ArchiveAboutContact

Category: ཁྱད་འཕགས་གནས་ཚུལ།

Special News

འབྲུག་ལུ་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་གི་གཟིགས་སྐོར།

སྤྱི་ཟླ་ ༤ པའི་ཚེས་ ༢༥ ལུ་ མཐའ་ཡས་ལེན་གྱི་རྒྱལཔོ་ མི་དབང་མཧཱ་ ཝ་ཇི་ར་ལོང་ཀཱོན་ ཕ་ར་ ཝ་ཇི་རག་ལོ་ཅོ་ཡུ་ཧཱ་མཆོག་དང་ མི་དབང་རྒྱལ་བཙུན་ སུ་ཐི་ད་ བ་ཇ་ར་སུ་དྷ་བི་མ་ལ་ལག་ཤ་ན་མཆོག་ འབྲུག་རྒྱལ་ཁབ་ནང་ གཞུང་འབྲེལ་གཟིགས་སྐོར་ལུ་ འབྱོན་ནི་ཨིན་པས།དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མགྲོན་བརྡ་མཛད་གནང་མི་དང་བསྟུན་ཏེ་ འབྱོན་ནི་ཨིནམ་ད་ མི་དབང་མཧཱ་ ཝ་ཇི་ར་ལོང་ཀཱོན་མཆོག་ རྒྱལ་པོའི་གསེར་ཁྲིར་ ཕེབས་ཞིནམ་ལས་ ཕྱི་རྒྱལ་ལུ་ ཆིབས་བསྐྱོད་གནང་མི་དེ་ འགོ་དང་པ་ཨིན་པས།འབྲུག་ལུ་ དེ་སྦེ་ གཟིགས་སྐོར་གནང་མི་དེ་གིས་ འབྲུག་དང་ མཐའ་ཡས་ལེན་གྱི་བར་ན་ ཧེ་མ་ལས་ཡོད་པའི་ མཐུན་ལམ་འདི་ རྩ་བརྟན་འགྱོ་ནི་ཨིནམ་ད་ མི་དབང་རྒྱལཔོ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ སྤྱི་ཟླ་ ༤ པའི་ཚེས་ ༢༨ ལུ་ ལོག་འབྱོན་ནི་ཨིན་པའི་ གནས་ཚུལ་མདོར་བསྡུས།

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ཚེས་བཅུའི་ མཇུག་སྡུད་ལུ་ དབུ་བཞུགས་མཛད་གནང་ཡོདཔ།

རང་ཟླ་ ༢ པའི་ཚེས་ ༡༥ སྤྱི་ཟླ་ ༤ པའི་ཚེས་ ༡༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རིན་སྤུངས་རྫོང་ནང་ ཉིན་གྲངས་ ༥ གི་ སྤ་རོ་ཚེས་བཅུའི་ མཇུག་སྡུད་ལུ་ དབུ་བཞུགས་མཛད་གནང་ཡོདཔ་ད་ ཚེས་བཅུ་དེ་ཡང་ མི་མང་ལུ་ གུ་རུའི་མཐོང་གྲོལ་ཆེན་མོ་ མཇལ་ཁ་གནང་ཐོག་ལས་ གྲོལ་གནངནུག། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མཐོང་གྲོལ་ཆེན་མོའི་ སྐུ་མདུན་ལུ་ ཐུགས་སྨོན་གནང་ཡོདཔ་མ་ཚད་ ཚེས་བཅུ་དེ་ཁར་འཛོམས་མི་ མི་སེར་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ གཟིགས་སྐོར་ལུ་ཆིབས་བསྐྱོད།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་སྟེ་ ལུང་ཕྱོགས་དེ་ནང་གི་ མི་སེར་དང་ རྫོང་ཁག་ཚུ་གི་ འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མེ་རག་ལུ་ ཨེ་ཏོག་མེ་ཏོག་གི་ དུས་སྟོན་བདུན་ཕྲག་ནང་ དབུ་བཞུགས་མཛད་དེ་ ས་ཁ་མཐོ་སའི་ མི་སྡེ་ཚུ་དང་ མཇལ་ཕྲད་མཛད་གནང་ནུག། དེ་ལས་ སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ བཀྲིས་སྒང་ལུ་ ཆིབས་བསྐྱོད་གནང་སྟེ་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ རྫོང་ཁག་ ༢ ཀྱི་ འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་ཨིན་པས། སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ མི་དབང་མངའ་ཞབས་མཆོག་ རྒྱལ་པོའི་ཞིང་ལུ་ ཆིབས་བསྐྱོད་གནང་སྟེ་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་ ༢ ཀྱི་ འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་གནང་ནུག། དེ་མ་ཚད་ བོང་སྡེ་མ་ལུ་ཡོད་མི་ རྒྱལ་པོའི་ཞིང་རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་གི་ […]

Special News

ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ དགོངས་འདུས་སྐོང་ཆོག།

ལྷུན་རྩེ་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ དགོངས་འདུས་སྐོང་ཆོག་ལས་བྱང་སྔ་ཕྱིའི་ཆུ་རྒྱུན་གཅིག་བསྡུས་ཆབ་ཀྱི་བུམ་བཟང་གི་ གསུང་ཆོག་གནང་དོ་ཡོདཔ་ཨིན་པས། དེ་ཡང་ རང་ཟླ་ ༢ པའི་ཚེས་ ༡༠ སྤྱི་ཟླ་ ༤ པའི་ཚེས་ ༧ ལས་ འགོ་བཙུགས་ཡོདཔ་ད་ དེ་བཟུམ་མའི་ གསུང་ཆོག་དེ་ གཙོ་བོ་ར་ ཚེ་ལས་འདས་མི་ཚུ་གི་དོན་ལས་ གནང་དོ་ཡོདཔ་ཨིན་རུང་ དུ་ཅི་ དམིགས་བསལ་གྱིས་ ཡབ་གཤགས་མིའི་ སྐུ་མཆོད་སྦེ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ སྦྱིན་བདག་མཛད་དེ་ གནངམ་ཨིན་ཟེར་ རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་གི་ ཕེཛ་བུག་ནང་ བཀོད་གནང་ནུག། ཉིན་གྲངས་ ༧ གྱི་རིང་ལུ་གནང་མི་ དགོངས་འདུས་སྐོང་ཆོག་དེ་ རང་ཟླ་ ༢ པའི་ཚེས་ ༡༦ སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ འགྲོལ་གནང་ནི་ཨིན་པའི་ གནས་ཚུལ་མདོར་བསྡུས།

Special News

ལྷུན་རྩེ་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ མགོན་པོ་ཚེ་དཔག་མེད་ཀྱི་ ཚོགས་འབུམ་དང་ ལྷ་ཆེན་དབང་ཕྱུག་གི་ཕྱྭ་ཁུག།

ལྷུན་རྩེ་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ ཉིན་གྲངས་ ༣ གྱི་རིང་ལུ་ མགོན་པོ་ཚེ་དཔག་མེད་ཀྱི་ ཚོགས་འབུམ་དང་ ལྷ་ཆེན་དབང་ཕྱུག་གི་སྒོ་ལས་ ཕྱྭ་ཁུག་གཡང་ཁུག་ཚུ་ གནང་ཡོདཔ་ཨིན་པས། དེ་ཡང་ རང་ཟླ་ ༡ པའི་ཚེས་ ༢༥ སྤྱི་ཟླ་ ༣ པའི་ཚེས་ ༢༤ ལས་ འགོ་བཙུགས་ཏེ་ རང་ཟླ་ ༡ པའི་ཚེས་ ༢༧ སྤྱི་ཟླ་ ༣ པའི་ཚེས་ ༢༦ ལུ་ གྲོལ་གནང་ཡོདཔ་སྦེ་ ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་གི་ ཕེཛ་བུག་ནང་བཀོད་ནུག། དེ་བཟུམ་མའི་ ཚོགས་འབུམ་དང་ ཕྱྭ་ཁུག་དེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྦྱིན་བདག་མཛད་ཐོག་ལས་ གནང་ཡོདཔ་ད་ དེ་ཡང་ སྤྱིར་འཛམ་གླིང་རྒྱལ་སྤྱིའི་ སྐུ་རིམ་དང་ ལྷག་པར་དུ་ མི་དབང་ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གི་ […]

Special News

སྤྱི་ལོ་ ༢༠༢༤ ལོའི་ རྒྱལ་སྲུང་སྦྱོང་བརྡར་ལས་རིམ་ ཤོ་ཐེངས་ ༢ པ་ མཇུག་སྡུད་རྟེན་འབྲེལ།

སྤྱི་ཟླ་ ༣ པའི་ཚེས་ ༢༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསམ་རྩེ་རྒྱ་མཚོགླིང་ལུ་ སྤྱི་ལོ་ ༢༠༢༤ ལོའི་ རྒྱལ་སྲུང་སྦྱོང་བརྡར་ལས་རིམ་ ཤོ་ཐེངས་ ༢ པ་ མཇུག་སྡུད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་ནུག། དེ་བསྒང་ མི་དབང་མཆོག་གིས་ རྒྱ་མཚོ་གླིང་དང་ མཁོ་ཐང་ཁ་ པདྨ་ཐང་ རྒྱལ་པོའི་ཞིང་ཚུ་གི་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ ༤ ལུ་ རྒྱ་མཚོ་གླིང་ལས་སྦེ་ གསུང་བཤད་ཅིག་གནང་པའི་ནང་གསལ་ འབྲུག་གི་ཡུན་གནས་ཞི་བདེ་དང་ ལོངས་སྤྱོད་ ཉེན་སྲུང་ཚུ་གི་ རེ་འདོད་དེ་ ཐག་རིང་གི་ གཉིད་ལམ་ཙམ་ཅིག་མིན་པར་ ད་རེས་ ང་བཅས་རའི་ གདོང་ཁར་ར་ འགྲུབ་ངང་ཡོད་ཟེར་ཨིན་པས། དེ་མ་ཚད་ ང་བཅས་རའི་ དཔལ་འབྱོར་བཙན་ཐབས་ལུ་ གཙོ་རིམ་དྲག་ཤོས་བཀོད་ནི་དང་ དཔལ་འབྱོར་ཡར་འཕེལ་དེ་ཡང་ ངོ་རྟགས་ཅན་གྱི་ དཔལ་འབྱོར་དང་ བློ་གཏད་ཀྱི་དཔལ་འབྱོར་ དེ་ལས་ རྩ་བརྟན་གྱི་ དཔལ་འབྱོར་ཟེར་ ཀ་ཆེན་གསུམ་ལུ་ གཞི་བརྟེན་ཏེ་ གོང་འཕེལ་གཏང་ནི་ཨིན་ཟེར་ གསུངས་གནང་ནུག། སྔོན་གོང་གི་ མི་རབས་ཚུ་གིས་ གཞི་བཙུགས་འབད་མི་ […]

Special News

མི་དབང་མཆོག་གིས་ ན་གཞོན་གསེར་གྱི་རྟགས་མའི་ནང་ གྲལ་གཏོགས་འབད་མི་ཚུ་དང་མཇལ་ཕྲད།

པདྨ་དབང་འདུས། སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་ན་གཞོན་གོང་འཕེལ་མ་དངུལ་གྱི་ ལོ་བསྟར་ལས་རིམ་གཙོ་བོ་ ན་གཞོན་གསེར་གྱི་རྟགས་མ་ ཐེངས་ ༡༧ པའི་ནང་ གྲལ་གཏོགས་འབད་མི་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།ལས་རིམ་དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༡༧ ལས་ ༢༣ ཚུན་ བདུན་ཕྲག་ ༡ གི་རིང་ ཐིམ་ཕུ་ལུ་སྦེ་ རྫོང་ཁག་རེ་ལས་ བུཚུ་ ༢ རེ་དང་ བུམོ་ ༢ རེ་འབདཝ་ད་ སློབ་ཕྲུག་བསྡོམས་ ༨༠ གི་དོན་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།ན་གཞོན་གསེར་གྱི་རྟགས་མ་དེ་ སྤྱི་ལོ་ ༢༠༠༥ ལུ་ མི་དབང་རྒྱལ་ཡུམ་ ཚེ་རིང་པདྨོ་དབང་ཕྱུག་མཆོག་གིས་ འགོ་བཙུགས་གནང་ཡོདཔ་ད་ ལས་རིམ་དེ་གིས་ ན་གཞོན་ཚུ་གི་རྒྱུད་ལུ་ འགོ་ཁྲིད་གོམས་འདྲིས་ཀྱི་ ཤེས་ཡོན་འཐོབ་ནི་དང་ ལོ་བསྟར་བཞིན་དུ་ གསེར་གྱི་རྟགས་མ་ཐོབ་མི་ལུ་ འཛམ་གླིང་ནང་ ཡོངས་གྲགས་ཅན་གྱི་ སློབ་གྲྭ་ཚུ་ནང་ སློབ་གཉེར་གྲོགས་རམ་ཚུ་ གནང་དོ་ཡོདཔ་ཨིན་པའི་གནས་ཚུལ།

Special News

གཞུང་གྲྭ་ཚང་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ རྫོང་གསར་བཞེང་གནང་ནི།

གཞུང་གྲྭ་ཚང་ལྟེ་བ་གིས་ མི་དབང་མངའ་བདག་རིན་པོ་ཆེའི་ ཐུགས་དགོངས་ཟབ་མོ་ལས་འཁྲུངས་པའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ས་ཁོངས་ནང་ སྤ་རོ་རིན་སྤུངས་རྫོང་གི་ བཀོད་པ་དང་འདྲ་བའི་ གསང་སྔགས་རྡོ་རྗེ་ཐེག་པའི་ལྟེ་བ་ གསར་བཞེངས་ཀྱི་དོན་ལུ་ དངུལ་ཀྲམ་ ༡༠༠,༠༠༠,༠༠༠ (དུང་ཕྱུར་གཅིག་) མ་རྩ་གཞི་བཙུགས་གནང་ནུག། དེ་ཡང་ དཔལ་ལྡན་འབྲུག་པའི་ བཤད་སྒྲུབ་ཀྱི་བསྟན་པ་འདི་ ཉམས་པ་སོར་ཆུད་དང་ མི་ཉམས་གོང་འཕེལ་གྱི་དོན་ལུ་ གཞུང་དགེ་འདུན་གྲྭ་ཚང་གི་ ཕྱག་མཛོད་ནང་ལས་ ཞལ་འདེབས་སྦེ་ ཕུལ་གནངམ་ཨིན་པས། དཔལ་ལྡན་འབྲུག་པའི་ ཆོས་སྡེ་ཆེན་པོ་ གཞུང་གྲྭ་ཚང་འདི་ འབྲུག་རྒྱལ་ཁབ་ནང་ གཞུང་འབྲེལ་གྱི་ ཆོས་སྡེ་གཙོ་བོ་ཅིག་ཨིནམ་ད་ དེ་ཡང་ བླ་མ་ངག་དབང་རྣམ་རྒྱལ་མཆོག་གིས་ གཞི་བཙུགས་མཛད་གནང་སྟེ་ མི་ལོ་བཞི་བརྒྱ་ལྷག་ཙམ་ཅིག་ སོང་ཡོད་པའི་གནས་ཚུལ།

Special News

ལྷུན་རྩེ་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ ལོ་བསྟར་ཐུགས་རྗེ་ཆེན་པོའི་སྒྲུབ་མཆོད།

ལྷུན་རྩེ་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་སྦེ་ ལོ་བསྟར་ཐུགས་རྗེ་ཆེན་པོའི་སྒྲུབ་མཆོད་ ཐེངས་ ༡༡ པ་ གནང་མི་དེ་ ད་རིས་ རང་ཟླ་ ༡ པའི་ཚེས་ ༡༧ སྤྱི་ཟླ་ ༣ པའི་ཚེས་ ༡༦ གི་དྲོ་པར་ དངོས་གྲུབ་བླངས་བ་དང་བཅསཔ་སྦེ་ འགྲོལ་གནང་ནི་ཨིན་པས།དེ་ཚེ་ཉིན་མར་ དཔལ་ལྡན་དུད་གསོལ་ལྷ་མོའི་ ཚོགས་འཁོར་བསྐོར་གནང་ནི་དང་ རང་ཟླ་ ༡ པའི་ཚེས་ ༡༨ སྤྱི་ཟླ་ ༣ པའི་ཚེས་ ༡༧ ལུ་ ཐུགས་རྗེ་ཆེན་པོ་ སྤྱན་རས་གཟིགས་ཀྱི་ མཐོང་གྲོལ་ཆེན་མོ་ མི་མང་ལུ་ མཇལ་ཁ་གནང་ནི་ཨིན་པས།སྒྲུབ་མཆོད་དེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ རང་ཟླ་ ༡ པའི་ཚེས་ ༨ སྤྱི་ཟླ་ ༣ པའི་ཚེས་ ༧ ལས་ འགོ་བཙུགས་ཡོདཔ་ད་ དེ་ཡང་ སྤྱིར་འཛམ་གླིང་རྒྱལ་སྤྱིའི་ནང་ ཞི་བདེ་འབྱུང་ཐབས་ལུ་དང་ ལྷག་པར་དུ་ […]

Special News

དགེ་ལེགས་ཕུག་ལུ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཞི་ཁྲོ་ངན་སོང་སྦྱོང་བའི་དབང་ལུང་།

གནམ་ལོ་ཤིང་མོ་སྦྲུལ་ལོ་ རང་ཟླ་དང་པའི་ཚེས་ ༧ སྤྱི་ཟླ་ ༣ པའི་ཚེས་ ༦ ལུ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ ཐུབ་བསྟན་ཆོས་འཁོར་ཐང་ནང་སྦེ་ ཞི་ཁྲོ་ངན་སོང་སྦྱོང་བའི་ བཀའ་དབང་གི་ སྟ་གོན་ཐོག་ལས་ ཀློང་ཆེན་སྙིང་ཐིག་ རྩ་པོད་ཀྱི་ སྨིན་བྱེད་དབང་དང་ རྒྱབ་རྟེན་ལྗགས་ལུང་ཚུ་ འགོ་བཙུགས་གནང་ནུག།དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ཟབ་མོ་ལས་འཁྲུངས་པའི་ དགེ་ལེགས་ཕུག་ རང་སྐྱོང་ལུང་ཕྱོགས་ཀྱི་ ངྲན་ཤེས་ཁྲོམ་ཚོགས་ལས་འགུལ་འདི་ འབད་རྩོལ་མེད་པར་ ཡིད་བཞིན་ནོར་བུ་དང་ དཔག་བསམ་ཤིང་ཆེན་བཟུམ་སྦེ་ རང་བཞིན་ལྷུན་གྱིས་ འགྲུབ་ཐབས་ལུ་དམིགས་ཏེ་ གནངམ་ཨིན་པས།ཞི་ཁྲོ་ངན་སོང་སྦྱོང་བའི་ དབང་ལུང་དེ་ ཞུ་ནིའི་དོན་ལས་ བླ་སྤྲུལ་དང་ མཁན་སློབ་ཚུ་གིས་གཙོས་པའི་ དགེ་སློང་དང་ སྒོམ་ཆེན་ ཨ་ཎེམ་ དེ་ལས་ དད་ལྡན་སེར་སྐྱ་ཕོ་མོ་ སྟོང་ཕྲག་ ༢༥ དེ་ཅིག་ སྤུངས་འཛོམས་འབད་ཡོདཔ་ཨིན་པའི་གནས་ཚུལ།

Online now: 31 Today: 115 Total visitors: 10145