་ཚུགས་པའི་ དཔལ་འབྱོར་ལོངས་སྤྱོད་ཀྱི་ འཕྲུལ་ཆས་ལུ་ སྒྱུར་ནིའི་དོན་ལས་ གནད་དོན་ཀུན་ཚང་དང་ མ་འོངས་པའི་དོན་ལུ་ གྲ་སྒྲིག་ཡོད་པའི་ ཐབས་བྱུས་ཅན་གྱི་ སྒྲིག་བཀོད་ཚུ་བཀོད་ནུག།མདུན་ལམ་འཆར་གཞིའི་ ཡིག་ཆ་དེ་གིས་ ལས་སྡེའི་སྒྲིག་བཀོད་ཀྱི་ དོ་འགྲན་ཚུ་ བསལ་ཐབས་འབད་བའི་ཁར་ ལུང་ཕྱོགས་ནང་ སྔོ་ལྗང་དང་ གསར་བཏོདལུ་བརྟེན་པའི་ བཟོ་གྲྭའི་ཡར་འཕར་འདྲ་མཉམ་གྱི་ གཞི་འགྱམ་བཙུགསཔ་ཨིན་པས།ད་རེས་ བཟོ་གྲྭ་ལས་སྡེ་གིས་ འབྲུག་གི་ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ བརྒྱ་ཆ་ ༥༣ དེ་ཅིག་གིས་ […]

National News

འབྲུག་གིས་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཚུ་གི་སྐོར་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞལ་འཛོམས་ནང་གྲལ་གཏོགས།

པདྨ་དབང་འདུས།ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ ཌི་ཨེན་དུང་གེལ་གྱིས་ འགོ་ཁྲིད་ཐོག་ལས་ འབྲུག་གི་འཐུས་མི་སྡེ་ཚན་ཅིག་གིས་ སྤྱི་ཟླ་ ༨ པའི་ཚེས་ ༥ ལས་ ༨ ཚུན་གྱི་བར་ན་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཚུ་གི་སྐོར་ལས་ ཊཱག་མེ་ནིཛ་ཏཱན་གྱི་ས་གནས་ ཨ་ཝ་ཟ་ལུ་ཚོགས་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞལ་འཛོམས་ནང་ གྲལ་གཏོགས་འབད་ནུག།ཞལ་འཛོམས་དེ་ནང་ འཛམ་གླིང་མཐའ་དབུས་མེད་པའི་ ས་ཁོངས་ཚུ་གི་ནང་ལས་ འགོ་ཁྲིདཔ་ཚུ་ འཛོམས་ཐོག་ལས་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ ༣༢ ལུ་ ཚོང་འབྲེལ་དང་ མཐུད་འབྲེལ་ གནམ་གཤིས་ཀྱི་ ཉེན་ཁ་ཚུ་རྩིས་ཏེ་ གོང་འཕེལ་གྱི་ དོ་འགྲན་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ཨིན་པས།ཞལ་འཛོམས་དེ་གིས་ སྤྱི་ལོ་ ༢༠༠༣ གྱི་ ཨཱལ་མ་ཏི་དང་ སྤྱི་ལོ་ ༢༠༡༤ གི་ ཝི་ཡེ་ན་ ཞལ་འཛོམས་ཚུ་གུ་ གཞི་བརྟེན་ཐོག་ལས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ཚེས་ ༢༤ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ལས་ སྐོབས་ཚུད་ཅན་གྱི་ […]

National News

རྩིས་ལོ་ ༢༠༢༥-༢༦ གི་ ལོ་བསྟར་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་གི་ གཙོ་རིམ་གོང་འཕེལ་མ་དངུལ།

པདྨ་དབང་འདུས། སྤྱི་ཟླ་ ༨ པའི་ཚེས་ ༦ ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ རྩིས་ལོ་ ༢༠༢༥-༢༦ གི་ ལོ་བསྟར་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ གཙོ་རིམ་གོང་འཕེལ་མ་དངུལ་གྱི་སྐོར་ལས་ གནས་ཚུལ་གསར་བཏོན་འབད་མི་ལུ་ རྒྱལ་ཡོངས་ཚོགས་འདུའི་ ཁ་ཐུག་ལས་ རྒྱལ་ཁབ་ཀྱི་ དམངས་གཙོའི་གཞུང་སྐྱོང་ནང་ བསྐྱར་ཞིབ་ཀྱི་ ཚོགས་ཁང་སྦེ་ རྩ་ཁྲིམས་ཅན་གྱི་ འགན་ཁུར་འགྲུབ་ནི་དང་ སྤྱི་ཚོགས་ཀྱི་འགན་འཁྲི་ ངེས་གཏན་བཟོ་ནི་ལུ་ ཁས་ལེན་ཡང་བསྐྱར་ ཞུ་ནི་ཨིན་ཟེར་བའི་ གནས་ཚུལ་གསར་བཏོན་འབད་ནུག། འཆར་དངུལ་དང་འབྲེལ་བའི་ གནད་དོན་གྱི་ཐེད་ཁར་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༥ པའི་ནང་ རྩིས་ལོ་ ༢༠༢༥-༢༦ གི་ ལོ་བསྟར་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དེ་ བསྐྱར་ཞིབ་མཐིལ་ཕྱིན་མཛད་དེ་ གཙོ་རིམ་གོང་འཕེལ་མ་དངུལ་དེ་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ འབྲེལ་ཡོད་བཅའ་ཁྲིམས་གཞན་ཚུ་གི་ དགོངས་དོན་ཚུ་དང་ ཚུལ་མཐུན་མེདཔ་ལས་ ཕྱིར་བཏོན་འབད་དགོ་པའི་ གྲོས་དོན་བཀོད་ཅི་ཟེར་ཨིན་པས། རྒྱལ་ཡོངས་ཚོགས་སྡེ་གིས་ དེ་བཟུམ་མའི་ གྲོས་དོན་བཀོད་དེ་འབད་རུང་ རྒྱལ་ཡོངས་ཚོགས་འདུ་གིས་ དཔྱད་ཡིག་དེ་ ཆ་འཇོག་གནང་སྟེ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ ཆ་སྦྱོར་གནང་ནིའི་དོན་ལུ་ ཕུལ་ཡོདཔ་སྦེ་བཀོད་ནུག། གནད་དོན་དེ་གི་སྐོར་ལས་ མངོན་མཐོ་ཁྲིམས་འདུན་གྱིས་ […]

National News

འཛམ་གླིང་གསོ་བའི་ལས་ཚོགས་ ཡིག་ཚང་ལས་ གསོ་བའི་བརྟག་དཔྱད་འཕྲུལ་ཆས་ཀྱི་རྒྱབ་སྐྱོར།

སྤྱི་ཟླ་ ༨ པའི་ཚེས་ ༨ ལུ་ འབྲུག་གི་འབུ་ནད་ཀྱི་ ཉེན་ཁ་་བརྟག་དཔྱད་དང་ གདོང་ལན་ལུ་ གནད་འགག་ཆེ་བའི་ ལྕོགས་གྲུབ་ཡར་དྲག་གི་དོན་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ ཡིག་ཚང་གིས་ ད་རེས་ ལག་ལེན་ཐོག་ལུ་ཡོད་མི་ ནད་ཡམས་མ་དངུལ་ལས་འགུལ་གྱི་ ཆ་ཤས་སྦེ་ རྒྱལ་འཛིན་ནད་རིགས་བཀག་འཛིན་ལྟེ་བ་ལུ་ དངུལ་ཀྲམ་ས་ཡ་ ༡༩.༣ གནས་པའི་ དེང་དུས་དང་བསྟུན་པའི་ གསོ་བའི་བརྟག་དཔྱད་འཕྲུལ་ཆས་ཚུ་གི་ རྒྱབ་སྐྱོར་བྱིན་ནུག། རྒྱབ་སྐྱོར་དེ་གིས་ དབུགས་གཏོང་ལེན་ལུ་གནོད་པའི་ འབུ་སྲིན་དང་ ནད་གཞི་ དེ་ལས་ གཞན་ཡང་ ཉེན་ཁ་ཡོད་པའི་ འབུ་ནད་ཚུ་ སྔ་གོང་ལས་ ཁྱབ་སྤེལ་ངོས་འཛིན་འབད་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིནམ་ལས་ མི་མང་འཕྲོད་བསྟེན་གྱི་ དོ་འགྲན་ཚུ་ལུ་ གདོང་ལན་འབད་ནི་གི་ ལྕོགས་གྲུབ་ལེགས་སྒྱུར་གཏང་ཚུགས་ནི་ཨིན་པས། གསོ་བ་ལྷན་ཁག་ ཁ་ཐུག་ལས་ རྒྱལ་ཁབ་ནང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ རྒྱབ་སྐྱོར་ཐོག་ལས་ གསོ་བའི་རིམ་ལུགས་བཙན་ཐབས་དང་ ནད་ཡམས་ཚུ་ལུ་ གྲ་སྒྲིག་དང་ གདོང་ལན་ཚུ་ ངེས་གཏན་བཟོ་ནི་ལུ་ ཁས་ལེན་འཕྲོ་མཐུད་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་ གསོ་བའི་གཞུང་འབྲེལ་ཕེཛ་བུག་ནང་ བཀོད་འདུག་པའི་གནས་ཚུལ།

National News

འབྲུག་དང་ མོང་གོ་ལི་ཡའི་བར་ན་ ཟུང་ཕྱོགས་གྲོས་བསྟུན་ཞལ་འཛོམས།

སྤྱི་ཟླ་ ༨ པའི་ཚེས་ ༧ ལུ་ འབྲུག་དང་ མོང་གོ་ལི་ཡའི་བར་ན་ ཟུང་ཕྱོགས་གྲོས་བསྟུན་ཞལ་འཛོམས་ ཐེངས་དང་པ་དེ་ ཨུ་ལཱན་བ་ཏར་ལུ་སྦེ་ ཚོགས་གནང་ནུག། དེ་བསྒང་ ཞལ་འཛོམས་དེ་ནང་ འབྲུག་གི་ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་དྲུང་ཆེན་ པདྨ་ཆོས་སྒྲོན་དང་ མོང་གོ་ལི་ཡའི་ ཕྱི་འབྲེལ་ལྷན་ཁག་གི་ རྒྱལ་ཁམས་དྲུང་ཆེན་ མུང་ཏུ་ཤིག་ ལ་ཁ་ན་ཇབ་གཉིས་ཀྱིས་ མཉམ་འབྲེལ་ཁྲི་འཛིན་འབད་ཡོདཔ་ཨིན་པས།  འབྲུག་དང་མོང་གོ་ལི་ཡའི་ འཐུས་མི་ཚུ་གིས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༧ པའི་ནང་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མོང་གོ་ལི་ཡ་ལུ་ གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་མི་དེ་ སེམས་ཁར་དྲན་ཏེ་ ཕྱོགས་གཉིས་ཆ་རའི་ཁ་ཐུག་ལས་ མོས་མཐུན་ཅན་གྱི་གོ་དོན་དང་ མཉམ་འབྲེལ་གུ་གཞི་བརྟེན་ཏེ་ མཐུན་ལམ་གཏིང་ཟབ་བཟོ་ནི་གི་ ཁས་ལེན་འབད་ཡོདཔ་དང་ གྲོས་བསྟུན་ཚུ་ཡང་ ཤེས་རིག་དང་ ལམ་སྲོལ་ སོ་ནམ་ དེ་ལས་ མི་སེར་གཉིས་ཀྱི་བར་ན་ བརྗེ་སོར་ཡར་དྲག་གཏང་ནི་ཚུ་གི་སྐོར་ལས་ གཙོ་བོར་བཟུང་སྟེ་ གནང་ཡོདཔ་ཨིན་པས། འབྲུག་དང་མོང་གོ་ལི་ཡའི་བར་ན་ འབྲེལ་དོན་གསརཔ་དང་འབྲེལ་ཏེ་ ཕྱོགས་གཉིས་ཆ་རའི་ཁ་ཐུག་ལས་ གྲོས་བསྟུན་དེ་གིས་ མཐུན་ལམ་དང་མཉམ་འབྲེལ་ ཡར་དྲག་གཏང་ཚུགས་པའི་ རེ་འདུན་བཟང་པོ་ […]

National News

ཨོ་རོ་དངུལ་ཁང་གིས་ རྒྱལ་སྤྱིའི་སྤྲོད་ལེན་ཚུ་ དངོས་གནས་བཟོ་ཐབས་ལུ་ ནི་ཡམདང་མཉམ་འབྲེལ།

པདྨ་དབང་འདུས། སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ ཨེ་ཤི་ཡའི་ནང་ ཨང་ཅན་དངུལ་ཁང་དང་པ་ ཨོ་རོ་དངུལ་ཁང་གིས་ རྒྱལ་སྤྱིའི་གནས་རིམ་ནང་ དངོས་གནས་སྤྲོད་ལེན་གྱི་འགོ་ཁྲིདཔ་ ནི་ཡམ་དང་གཅིག་ཁར་ མཉམ་འབྲེལ་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག། དེ་ཡང་ ཨོ་རོ་དངུལ་ཁང་གིས་ ཚོང་མགྲོན་པ་ཚུ་ལུ་ འགྲན་ཟླ་མེད་པའི་སྒོ་ལས་ གླ་འཐུས་རན་ཏོག་ཏོ་དང་ འཇམ་ཏོང་ཏོ་གི་ཐོག་ལས་ རྒྱལ་སྤྱིའི་གནས་རིམ་ནང་ མགྱོགས་དྲགས་སྦེ་ དངུལ་སྤྲོད་ལེན་ཚུ་གི་ གོ་སྐབས་བྱིན་ནི་ལུ་ གལ་གནད་ཆེ་བའི་ མདུན་བསྐྱོད་ཀྱི་ བརྡ་མཚོན་སྟོནམ་ཨིན་པས། མཉམ་འབྲེལ་དེ་ལུ་བརྟེན་ཏེ་ རྒྱལ་སྤྱིའི་གནས་རིམ་ནང་ རྒྱལ་ཁབ་ ༢༢༠ དེ་ཅིག་གི་ ཚོང་ལམ་ ༡༠༠ ལྷགཔ་ཅིག་ལུ་ དངུལ་གཏོང་ལེན་ཚུ་ དངོས་གནས་སྦེ་ ལག་ལེན་འཐབ་ཚུགས་ནི་དང་ ད་རེས་ཀྱི་ ལམ་ལུགས་དང་ཕྱདཔ་ད་ མགྱོགས་ཤུགས་ཅན་ཡོད་པའི་ཁར་ འཐུས་ཚུ་ཡང་ ཉུང་སུ་ཅིག་ལས་ མི་ཕོག་ནི་ཨིནམ་སྦེ་བཀོད་ནུག། ཨོ་རོ་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ མ་ཡེག་ཀ་ཡ་མོ་རི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨོ་རོ་དངུལ་ཁང་གི དམིགས་ལཱ་དེ་ར་ རྒྱལ་སྤྱིའི་དཔལ་འབྱོར་ནང་ ནུས་སྟོབས་ཀྱི་སྒོ་ལས་ ཡར་འཕེལ་གཏང་ནི་དེ་ཨིནམ་ལས་ ད་རེས་ ནི་ཡམ་དང་གཅིག་ཁར་ […]

National News

ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བླམ་གསར་བསྐོས།

རང་ཟླ་ ༦ པའི་ཚེས་ ༨ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བླམ་བསོད་ནམས་རབ་རྒྱས་དེ་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་བླམ་སྦེ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།དགུང་ལོ་ ༥༢ བཞེས་མི་ བླམ་བསོད་ནམས་རབ་རྒྱས་མཆོག་ དབང་འདུས་ཕོ་བྲང་རྫོང་ཁག་ ཤར་ངག་དབང་གར་གཞི་ཁ་ལས་ཨིནམ་ད་ དགུང་ལོ་ ༨ ལས་ གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ བདེ་ཆེན་ཕོ་བྲང་ གཞི་རིམ་སློབ་གྲྭ་དང་ མདོ་སྡེ་བྲག་ འབྲིང་རིམ་བཤད་གྲྭ་ རྟ་མགོ་མཐོ་རིམ་བཤད་གྲྭ་ཚུ་ལས་ ནང་པའི་ཤེས་ཡོན་ཚུ་ སྦྱངས་བརྩོན་མཛད་ཡོདཔ་ཨིན་པས།དེ་ལས་ སྤྱི་ལོ་ ༢༠༠༣ ལུ་ དཔལ་གྱི་རི་སྒྲུབ་སྡེའི་ནང་ལས་ ལོ་གསུམ་ཕྱོགས་གསུམ་དང་ རྟོགས་སྐྱོང་རི་ཁྲོད་ལུ་ ལོ་ངོ་ ༡༠ ལྷགཔ་ཅིག་ བཞུགས་པའི་ཤུལ་ལས་ རྟ་མགོའི་གནས་བདག་དང་ སྤུངས་རྫོང་མགོན་པའི་ བསྐང་རྒྱུན་པ་སྦེ་ ཕྱག་ཞུ་ནུག།གོ་གནས་འདི་ མ་བཞེས་པའི་ཧེ་མ་ སྤ་གྲོ་ཀུན་དགའ་ཆོས་གླིང་ལུ་ བསྙེན་མཚམས་ནང་ བཞུགས་ཡོདཔ་ཨིན་པའི་གནས་ཚུལ།

National News

མི་རྗེ་བློན་ཆེན་མཆོག་གིས་ ཆུ་འཛོམས་ལས་ ཧཱ་གི་འཁོར་ལམ་འགོ་འབྱེད།

སྤྱི་ཟླ་ ༨ པའི་ཚེས་ ༡ ལུ་ མི་རྗེ་བློན་ཆེན་མཆོག་གིས་ ཝ་ན་ཁ་ལུ་ ཆུ་འཛོམས་ལས་ ཧཱ་གི་འཁོར་ལམ་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་ནུག།དེ་བསྒང་ རྒྱ་གར་ས་མཚམས་འཁོར་ལམ་ལས་འགུལ་གྱི་ ཡོངས་ཁྱབ་མདོ་ཆེན་ གུང་བློན་ར་གུ་སི་རི་ནི་ཝ་སན་དང་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ སུ་ད་ཀར་ད་ལེ་ལེ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།མི་རྗེ་བློན་ཆེན་གྱིས་ འཁོར་ལམ་དེ་ཁར་ ལཱ་འབད་མི་ཚུ་དང་ རྒྱ་གཞུང་དང་ རྒྱ་གར་གྱི་ མི་སེར་ཚུ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ གསུངས་པའི་པའི་ནང་ལས་ཡང་ དམིགས་བསལ་གྱིས་ འཁོར་ལམ་དེ་ ལེགས་ཤོམ་སྦེ་ གྲུབ་ཚུགས་མི་ལུ་ རྒྱ་གར་གཞུང་ཚབ་ སུ་ད་ཀར་ད་ལེ་ལ་དང་ དཱན་ཏག་ལས་འགུལ་གྱི་ བཟོ་རིག་འགོ་དཔོན་གཙོ་འཛིན་ མདོ་འཛིན་རོ་ཧིད་གུབ་ཏ་གིས་གཙོས་པའི་ ལས་བྱེད་སྡེ་ཚན་ལུ་ཡང་ བཀའ་དྲིན་དགའ་ཚོར་ཡོད་ལུགས་གསུངས་ནུག།དེ་མ་ཚད་ དེ་སྦེ་ ལེགས་བཅོས་འབད་མི་ འཁོར་ལམ་དང་ ཟམ་ཚུ་ འབྲུག་གི་གོང་འཕེལ་ལུ་ སྲོག་ཐག་སྦེ་ གལ་ཆེ་བའི་སྐོར་དང་ རྒྱལ་ཁབ་གོང་འཕེལ་ལུ་ ཡུན་བརྟན་ཅན་གྱི་ ཕན་འདེབས་འབད་མི་ཚུ་ལུ་ཡང་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ གསུངས་ཡོད་པའི་གནས་ཚུལ།

National News

བཀྲིས་སྒང་ཡོན་ཕུ་ལ་ལུ་ དམིགས་བསལ་གྱི་ སློབ་གྲྭ་འགོ་འབྱེད།

སྤྱི་ཟླ་ ༧ པའི་ཚེས་ ༢༨ ལུ་ ཤེས་རིག་ལྷན་ཁག་གིས་ བཀྲིས་སྒང་ ཡོན་ཕུ་ལ་ལུ་ སྨྱོ་རྫས་ལག་ལེན་འཐབ་མི་ ན་གཞོན་ཚུ་གི་ ཀུན་སྤྱོད་བསྐྱར་གསོའི་དོན་ལས་ ཡ་རབ་གླིང་འབྲིང་རིམ་སློབ་གྲྭ་ཆེ་བ་ཟེར་ དམིགས་བསལ་གྱི་ སློབ་གྲྭ་ཅིག་ འགོ་འབྱེད་མཛད་ནུག།སློབ་ཕྲུག་ ༤༢༤ གི་ ཤོང་ཚད་ཡོད་མི་ སློབ་གྲྭ་དེ་ནང་ ད་རེས་ འགོ་དང་པ་ སློབ་རིམ་ ༧ པ་ལས་ ༡༠ པ་ཚུན་གྱི་ སློབ་ཕྲུག་ ༦༣ དང་ སྦྱོང་བརྡར་ཅན་གྱི་ གྲོས་སྟོན་པ་ ༢ བརྩིས་ཏེ་ ལས་གཡོགཔ་ ༣༠ དང་བཅསཔ་སྦེ་ སྤྱི་ཟླ་ ༨ པའི་ བདུན་ཕྲག་ ༢ པའི་ནང་ལས་ གཅེས་སྐྱོང་ལུ་ གཙོ་རིམ་བཟུང་སྟེ་ ཤེས་ཡོན་སློབ་སྟོན་ལས་རིམ་ འགོ་བཙུགས་ནི་ཨིན་པས།སློབ་གྲྭའི་དབུ་འཛིན་ ཡེ་ཤེས་རྡོ་རྗེ་གིས་ སློབ་གྲྭ་དེ་ནང་ རིག་རྩལ་དང་ སེམས་ཁམས་ གཟུགས་ཁམས་ མི་སྡེ་ དེ་ལས་ ཀུན་སྤྱོད་ཚུ་གི་ ཀུན་ཚང་ཤེས་ཡོན་ཚུ་འབདཝ་ད་ […]

Online now: 10 Today: 697 Total visitors: 10727