ArchiveAboutContact

gyalchi

National News

ཆུ་རུད་ཀྱི་ རྐྱེན་ངན་ནང་ ཚེ་འདས་ཚུ་གི་དོན་ལུ་ མར་མེ་སྟོང་མཆོད་དང་ བསྔོ་སྨོན་གནང་ཡོདཔ།

སྤྱི་ཟླ་ ༧ པའི་ཚེས་ ༢༢ ཀྱི་དྲོ་པར་ ལྷུན་རྩེ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་གི་ འདུ་ཁང་སྐུ་གསུམ་ཕོ་བྲང་ཆེན་མོའི་ནང་སྦེ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་ དེ་ལས་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་དང་ ལྷུན་རྩེ་རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་གིས་ སྨད་མཚོ་རྒེད་འོག་ ཨུམ་གླིང་སྤྱི་འོག་ལུ་ ཆུ་རུད་ཐོན་པའི་ རྐྱེན་ངན་ནང་ ཚེ་ལས་འདས་མི་ཚུ་གི་དོན་ལུ་ མར་མེ་སྟོང་མཆོད་ཕུལ་ཐོག་ལས་ འཕགས་པའི་དགེ་འདུན་པ་ཚུ་གིས་ བསྔོ་སྨོན་ཚུ་ གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

gyalchi
National News

ལྷུན་རྩེ་རྫོང་ཁག་ ཨུང་སྒར་ལུ་ ཆུ་རུད་ཐོན་ཏེ་ མི་ གྲངས་ ༢༣ གྱི་ ཚེ་སྲོག་ལུ་བར་རྐྱེན།

སྤྱི་ཟླ་ ༧ པའི་ཚེས་ ༢༠ ལུ་ ཕྱི་རོའི་ཆུ་ཚོད་ཕྱེད་དང་ ༨ དེ་ཅིག་ཁར་ ལྷུན་རྩེ་རྫོང་ཁག་ སྨད་ཚོ་རྒེད་འོག་ ཨུང་སྒར་སྤྱི་འོག་ལུ་ གློ་བུར་དུ་ ཆུ་རུད་ཐོན་པའི་ རྐྱེན་ངན་ནང་ ཨ་ལོ་ ༨ བརྩིས་ཏེ་ མི་གྲངས་བསྡོམས་ ༢༣ གྱི་ ཚེ་སྲོག་ལུ་ བར་རྐྱེན་བྱུང་ནུག།དེ་བསྒང་ ཆུ་རུད་དེ་གིས་ སྨད་ཚོ་ལུ་ གློག་ཤུགས་མེ་ག་ཝཱཊ་ ༣༢ འབད་མི་ གློག་མེ་འཕྲུལ་ཁང་ བཟོ་བསྐྲུན་གྱི་ ལཱ་འབད་མི་ བདེ་སྲུངཔ་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ སྡོད་སྒར་ཚུ་ ཕྱགས་བདའ་བའི་གུ་ སྣུམ་འཁོར་ཚུ་དང་ འཕྲུལ་ཆས་ཚུ་མ་ཚད་ ས་གནས་ཀྱི་ འབྱ་ཞིང་དང་ ནོར་ ༡༠ དེ་ཅིག་ཡང་ ཕྱགས་བདའ་ཡོདཔ་ཨིན་པས།སྤྱི་ཟླ་ ༧ པའི་ཚེས་ ༢༡ གི་དྲོ་པར་ མོང་སྒར་རྒྱལ་པོའི་ཞིང་ལས་ རྒྱལ་པོའི་སྐུ་ཚབ་ མི་དབང་རྒྱལ་སྲས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ བྱོན་ཡོདཔ་མ་ཚད་ ཕྱི་རོ་ཁམས་ཅིག་ཁར་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ དབུ་ཁྲིད་འོག་ལུ་ […]

gyalchi
Online now: 23 Today: 1884 Total visitors: 9104