ArchiveAboutContact

gyalchi

National News

ཐིམ་ཕུ་ཁྲིམས་སྲུང་འགག་སྡེ་གིས་ སྨྱོ་རྫས་ནད་ཚོང་འཐབ་མི་ ན་གཞོན་ཕོ་སྐྱེས་ ༢ འཛིན་བཟུང་།

སྤྱི་ཟླ་ ༧ པའི་ཚེས་ ༥ ལུ་ ཐིམ་ཕུ་ཁྲིམས་སྲུང་འགག་སྡེ་གིས་ ཐིམ་ཕུ་ཨོ་ལ་ཁ་ལས་ བཀག་དམ་ཅན་གྱི་ སྨྱོ་རྫས་ནད་ཚོང་འཐབ་མི་ ན་གཞོན་ཕོ་སྐྱེས་ ༢ འཛིན་བཟུང་འབད་ནུག། དེ་བསྒང་ ཁྲིམས་སྲུང་འགག་སྡེ་གིས་ སྐྱེས་ལོ་ ༢༢ འབད་མི་ ཕོ་སྐྱེས་ ༢ ལས་ སྨྱོ་རྫས་ཨེཛ་པཱཛ་ པོ་རོག་སི་ བཱོན་པ་ལཱཛ་ཟེར་མི་ སྨན་ཐུམ་ ༢,༦༣༧ དེ་ཅིག་ འཕྱོག་བཟུང་འབད་ཡོདཔ་ད་ ཁོང་ ༢ ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྨྱོ་རྫས་དེ་ཚུ་ བསམ་རྩེའི་ཉེ་འདབས་ལུ་ཡོད་མི་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ བིམ་ཊར་ཟེར་ས་ལས་ རྒྱ་གར་གྱི་ མི་ངོམ་ ༡ ལས་ལེན་ཏེ་ ཐིམ་ཕུ་ལུ་ འབག་འོང་ཡི་ཟེར་ཨིན་པས། ག་དེ་སྦེ་ཨིན་རུང་ ཁྲིམས་སྲུང་འགག་སྡེ་གིས་ སྨྱོ་རྫས་དང་འབྲེལ་བའི་ གནད་དོན་ཚུ་ བཀག་ཐབས་དང་ ཉེན་སྲུང་དང་ལྡན་པའི་ གནས་སྟངས་བཟོ་ཐབས་ལུ་ མི་མང་ག་ར་གིས་ རྒྱབ་སྐྱོར་གང་དྲག་འབད་གནང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་གྱི་ཁྲོམ་ ཨེལ་བིབ་ལུ་ ར་ཤི་ཡའི་ མི་ཛ་ཡེལ་གྱིས་ མི་གྲངས་ ༤ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༦ ལུ་ ཡུ་ཀེ་རེན་གྱི་ ནུབ་ཕྱོགས་ཁྲོམ་སྡེ་ ཨེལ་བིབ་ལུ་ ར་ཤི་ཡ་གིས་ མི་ཡེལ་ཐོག་ལས་ གནོདཔ་སྦོམ་སྦེ་ བཀལ་མིའི་ནང་ ཞི་བའི་མི་སེར་གྱི་ གཞི་རྟེན་མཁོ་ཆས་ཚུ་ མེདཔ་བཏང་ཡོདཔ་མ་ཚད་ མི་གྲངས་ ༤ ལུ་ཡང་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།དེ་ཡང་ སྒྲིང་ཁྱིམ་ལ་ལོ་ཅིག་གི་ ཁྱིམ་ཏོག་ཚུ་ མེདཔ་བཏང་པའི་ཁར་ སྒོ་ཅུང་ཚུ་ཡང་ མེདཔ་བཏང་ཡོདཔ་ལས་ སྲུང་སྐྱོབ་འབད་མི་ཚུ་གིས་ སྒྲིང་ཁྱིམ་ཚུ་གི་ནང་ལས་ ཐོན་མ་ཚུགས་པར་ གསོན་པོ་སྦེ་ ལུས་མི་ཚུ་ཡང་ བཏོན་ཡོདཔ་ཨིན་པས།རྐྱེན་ངན་དེ་ནང་ ནདཔ་ཐོན་མི་དང་ ཤི་མི་ཚུ་གི་ བཟའ་ཚང་ཚུ་ལུ་ སེམས་གསོ་ཡོད་ལུགས་ཚུ་ བཤད་ཡོདཔ་མ་ཚད་ ར་ཤི་ཡ་ལུ་ དགྲ་ལན་ངེས་པར་དུ་ འཇལ་ནི་ཨིན་མི་དེ་ཡང་ མི་མང་ག་ར་གིས་ ཤེས་ཚུགས་པའི་ ཚད་གཞི་ཁར་ ལག་ལེན་འཐབ་འོང་ཟེར་ཨིན་པས།ནང་སྲིད་ལྷན་ཁག་ལས་ མི་ངོམ་ ༤ ལུ་ ཤི་རྐྱེན་དང་ ༣༢ ལུ་ རྨ་སྐྱོན་བྱུང་ཡོད་མིའི་གྲས་ཁར་ ཨ་ལོ་ཆུང་ཀུ་ ༡ ཡང་ཡོད་ཟེར་ཨིནམ་ད་ གློ་བུར་གྱི་ ཞབས་ཏོག་སྤྲོད་མི་ཚུ་གིས་ […]

gyalchi
Online now: 9 Today: 428 Total visitors: 10458