ArchiveAboutContact

Warning: Attempt to read property "ID" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2


Warning: Attempt to read property "display_name" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2


Warning: Attempt to read property "ID" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2

Special News

མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་ མི་དབང་རྒྱལ་སྲས་རྣམ་གཉིས་ཀྱིས་ ཀུན་གསལ་ཕོ་བྲང་ལུ་ སྨོན་ལམ་ཆེན་མོའི་ མཇུག་སྡུད་མཛད་སྒོའི་ནང་ དབུ་བཞུགས་མཛད་གནང་ཡོདཔ།

མགོན་པོ་རྡོ་རྗེ།རང་ཟླ་ ༤ པའི་ཚེས་ ༡༢ སྤྱི་ཟླ་ ༥ པའི་ཚེས་ ༢༨ ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ཚོགས་གནང་མི་ ཐིམ་ཕུ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ ཐེངས་ ༩ པ་དེ་ རང་ཟླ་ ༤ པའི་ཚེས་ ༡༩ སྤྱི་ཟླ་ ༦ པའི་ཚེས་ ༤ ལུ་ གྲོལ་གནང་ནུག།སྨོན་ལམ་ཆེན་མོའི་ མཇུག་སྡུད་མཛད་སྒོའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ཚུ་གིས་ དབུ་བཞུགས་དང་ ཐུགས་སྨོན་ཚུ་ གནང་ཡོདཔ་ཨིན་པས།སྤྱི་ཟླ་ ༦ པའི་ཚེས་ ༤ ལུ་ མི་དབང་རྒྱལ་བཙུན་མཆོག་ དགུང་ལོ་ ༣༦ བཞེས་པའི་ འཁྲུངས་སྐར་དུས་སྟོན་ཨིནམ་ལས་ སྨོན་ལམ་ཚོགས་ཆུང་གིས་ འབྲུག་པའི་མི་སེར་ཚུ་གི་ ངོ་ཚབ་སྦེ་ མི་དབང་རྒྱལ་བཙུན་མཆོག་ལུ་ སྐུ་གསུང་ཐུགས་རྟེན་གྱི་ མཎྜལ་ཕུལ་ནུག།བདུན་ཕྲག་ ༡ གི་རིང་ལུ་ ཚོགས་གནང་མི་ […]

World News

གཙོ་འཛིན་བློན་པོ་བགྲེསཔ་ མ་མ་ཏ་ བེ་ནར་ཇི་གིས་ ཊྲི་ན་མུལ་ ཀོང་རེཛ་སྲིད་ཚོགས་བསྐྱར་བཀོད།

ཨིན་ཌི་ཡ་ཊུ་ཌེ། ནུབ་བེང་གཱལ་མངའ་སྡེའི་ནང་ མ་མ་ཏ་ བེ་ནར་ཇི་གིས་ གཙོ་འཛིན་བློན་པོ་སྦེ་ ཡུན་རིང་གི་བར་ན་ གཞུང་སྐྱོང་འབད་མི་ ཊྲི་ན་མུལ་སྲིད་ཚོགས་དེ་ བསྐྱར་བཀོད་འབད་ཡོདཔ་ད་ དེ་ཡང་ མོ་རའི་དབང་ཚད་དང་ མོ་གི་སྲིད་ཚོགས་ལུ་ སྔོན་ཆད་བྱུང་མ་མྱོང་པའི་ ངོ་རྒོལ་དང་ དོ་འགྲན་ཚུ་ ཐོན་ནི་དེ་གིས་ཨིན་པས། ད་ཚུན་གྱི་བར་ན་ མོ་རའི་ཚ་བོ་ ཨ་བྷི་ཤེག་ བེ་ནར་ཇི་དེ་ རྒྱལ་ཡོངས་ཊྲི་ན་མུལ་གྱི་ ཡོངས་ཁྱབ་དྲུང་ཆེན་གྱི་ གོ་གནས་ཁར་ སྲིད་ཚོགས་ཀྱི་ འགོ་ཁྲིད་ངོ་ཚབ་སྦེ་ སྡོད་ཡོདཔ་ལས་ སྲིད་ཚོགས་ནང་འཁོད་ལུ་ འགྲིག་མ་ཚུགས་པའི་ གནད་དོན་ཅིག་ལུ་ གྱུར་སོང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Online now: 2 Today: 1566 Total visitors: 14929