ArchiveAboutContact

Warning: Attempt to read property "ID" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2


Warning: Attempt to read property "display_name" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2


Warning: Attempt to read property "ID" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2

National News

སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་ནང་ལས་ མི་སེར་དམངས་གཙོའི་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ།

སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་ནང་ལས་ མི་སེར་དམངས་གཙོའི་ཚོགས་པ་གིས་ མཐར་འཁྱོལ་གྲུབ་ཡོདཔ་བཞིན་དུ་ གཞུང་ལན་ཐེངས་ ༢ སྐྱོང་ནི་གི་ གོ་སྐབས་ཐོབ་མི་འདི་ ད་ཚུན་གྱིི་བར་ན་ དམངས་གཙོའི་རིང་ལུགས་ནང་ འགོ་དང་པ་ཨིན་པས།དེ་ཡང་ མི་སེར་དམངས་གཙོའི་ཚོགས་པ་དང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ ༢ ཀྱི་བར་ན་ དོ་འགྲན་འབད་བའི་སྐབས་ལུ་ མི་སེར་དམངས་གཙོའི་ཚོགས་པ་གིས་ འདེམས་ཁོངས་ ༣༠ ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ འདེམས་ཁོངས་ ༡༧ ལས་ རྒྱལ་ཁ་ཐོབ་ནུག།ད་རེས་ཀྱི་ བཙག་འཐུའི་ནང་ལས་ མི་སེར་དམངས་གཙོའི་ཚོགས་པ་གིས་ རྒྱལ་ཁ་ཐོབ་མི་ འདེམས་ཁོངས་ཚུ་ཡང་ བུམ་ཐང་རྫོང་ཁག་ལས་ འདེམས་ཁོངས་ ༢ དང་ ཆུ་ཁ་རྫོང་ཁག་ལས་ ༢ དར་དཀར་ནང་ རྫོང་ཁག་ལས་ ༢ མགར་ས་རྫོང་ཁག་ལས་ ༢ ཧཱ་རྫོང་ཁག་ལས་ ༢ སྤུ་ན་ཁ་ རྫོང་ཁག་ལས་ ༢ སྤ་རོ་རྫོང་ཁག་ལས་ ༢ བསམ་གྲུབ་ལྗོངས་མཁར་ […]

National News

སྡོད་ཁྱིམ་དང་ བཟའ་ཁང་བཟོ་བསྐྲུན་གྱི་ སྐྱིན་འགྲུལ་མཚམས་འཇོག་གི་ དུས་ཡུན་ཕར་འགྱངས།

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྡོད་ཁྱིམ་དང་ བཟའ་ཁང་གསརཔ་ བཟོ་བསྐྲུན་གྱི་ སྐྱིན་འགྲུལ་ཚུ་ གནས་སྐབས་ཅིག་གི་དོན་ལས་ མཚམས་འཇོག་འབད་མིའི་ དུས་ཡུན་དེ་ ཟླ་ངོ་ ༦ གི་རིང་ལུ་ སྤྱི་ཟླ་ ༦ པའི་ཚེས་ ༣༠ ཚུན་ ཕར་འགྱངས་འབད་ནི་སྦེ་ གྲོས་ཐག་བཅད་ནུག།དེ་ཡང་ གནས་སྐབས་ཅིག་ སྡོད་ཁྱིམ་དང་ བཟའ་ཁང་ཚུ་གི་དོན་ལས་ སྐྱིན་འགྲུལ་ཚུ་བཏངམ་ད་ དངུལ་འབྲེལ་ལས་ཁང་ཚུ་ལུ་ དངུལ་འབྲེལ་ཉེན་ཁ་དེ་ མཐོ་སུ་ཡོད་མི་དང་ སྐྱིན་ཚབ་བཏབ་ནི་ འགོ་མ་བཙུགས་པའི་ དུས་ཡུན་ནང་ཡོད་མི་ སྐྱིན་འགྲུལ་ཚུ་ཡང་ མ་འོངས་པ་ལུ་ དངུལ་འབྲེལ་གྱི་ ཉེན་ཁ་འབྱུང་སྲིད་ནི་ཨིན་མི་ཚུ་ བསམ་ཞིབ་ཐོག་ལས་ གྲོས་ཐག་བཅད་ཡོདཔ་ཨིན་པས།དངུལ་ཁང་ལྟེ་བ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ གསར་བཏོན་འབད་མི་ གནས་ཚུལ་དང་འཁྲིལཝ་ད་ དངུལ་འབྲེལ་ལས་ཁང་ག་ར་གིས་ ཚོང་འབྲེལ་སྒྲིང་ཁྱིམ་དང་ བཟོ་བསྐྲུན་འབད་དོ་ཡོད་མི་ བཟའ་ཁང་ཚུ་གིས་གཙོས་པའི་ སྡོད་ཁྱིམ་དང་ བཟའ་ཁང་བཟོ་བསྐྲུན་ལུ་ སྐྱིན་འགྲུལ་བཏང་ནི་མེད་རུང་ ཉམས་གསོ་ཚུ་གི་དོན་ལས་ སྐྱིན་འགྲུལ་གཏང་ཆོགཔ་སྦེ་ཨིན་པས།དངུལ་འབྲེལ་ལས་ཁང་གི་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ དངུལ་འབྲེལ་ལས་ཁང་ཅིག་གིས་ སྐྱིན་འགྲུལ་མཚམས་འཇོག་དང་འབྲེལ་བའི་ ཚོང་འབྲེལ་སྐྱིན་འགྲུལ་ཚུ་གི་ཐེད་ཁར་ དངུལ་ཁང་ལྟེ་བའི་ བཀོད་རྒྱ་དང་ ལམ་སྟོན་ཚུ་དང་འཁྲིལ་ཏེ་ ལག་ལེན་འཐབ་དགོཔ་ […]

National News

རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་དོན་ལས་ དུས་ཡུན་ཆུ་ཚོད་ ༢༤ གི་རིང་ལུ་ རྒྱལ་སྤྱིའི་སྒོ་ར་ཚུ་ སྒོ་བསྡམ་ནི།

སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ ལྷོ་ཕྱོགས་ཁ་ཐུག་གི་ རྒྱལ་སྤྱིའི་སྒོ་ར་ཚུ་ དུས་ཡུན་ཆུ་ཚོད་ ༢༤ གི་རིང་ལུ་ སྒོ་བསྡམ་ནི་ཨིན་ཟེར་ ནང་སྲིད་ལྷན་ཁག་ བཀའ་ཁྲིམས་བཀོད་འཛིན་ལས་ཁུངས་ཀྱིས་ གསལ་བསྒྲགས་འབདཝ་ཨིན་པས།དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༨ ལུ་ ཕྱི་རོའི་ཆུ་ཚོད་ ༦ ལས་ སྤྱི་ཟླ་ ༡ པའི་ཚེས་ ༩ གི་ ཕྱི་རོའི་ཆུ་ཚོད་ ༦ ཚུན་ སྒོ་བསྡམ་ནི་ཨིནམ་ལས་ ཕན་ཚུན་འགྲོ་འགྲུལ་འབད་མི་ཚུ་ག་ར་ གོང་གསལ་དུས་ཚོད་ཁར་ འགྲོ་འགྲུལ་འབད་མ་གནང་ཟེར་ གསལ་བསྒྲགས་ནང་ བཀོད་འདུག་པའི་ གནས་ཚུལ་མདོར་བསྡུས།

World News

ལྷོ་ཀོ་རི་ཡ་ རྒྱལ་ཁབ་ཀྱི་ གླིང་ཕྲན་ ༢ ཀྱི་ནང་ལས་ མི་སེར་ཚུ་སྤོ་བཤུད།

ཨེ་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༥ ལུ་ བྱང་ཀོ་རི་ཡ་གིས་ ལྷོ་ཀོ་རི་ཡ་དང་ བྱང་ཀོ་རི་ཡའི་ ས་མཚམས་སྦེ་བརྩི་མི་ རྒྱ་མཚོའི་ནང་ མགྱོགས་མཚོན་སྟོབས་ ལན་ཐེངས་ ༢༠༠ ལྷགཔ་ཅིག་ རྐྱབ་ཡོདཔ་ལས་ ལྷོ་ཀོ་རི་ཡའི་ གླིང་ཕྲན་ཡོན་པི་ཡོང་དང་ བེན་ཉི་ཡོང་ ༢ ཀྱི་ མི་སེར་ཚུ་ གནས་སྤོ་འགྱོ་དགོ་པའི་ བཀོད་རྒྱ་གནང་ནུག།དེ་ཡང་ ལྷོ་ཀོ་རི་ཡ་གིས་འབད་བ་ཅིན་ སྤྱི་ལོ་ ༢༠༡༨ ལུ་ བཟོ་ཡོད་མི་ དྲག་པོའི་ཆིངས་ཡིག་ལུ་ ཆ་གནས་མ་བཞག་པར་ བྱང་ཀོ་རི་ཡ་གིས་ མགྱོགས་མཚོན་སྟོབས་ཚུ་ རྐྱབ་མས་ཟེར་ཨིན་པས།དེ་གི་ཤུལ་ལས་ ལྷོ་ཀོ་རི་ཡ་གིས་ སྟོབས་རྐྱབ་ནི་གི་ སྦྱོང་བརྡར་ཚུ་ ལག་ལེན་འཐབ་ཡོདཔ་ལས་ ལྷོ་ཀོ་རི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་ ཉེན་བརྡ་འབད་མིའི་ནང་ གནས་སྟངས་དེ་ ཚབས་ཆེན་ལུ་ འགྱུར་བ་ཅིན་ བྱང་ཀོ་རི་ཡ་གིས་ར་ འགན་ཁག་འབག་དགོ་ཟེར་ཨིནམ་ད་ དེ་མིན་པ་ཅིན་ གོ་མཚོན་ལག་ལེན་འཐབ་ནི་དེ་ བཀག་ཆ་འབད་དགོ་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨ་ལཱཛ་ཀ་ མཁའ་འགྲུལ་ལས་སྡེ་གིས་ གནམ་གྲུ་ ༧༣༧ མེགཛ་ ༩ ཟེར་མི་ཚུ་ འཕུར་འགྲུལ་འབད་ནི་མཚམས་འཇོག།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༥ ལུ་ མཁའ་འགྲུལཔ་ ༡༧༧ འབག་མི་ ཡུ་ཨེཛ་གི་ ཨ་ལཱཛ་ཀ་ མཁའ་འགྲུལ་ལས་སྡེའི་ གནམ་གྲུ་ཅིག་ གནམ་ཁར་འཕུར་སྡོད་པའི་བར་ན་ གནམ་གྲུའི་ཆ་ཤས་ཅིག་དང་ སྒོ་ཅུང་ཅིག་ སྦོག་ཡར་སོངཔ་ལས་ གློ་བུར་དུ་ ཡུ་ཨེཛ་གི་མངའ་སྡེ་ ཨོ་རེ་གཱོན་ལུ་ ཆགས་དགོཔ་བྱུང་ནུག།དེ་ཡང་ གནམ་གྲུ་བོ་ཡིང་ ༧༣༧ མེགཛ་ ༩ གི་ གནམ་གྲུའི་ཆ་ཤས་དང་ སྒོ་ཅུང་དེ་ གནམ་ཁར་འཕུར་ཏེ་་ སྐར་མ་ ༣༥ གི་ཤུལ་ལས་ ཐོན་ཡར་སོངཔ་ལས་ ཨ་ལཱཛ་ཀ་ མཁའ་འགྲུལ་གྱིས་ ཁོང་ལུ་ དེ་བཟུམ་མའི་ གནམ་གྲུ་ ༦༥ ཡོད་མི་ཚུ་ག་ར་ འཕུར་འགྲུལ་མཚམས་འཇོག་འབད་དེ་ བཞག་ཡོདཔ་ཨིན་པས།བོ་ཡིང་གནམ་གྲུ་ བཟོ་བསྐྲུན་འབད་མི་ལས་སྡེ་གིས་ གནད་དོན་དེ་གི་སྐོར་ལས་ ཁོང་གིས་ གོཝ་ཅིག་ར་ བརྡ་དོན་ཚུ་ བསྡུ་ལེན་འབད་དོ་ཟེར་ཨིནམ་ད་ དེ་བཟུམ་སྦེ་ ཡུ་ཀེ་ཞི་བའི་མཁའ་འགྲུལ་དབང་འཛིན་གྱིས་ཡང་ གནས་གྲུའི་གནས་སྟངས་ཚུ་ དམ་ཟབ་སྦེ་ར་ བལྟ་རྟོག་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

བང་ལ་དེཤ་ལུ་ ཚོགས་རྒྱན་བཙུགས་སའི་ ས་གོ་ཚུ་ མེ་བཏང་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༥ ལུ་ བང་ལ་དེཤ་ རྒྱལ་ཁབ་ནང་ རྒྱལ་ཡོངས་བཙག་འཐུ་གི་དོན་ལས་ གྲ་སྒྲིག་འབད་དེ་ཡོད་མི་ ཚོགས་རྒྱན་བཙུགས་སའི་ ས་གོ་ཚུ་ མི་ངན་ཚུ་གིས་ མེ་བཏང་ཡོདཔ་མ་ཚད་ རེལ་ལི་ ༡ ལུ་ཡང་ མེ་སྤར་ཡོདཔ་ལས་ ཨ་ལོ་ ༢ བརྩིས་ཏེ་ མི་གྲངས་ ༤ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།རེལ་ལི་དེ་ལུ་ ཕྱི་རོའི་ཆུ་ཚོད་ ༩ དེ་ཅིག་ཁར་ མེ་སྤར་ཡོདཔ་ད་ རེལ་ལི་དེ་ནང་ཡོད་མི་ འགྲུལ་པ་ ༨ ལུ་ཡང་ རྨ་སྐྱོན་བྱུང་ནུག།གནད་དོན་དེ་གི་སྐོར་ལས་ ཕྱི་འབྲེལ་བློན་པོ་ ཨེ་ཀེ་ཨབ་དཱུལ་མོ་མེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ བྱ་ངན་འབད་མི་དེ་ དམངས་གཙོའི་བྱ་སྒོ་ བཀག་ཆ་འབད་ནི་དང་ ཉེན་སྲུང་ལུ་ གནོད་པ་རྐྱབ་ནི་གི་ ཀུན་སློང་ཐོག་ལས་ ལག་ལེན་འཐབ་ནུག་ཟེར་ཨིན་པས།དེ་བཟུམ་མའི་ སེམས་ངན་ཐོག་ལས་ བྱ་ངན་བརྩམས་མི་ཚུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དྲང་ཁྲིམས་སྨིན་ནི་ཡོདཔ་ ངེས་གཏན་བཟོ་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 4 Today: 1809 Total visitors: 15172