ArchiveAboutContact

Category: ཁྱད་འཕགས་གནས་ཚུལ།

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ མང་གོ་ལི་ཡ་ལས་ ཐིམ་ཕུ་ལུ་ ལོག་ཕེབས་ཡོདཔ།

སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མོང་གོ་ལི་ཡའི་ རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར་གནང་སྟེ་ ཐིམ་ཕུ་ལུ་ ལོག་ཕེབས་གནང་ཡི། མི་དབང་སྐུ་འཁོར་ལྷན་རྒྱས་ འབྲུག་ལུ་ ལོག་ཆིབས་བསྐྱོད་གནངམ་ད་ ཅིང་གིཛ་ཁཱན་ གནམ་གྲུའི་ཐང་ནང་ མོང་གོ་ལི་ཡའི་ ཕྱི་འབྲེལ་བློན་པོ་ ཨམ་བཱཌ་མུང་ བཱཊ་ཙེ་ཙེག་གིས་ ཞབས་སྐྱེལ་ཞུ་ཡོདཔ་མ་ཚད་ རྒྱལ་ཁམས་ཀྱི་ སྐུ་སྲུང་དམག་སྡེ་གིས་ མངའ་བདག་བསྟི་སྭ་ཡང་ཞུ་ནུག། མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ དགུང་ཞག་ ༧ གྱི་རིང་ལུ་ གཞུང་དོན་གཟིགས་སྐོར་གནང་མི་དེ་ འབྲུག་ལས་ མོང་གོ་ལི་ཡ་ལུ་ མི་དབང་སྐུ་འཁོར་གྱི་གཟིགས་སྐོར་ཐེངས་དང་པ་ཨིནམ་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ དོན་གཅོད་ཀྱི་ མཐུན་ལམ་དེ་ འབྱུང་རབས་ཅན་ཅིག་ཨིན་པས། མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ སྐུ་འཁོར་ལྷན་རྒྱས་ལུ་ ཁྱད་དུ་འཕགས་པའི་ ཕེབས་བསུ་དང་ སྐུ་མགྲོན་སྐྱོང་བཞག་ལུ་ མོང་གོ་ལི་ཡའི་ གཞུང་དང་ མི་སེར་ དེ་ལས་ དམིགས་བསལ་གྱིས་ སྲིད་འཛིན་ཁུ་རེལ་སུག་ ཨུག་ནཱ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ […]

Special News

འབྲུག་རྒྱལ་ཁབ་དང་ མོང་གོ་ལི་ཡའི་ རྒྱལ་ཁབ་ ༢ ཀྱི་ མཉམ་འབྲེལ་གསལ་བསྒྲགས།

མོང་གོ་ལི་ཡའི་སྲིད་འཛིན་ ཁུ་རེལ་སུག་ ཨུག་ནཱ་གིས་ མགྲོན་བརྡ་ཕུལཝ་བཞིན་དུ་ སྤྱི་ཟླ་ ༧ པའི་ཚེས་ ༨ ལས་ ༡༥ ཚུན་ མི་དབང་མངའ་བདག་རིན་པོ་ མཆོག་གིས་ མོང་གོ་ལི་ཡ་ལུ་ གཞུང་འབྲེལ་གཟིགས་སྐོར་གནང་མི་དེ་ འགོ་དང་པ་ཨིནམ་ད་ དེ་བསྒང་ མི་དབང་མཆོག་གི་ ཕྱག་ཞུ་སྟེ་ མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་ མི་དབང་རྒྱལ་སྲས་ འཇིགས་མེད་ཨྱོན་དབང་ཕྱུག་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་དབང་ཕྱུག་ཚུ་ བྱོན་ཡོདཔ་མ་ཚད་ འབྲུག་གཞུང་གི་བློན་པོ་དང་ ཆེ་མཐོའི་འགོ་དཔོན་ཚུ་ཡང་བྱོན་ནུག།དེ་བཟུམ་མའི་ རྒྱལ་རབས་ཅན་གྱི་ གཟིགས་སྐོར་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མོང་གོ་ལི་ཡའི་སྲིད་འཛིན་ ཁུ་རེལ་སུག་དང་གཅིག་ཁར་ གཞུང་དོན་ཞལ་འཛོམས་ཅིག་ གནང་ཡོདཔ་མ་ཚད་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ མོང་གོ་ལི་ཡའི་ རྒྱལ་ཡོངས་ན་དཱན་དུས་སྟོན་གྱི་ འགོ་འབྱེན་རྟེན་འབྲེལ་དང་ ཚོགས་སྟོན་ཅིག་གི་ནང་ཡང་ སྐུ་མགྲོན་གཙོ་བོ་སྦེ་ དབུ་བཞུགས་མཛད་ཡོདཔ་ཨིན་པས།གཟིགས་སྐོར་དེ་གི་རིང་ལུ་ དབུ་ཁྲིད་ ༢ ཀྱི་བར་ན་ དཔལ་འབྱོར་དང་ ཤེས་རིག་ ལམ་སྲོལ་ གསོ་བ་ ཚན་རིག་ སོ་ནམ་ སྒོ་ནོར་ རང་བཞིན་གནས་སྟངས་ དེ་ལས་ […]

Special News

མི་དབང་མངའ་བདག་རིན་པོ་མཆོག་གིས་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་དང་པ་ གྲོལ་སྟོན་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ།

རང་ཟླ་ ༦ པའི་ཚེས་ ༡ སྤྱི་ཟླ་ ༧ པའི་ཚེས་ ༦ ལུ་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་དང་པ་ གྲོལ་སྟོན་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་མཆོག་གིས་ དབུ་བཞུགས་མཛད་གནང་ཡི།སྤྱི་ཟླ་ ༦ པའི་ཚེས་ ༡༢ ལས་ འགོ་བཙུགས་གནང་མི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ནང་ རྒྱལ་སྤྱིའི་ཆིངས་ཡིག་ ༡ བརྩིས་ཏེ་ དཔྱད་ཡིག་ ༤ ཆ་འཇོག་མཛད་ཡོདཔ་མ་ཚད་ འཆར་གཞི་ ༡༣ པའི་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་ ༥༡༢.༢༨༥ ཡང་ ཆ་འཇོག་མཛད་གནང་ནུག།དེ་ལས་ སྤྱི་ཚོགས་ཀྱི་ བལྟ་རྟོག་ལས་འགན་གྱི་ ཆ་ཤས་ཅིག་སྦེ་ དཔལ་འབྱོར་དང་ མི་སྡེ་ གོང་འཕེལ་གྱི་ གནད་དོན་ཚུ་གི་ དྲི་བཀོད་ལས་རིམ་ནང་ དྲི་བ་ཡོངས་བསྡོམས་ ༤༩ འབདཝ་ད་ ངག་ཐོག་གི་ དྲི་བ་ ༤༠ དང་ ཡིག་ཐོག་གི་ དྲི་བ་ ༩ བཀོད་ཡོདཔ་ཨིན་པས།རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཆུང་དང་ འཐུས་མི་ཚུ་གིས་ […]

Special News

མི་དབང་མངའ་ཞབས་མཆོག་ མོང་གོ་ལི་ཡ་ལུ་ གཞུང་དོན་གཟིགས་སྐོར།

སྤྱི་ཟླ་ ༧ པའི་ཚེས་ ༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མོང་གོ་ལི་ཡའི་ རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ནི་ཨིན་པས།དེ་ཡང་ མོང་གོ་ལི་ཡའི་སྲིད་འཛིན་ ཁུ་རེལ་སུག་ཨུག་ནཱ་གིས་ གདན་འདྲེན་ཞུཝ་བཞིན་དུ་ ཨུ་ལཱན་བཱ་ཏར་ལུ་ མོང་གོ་ལི་ཡའི་ རྒྱལ་ཡོངས་ནཱ་དམ་དུས་སྟོན་གྱི་ འགོ་འབྱེད་རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་སྦེ་ དབུ་བཞུགས་མཛད་གནང་ནི་ཨིན་པས།ད་རེས་ འབྲུག་རྒྱལ་ཁབ་ནང་ལས་ མོང་གོ་ལི་ཡ་ལུ་ དབུ་ཁྲིད་མཆོག་གིས་ གཟིགས་སྐོར་གནང་མི་དེ་ འགོ་དང་པ་ཨིནམ་ད་ དེ་བཟུམ་མའི་ གཟིགས་སྐོར་ལུ་བརྟེན་ཏེ་ འབྲུག་དང་ མོང་གོ་ལི་ཡའི་བར་ན་ འབྱུང་རབས་ཅན་གྱི་ མཐུན་ལམ་ནང་ གལ་གནད་ཆེ་བའི་ གནད་དོན་ཚུ་གི་ བརྡ་མཚོན་སྟོན་ནི་ཨིན་པས།མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ མོང་གོ་ལི་ཡ་ལུ་ སྤྱི་ཟླ་ ༧ པའི་ཚེས་ ༨ ལས་ ༡༥ ཚུན་ གཟིགས་སྐོར་གནང་ནི་ཨིན་པའི་ གནས་ཚུལ་མདོར་བསྡུས།

Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ གནམ་ལོ་ལྕགས་ཁྱི་ལོའི་ དམག་དཔུང་བཟློག་ཐབས་ལུ་ སིདྡྷིའི་བསྙེན་པ་ གང་མང་བསགས་དགོ་པའི་བཀའ་རྒྱ།

གནམ་ལོ་ཤིང་འབྲུག་ཟླཝ་ ༥ པའི་ཚེས་ ༢༥ སྤྱི་ཟླ་ ༧ པའི་ཚེས་ ༡ ལུ་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ གནམ་ལོ་ལྕགས་ཁྱི་ཤརཝ་ད་ འཛམ་གླིང་ནང་ དམག་ཆེན་གྱི་ འཇིགས་པ་ཚུ་ ཞི་ཐབས་ལུ་དམིགས་ཏེ་ སིདྡྷིའི་བསྙེན་པ་ གང་མང་བསགས་དགོ་པའི་ བཀའ་ཤོག་གནང་ནུག།དེ་ཡང་ རིག་འཛིན་ནུས་ལྡན་རྡོ་རྗེའི་ལུང་ལས། ལྕགས་ཁྱིའི་བར་ཆད་ཤིང་འབྲུག་ལོ་ལ་བཟློག །དགྲ་ཤེད་ཡིན་པས་བཟློག་པར་ཐེ་ཚོམ་མེད། །ཟེརཝ་ལ་སོགས་པ་ གསུངས་ཡོད་པའི་ དགོངས་དོན་དང་འཁྲིལ་ཏེ་ཨིན་པས།དེ་འབདཝ་ལས་ རང་ལྗོངས་ཆོས་སྡེ་སྤྱི་དང་ ཁྱད་པར་དུ་ དགེ་འདུན་གྱི་སྡེ་རྣམས་ དབྱར་གནས་སྐབས་ལུ་ སྐུ་རིམ་ཞལ་འདོན་གཙོ་བོ་ སིདྡྷིའི་བསྙེན་པ་ གང་མང་བསགས་དགོ་པའི་ བཀའ་བསྐུལ་གནང་ཡོད་པའི་གནས་ཚུལ།

Special News

མི་དབང་མཆོག་གིས་ བདེ་ཆེན་ཆོས་གླིང་ ཉི་དྲོད་གསར་བཏོད་ལས་འགུལ་གྱི་ ས་ཁོངས་ནང་གཟིགས་ཞིབ།

སྤྱི་ཟླ་ ༦ པའི་ཚེས་ ༡༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་བདེ་ཆེན་ཆོས་གླིང་ བདེ་སྲུང་རིག་རྩལ་གོང་འཕེལ་ལས་རིམ་གྱི་འོག་ལུ་ཡོད་མི་ ཉི་དྲོད་གསར་བཏོད་ལས་འགུལ་གྱི་ ས་ཁོངས་ནང་ གཟིགས་ཞིབ་གནང་ནུག།དེ་ཡང་ བདེ་སྲུང་རིག་རྩལ་གོང་འཕེལ་ལས་རིམ་གྱི་ ཉི་དྲོད་གསར་བཏོད་ལས་འགུལ་ གོ་རིམ་དང་པའི་ནང་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ ཐིམ་ཕུ་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་གྱི་ཐོག་ཁར་ ཀི་ལོ་ཝཱཊ་ ༢༥༠ འབད་མི་ ཉི་དྲོད་གློག་མེ་ཅིག་ མཐར་འཁྱོལ་ཅན་སྦེ་ གཞི་བཙུགས་ཡོདཔ་ཨིན་པས།དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༥ པའི་ཚེས་ ༩ ལུ་ བདེ་ཆེན་ཆོས་གླིང་ལུ་ཡང་ ཀི་ལོ་ཝཱཊ་ ༥༠༠ འབད་མི་ ཉི་དྲོད་གློག་མེ་ཅིག་ གཞི་བཙུགས་འབད་ཡོདཔ་ད་ གློག་མེ་ལས་འགུལ་དེ་ འབྲུག་མཐའ་འཁོར་ཉམས་སྲུང་ བློ་གཏད་མ་དངུལ་ནང་ལས་ གློག་མེ་ཀི་ལོ་ཝཱཊ་རེ་ལུ་ དངུལ་ཀྲམ་ ༥༤,༠༠༠ རེ་ ཟད་འགྲོ་བཏང་སྟེ་ བཟོ་བསྐྲུན་འབད་ནུག།བདེ་སྲུང་རིག་རྩལ་གོང་འཕེལ་ལས་རིམ་གྱི་ ཉི་དྲོད་ལས་འགུལ་ གོ་རིམ་ ༢ པའི་ནང་ བདེ་ཆེན་ཆོས་གླིང་ལུ་ […]

Special News

མི་དབང་འབྲུག་རྒྱལ་བཞི་པ་མཆོག་ གསེར་ཁྲིར་མངའ་གསོལ་ཞུ་སྟེ་ མི་ལོ་ ༥༠ འཁོར་བའི་དུས་སྟོན།

ད་རིས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་བཞི་པའི་ གསེར་ཁྲིར་ཕེབས་ཏེ་ མི་ལོ་ ༥༠ འཁོར་བའི་ དགའ་སྟོན་རྟེན་འབྲེལ་འདི་ཁར་ མི་དབང་མངའ་ཞབས་མཆོག་གི་ མཛད་རྣམ་རྒྱ་མཚོ་ལྟ་བུ་ལས་ བཀའ་དྲིན་རྗེས་དྲན་གྱི་དོན་ལུ་ ཆུ་ཐིག་ཙམ་ཅིག་ ཞུ་ནི་ཨིན།དེ་ཡང་ གནམ་ལོ་ཆུ་བྱི་ཟླཝ་ ༦ པའི་ཚེས་ ༡༠ སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ མི་དབང་ཡབ་རྗེ་དམ་པ་ འབྲུག་རྒྱལ་གསུམ་པ་མཆོག་ དགོངས་པ་རྫོགས་སོངཔ་ལས་ རབ་བྱུང་ ༡༦ པའི་ ཆུ་བྱི་ཟླཝ་ ༦ པའི་ཚེས་ ༡༤ སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༧ པའི་ཚེས་ ༢༦ ལུ་ བློན་འབངས་ཡོངས་ཀྱིས་ བཀྲ་ཤིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་ རྟེན་འབྲེལ་ཚུལ་ཙམ་གྱི་སྒོ་ལས་ རྒྱལ་པོའི་ཕྱག་དམ་ […]

Special News

གསར་སྤང་རྫོང་གསར་བཞེངས་ཀྱི་ དབུ་རྩེ་གུ་ གསེར་ཏོག་བཀལ་བའི་རྟེན་འབྲེལ།

སྤྱི་ཟླ་ ༥ པའི་ཚེས་ ༡༦ ལུ་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་གིས་ གསར་བཞེངས་འབད་མི་ གསར་སྤང་རྫོང་གི་ དབུ་རྩེ་གུ་ གསེར་ཏོག་བཀལ་བའི་ རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ནུག།གསེར་ཏོག་གི་ གསུང་ཆོག་དེ་ཡང་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་ སྤྲུལ་སྐུ་རྣམ་རྒྱལ་མཆོག་ དབུ་བཞུགས་ཐོག་ལས་ གནང་ཡོདཔ་ད་ རྫོང་གསར་བཞེངས་ཀྱི་ལཱ་དེ་ དུས་ཅི་ སྤྱི་ཟླ་ ༡༢ པའི་ནང་ མཇུག་བསྡུ་ནི་གི་ ལས་འཆར་ཡོདཔ་ཨིན་པས།མ་གཞི་ ཧེ་མ་འབད་བ་ཅིན་ རྫོང་དེ་ནང་ལས་ རྫོང་ཁག་བདག་སྐྱོང་དང་ གྲྭ་ཚང་གི་ ཞབས་ཏོག་ཚུ་ བྱིན་ནི་སྦེ་ཨིན་རུང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བདག་སྐྱོང་ལྟེ་བ་སྦེ་ ལག་ལེན་འཐབ་ནི་གི་ འཆར་གཞི་ཡོདཔ་ལས་ རྫོང་ཁག་བདག་སྐྱོང་གི་ ཁང་ཚན་རྐྱབ་ནི་ཚུ་ ལོ་ ༡ གི་ཧེ་མ་ལས་ མཚམས་འཇོག་འབད་དེ་བཞག་ནུག།ག་དེ་སྦེ་ར་ཨིན་རུང་ རྫོང་གསར་བཞེངས་ཀྱི་ ལཱ་མཇུག་བསྡུ་བའི་ཤུལ་ལས་ གྲྭ་ཚང་གི་ཐེད་ཁར་ རྫོང་གསརཔ་དེ་ནང་ སྤོ་བཤུད་འབད་ནི་ཨིནམ་བཞིན་དུ་ དགེ་སློང་ ༡༥༠ དེ་ཅིག་ཤོང་པའི་ ཁང་ཚན་ཚུ་ཡོདཔ་མ་ཚད་ བླ་མའི་གཟིམ་ཅུང་ཡང་ཡོདཔ་ཨིན་པས།གསར་སྤང་རྫོང་ གསར་བཞེངས་ཀྱི་ བཟོ་བཀོད་དེ་ཡང་ […]

Special News

ཐིམ་ཕུ་ཅང་གླིང་མའི་ཐང་གི་ བརྒྱ་འཁོར་གླིང་གའི་ནང་ ཏཱ་ར་ཡ་ན་ གཞི་བཙུགས་དུས་སྟོན་དང་ ལོ་བསྟར་འགྲེམ་སྟོན།

སྤྱི་ཟླ་ ༥ པའི་ཚེས་ ༣ ལུ་ ཏཱ་ར་ཡ་ན་ གཞི་ཚོགས་ཀྱིས་ ཐིམ་ཕུ་ཅང་གླིང་མའི་ཐང་གི་ བརྒྱ་འཁོར་གླིང་གའི་ནང་སྦེ་ གཞི་བཙུགས་དུས་སྟོན་ ཐེངས་ ༢༡ པ་དང་ ལོ་བསྟར་འགྲེམ་སྟོན་ ཐེངས་ ༡༨ པ་དེ་ ས་གནས་ཀྱི་ དཔལ་འབྱོར་ཡར་དྲགས་ལུ་ ཉམས་སྲུང་ནང་ བརྩོན་ཤུགས་ལུ་ ཕན་འདེབས་ཟེར་བའི་ བརྗོད་དོན་ཐོག་ལས་ བརྩི་སྲུང་ཞུ་ནུག།དེ་ཡང་ བརྒྱ་འཁོར་གླིང་གའི་ནང་ ཡུན་བརྟན་ལུ་ ཁས་ལེན་གྲུབ་མི་དང་བསྟུན་པའི་ རང་བཞིན་འཐོན་སྐྱེད་དང་ གསར་བཏོད་འགྲེམ་སྟོན་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།དུས་སྟོན་དེ་གི་ འགོ་འབྱེད་སྐབས་ལུ་ བཻ་རོ་ཙ་ན་རིན་པོ་ཆེ་ ངག་དབང་འཇིགས་མེད་འཇིག་རྟེན་དབང་ཕྱུག་མཆོག་དང་ རྒྱལ་སྲས་མཆོག་སྤྲུལ་ འཇིགས་མེད་བསྟན་འཛིན་དབང་པོ་རྣམ་ ༢ བྱོན་གནང་ཡོདཔ་མ་ཚད་ ཏཱ་ར་ཡ་ན་ གཞི་ཚོགས་ཀྱི་ གཞི་བཙུགས་གཙོ་འཛིན་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་ མི་དབང་རྒྱལ་སྲས་ འཇིགས་བྱེད་སེངྒེ་དབང་ཕྱུག་མཆོག་གིས་ དབུ་གཙོས་པའི་ མི་རྗེ་བློན་ཆེན་དང་ ཆེ་མཐོའི་འགོ་དཔོན་ཚུ་གུ་ ཏཱ་ར་ཡ་ན་ གཞི་ཚོགས་ལུ་ ཕན་གྲོགས་ཚུ་གིས་ཡང་ གྲལ་གཏོགས་མཛད་ནུག།འགྲེམ་སྟོན་དེ་ནང་ རྫོང་ཁག་ ༡༦ […]

Special News

གེ་སར་རྒྱལ་པོ་ གསོ་རིག་གཙུག་ལག་སློབ་སྡེའི་འོག་ལུ་ཡོད་མི་ ནད་གཡོག་དང་ མི་མང་འཕྲོད་བསྟེན་ གཞི་བཙུགས་འབད་དེ་ ལོ་ངོ་ ༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་།

སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ མི་དབང་ཨ་ཞེ་སྐལ་བཟང་དབང་མོ་དབང་ཕྱུག་མཆོག་གིས་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་འོག་ལུ་ཡོད་མི་ ནད་གཡོག་དང་ མི་མང་འཕྲོད་བསྟེན་ གཞི་བཙུགས་འབད་དེ་ ལོ་ངོ་ ༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ཏེ་ ནད་གཡོག་ཚན་རིག་གི་ མཐོ་རིམ་གོང་མའི་ ཤེས་ཚད་ལས་རིམ་ འགོ་འབྱེད་རྟེན་འབྲེལ་མཛད་སར་ དབུ་བཞུགས་མཛད་གནང་ནུག།མཐོ་རིམ་གོང་མའི་ ཤེས་ཚད་ལས་རིམ་དེ་ ད་རེས་ འགོ་འབྱེད་གནང་ཡོད་རུང་ རྩ་གཞུང་ཚུ་ གཏན་འཁེལ་འབད་བའི་བསྒང་ཡོདཔ་ལས་ སློབ་སྦྱོང་གི་ཐེད་ཁར་ སྤྱི་ལོ་ ༢༠༢༥ ལས་མ་གཏོགས་ འགོ་མི་བཙུགས་ནི་ཨིན་པས།དེ་མ་ཚད་ ནད་གཡོག་དང་ མི་མང་འཕྲོད་བསྟེན་ གཞི་བཙུགས་འབད་དེ་ མི་ལོ་ ༥༠ འཁོར་བའི་ དུས་དྲན་དཔེ་དེབ་ཅིག་ཡང་ གསར་བཏོན་འབད་ཡོདཔ་ད་ དེ་བསྒང་ ཧེ་མའི་འགོ་འཛིན་ བཙན་སྐྱོགས་རྡོ་རྗེ་ལུ་ ཚེ་ཐེངས་ཅིག་ར་ ལས་རིམ་དེ་ནང་ ཕན་འདེབས་འབད་བའི་ ངོས་འཛིན་ལུ་ རྟགས་མ་ཡང་གནང་ནུག།དུས་སྟོན་དེ་ནང་ གསོ་བའི་བློན་པོ་དང་ ཆེ་མཐོའི་འགོ་དཔོན་ཚུ་གིས་གཙོས་པའི་ གཙུག་ལག་སློབ་སྡེའི་ནང་ལས་ མཐར་འཁྱོལ་མི་ཚུ་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

Online now: 23 Today: 2263 Total visitors: 9483