ArchiveAboutContact
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་དམག་སྡེའི་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ ཌྲཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ།

gyalchi · 1 min read

རོའི་ཊརཛ།

སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ ར་ཤི་ཡའི་ དམག་སྡེ་གིས་ ཡུ་ཀེ་རེན་དམག་སྡེའི་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ ནུབམོ་གཅིག་གི་རིང་ལུ་ གནོད་འཚུབ་བཀལ་ཡོདཔ་མ་ཚད་ མཁའ་དམག་འཕྲུལ་ཆས་ ཌྲཱོན་གྱི་ཐོག་ལས་ཡང་ ཁང་ཚན་ཅན་གྱི་ སྒྲིང་ཁྱིམ་ཅིག་ལུ་ གནོད་འཚུབ་བཀལ་ནུག།

ཀི་ཡིབ་ཁྲོམ་དཔོན་ ཝི་ཊ་ལི་ ཀི་ལིཆ་ཀོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ མཁའ་དམག་འཕྲུལ་ཆས་ ཌྲཱོན་གྱི་ཐོག་ལས་ སོ་ལོ་མ་ཡཱནཛ་ཀི་ རྫོང་ཁག་ཁྲོམ་སྡེའི་ནང་ ཐོག་ཚད་ ༩ འབད་མི་ སྒྲིང་ཁྱིམ་ཅིག་ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ ཨམ་སྲུ་ ༡ ལུ་ ཤི་རྐྱེན་དང་ གཞན་མི་ ༥ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།

དེ་མ་ཚད་ ཀི་ཡིབ་ལུ་ཡོད་མི་ རོ་ཀེཊ་བཟོ་གྲྭ་འཕྲུལ་ཁང་ ༡ དང་ ཀི་ཡིབ་ལུང་ཕྱོགས་ནང་ཡོད་མི་ མཁའ་དམག་འཕྲུལ་ཆས་ ཌྲཱོན་སྒྲིག་བཅོས་ཁང་ དེ་ལས་ མི་ཛ་ཡེལ་གྱི་ མར་ཁུ་འཕྲུལ་ཁང་དང་ གློག་མེ་བཀྲམ་སྤེལ་ཡན་ལག་ཚུ་ལུ་ཡང་ གནོད་འཚུབ་བཀལ་ནུག།

དེ་བཟུམ་སྦེ་ ར་ཤི་ཡ་གིས་ ནུབ་བྱང་རི་ཝ་ནི་ལུང་ཕྱོགས་ནང་ ནུས་ཤུགས་དང་ ཞི་བའི་གཞི་རྟེན་མཐུན་རྐྱེན་ཚུ་ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་སྦེ་ ཡུ་ཀེ་རེན་གྱི་ ས་གནས་འགོ་དཔོན་ཅིག་གིས་ བཤད་ཡོདཔ་ཨིན་པས།

དེ་ལས་ ཡུ་ཀེ་རེན་གྱི་ མཁའ་དམག་འཕྲུལ་ཆས་ ཌྲཱོན་གྱི་ཐོ་ལས་ ར་ཤི་ཡའི་རྒྱལ་ས་ མོཛ་ཀོ་ལུ་ གནོད་འཚུབ་བཀལ་བའི་སྐབས་ལུ་ མཁའ་དམག་འཕྲུལ་ཆས་ཌྲཱོན་ ༥ ཕབ་བཏང་ཡོདཔ་སྦེ་ མོཛ་ཀོའི་ཁྲོམ་དཔོན་ སེར་གི་སོ་བི་ཡ་ནིན་གྱིས་ གསལ་བཤད་འབད་ནུག།

ད་རུང་ ནུབམོ་གཅིག་གི་རིང་ལུ་ ར་ཤི་ཡའི་ རྒྱལ་ཁབ་ནང་འཁོད་ལུ་ གནོད་འཚུབ་བཀལ་མི་ ཡུ་ཀེ་རེན་གྱི་ མཁའ་དམག་འཕྲུལ་ཆས་ ཌྲཱོན་ ༧༡ དེ་ཅིག་ཡང་ ཕབ་བཏང་ཡོདཔ་སྦེ་ ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *

Related

World News

ཨིཛ་རེལ་གྱིས་ ལྷོ་ཕྱོགས་ག་ཛ་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་ ༦ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ ཨིཛ་རེལ་གྱིས་ ལྷོ་ཕྱོགས་ག་ཛ་ལུ་ཡོད་མི་ ནཱ་སེར་སྨན་ཁང་གི་ སྒྲིང་ཁྱིམ་ཅིག་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་ལས་ གཤག་བཅོས་མཁས་མཆོག་ ༡ རྩིས་ཏེ་ མི་གྲངས་ ༦ དེ་ཅིག་ལུ་ ཤི་རྐྱེན་དང་ གཞན་མི་ ༢༠ ལུ་ རྨ་སྐྱོན་བྱུང་ནུག། ཨིཛ་རེལ་གྱི་ དམག་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁཱན་ཡུ་ནིཛ་ལུ་ཡོད་པའི་ སྨན་ཁང་ནང་ལས་ དམག་འཐབ་འབད་མི་ ཧ་མཱཛ་གི་ དམག་མི་སྡེ་ཚན་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ གནོདཔ་བཀལ་ཡི་ཟེར་ཨིན་པས། དེ་མ་ཚད་ ཧ་མཱཛ་གིས་ སྨན་ཁང་ས་ཁོངས་དེ་ དམག་སྡེའི་དོན་ལུ་ ལག་ལེན་འཐབ་པའི་ཁར་ མཚོན་ཆ་གསོག་འཇོག་དང་ བཀོད་ཁྱབ་ཚུ་ ལག་ལེན་འཐབ་དོ་ཡོད་པའི་ ཉེས་འཛུགས་ཡང་བཀལ་ནུག། ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ སྨན་ཁང་གི་ གཤག་བཅོས་ཁང་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་སྦེ་ ག་ཛ་ཞི་བའི་སྲུང་སྐྱོབ་ཀྱིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ། Share Facebook Messenger […]

gyalchi
World News

ཨ་བུ་དྷ་བི་ལུ་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ དམག་འཁྲུག་མཚམས་འཇོག་གི་དོན་ལས་ གསུང་གྲོས་གནང་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༡༠ ལུ་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གི་བར་ན་ ཨ་བུ་དྷ་བི་ལུ་སྦེ་ དམག་འཁྲུག་མཚམས་འཇོག་གི་དོན་ལས་ ཞི་བདེའི་གསུང་གྲོས་གནང་ནུག། དེ་ཡང་ སྤྱི་ཟླ་ ༢ པའི་ནང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་མཆོག་གི་ སྐུ་ཚབ་ཚུ་གིས་ ཡུ་ཀེ་རེན་ལུ་ དམག་འཁྲུག་མཇུག་བསྡུ་ནི་གི་ གསུང་གྲོས་གནང་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ཨ་བུ་དྷ་བི་ལུ་ གསུང་གྲོས་གནང་མི་དེ་ འགོ་དང་པ་ཨིན་པས། ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ མར་ཀོ་རུ་བི་ཨོ་གིས་ ཡུ་ཨེཛ་གིས་ བར་འཛུལ་འབད་མི་ ཞལ་འཛོམས་དེ་གི་སྐོར་ལས་ ཁ་གསལ་སྦེ་ མ་སླབ་སྟེ་འབད་རུང་ ཐོན་སྐྱེད་ཅན་ཅིག་སྦེ་ བྱུང་ཡོདཔ་སྦེ་བཤད་ནུག། ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ གསུང་གྲོས་དེ་ ཕན་ཐོགས་ཅན་དང་ ཧ་ཅང་གིས་ གལ་གནད་ཅན་ཅིག་ཨིནམ་སྦེ་ བཤད་ཡོདཔ་མ་ཚད་ མི་སྡེའི་གནས་སྟངས་དང་ ཉེན་སྲུང་གི་ གནད་དོན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། དེ་གི་ཤུལ་ལས་ ཌེན་མཱག་གི་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ ཡུ་ཨེཛ་སྲིད་འཛིན་གྱི་སྐུ་ཚབ་ སི་ཊེབ་ཝིཊ་ཀོཕ་དང་ ཇ་རཌ་ཀུཤ་ནར་ ༢ […]

gyalchi
World News

བཱལ་ག་རི་ཡའི་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་ལེ་ཤ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༡ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༡༠ ལུ་ བཱལ་ག་རི་ཡའི་ ཤར་ལྷོ་ཁ་ཐུག་གི་ གཞུང་ལམ་བདའ་སྟེ་ ས་སྨུག་སྤུར་ཏེ་ཡོདཔ་ལས་ འགྲུལ་སྐྱོད་འབད་མི་ སྣུམ་འཁོར་ལེ་ཤ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༡ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ གཞུང་ལམ་གཡས་གཡོན་གཉིས་ཆ་རའི་ནང་ སྣུམ་འཁོར་ཀར་དང་ ཊག་དེ་ཚུ་གི་ ཡན་ལག་ཚུ་ ཕྱལ་སོང་སྟེ་ གཅིག་གིས་གཅིག་གུ་ བརྩེགས་ཏེ་ཡོདཔ་ད་ ཁྲིམས་སྲུང་འགག་སྡེ་དང་ མེ་བསད་སྡེ་ཚན་ ནདཔ་སྐྱེལ་འདྲེན་འབད་མི་ སྣུ་འཁོར་གྱི་ ལས་བྱེདཔ་ཚུ་ ཉེན་སྐྱོབ་འབད་བར་ ལྷོད་ཡོདཔ་ཨིན་པས། ནང་སྲིད་ལྷན་ཁག་འོག་གི་ ཡམ་བོལ་ལུང་ཕྱོགས་ཡིག་ཚང་ལས་ ཞིབ་དཔྱད་འགོ་དཔོན་ ཊོ་ཌོར་མི་ཤི་ནེབ་ཀྱིས་ མི་ལ་ལུ་ཅིག་ ད་ལྟོ་ཡང་ སྣུམ་འཁོར་ནང་ར་ཡོདཔ་སྦེ་ གསལ་བཤད་འབད་ནུག། ཐུག་རྐྱེན་དེ་ནང་ རྨ་སྐྱོན་བྱུང་མི་ ནདཔ་ ༢༧ དེ་ཅིག་ ལུང་ཕྱོགས་སྨན་ཁང་ཚུ་ནང་ སྨན་བཅོས་འབད་བར་ བསྐྱལ་ཡོདཔ་སྦེ་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ། Share Facebook Messenger WhatsApp Telegram […]

gyalchi
Online now: 9 Today: 1922 Total visitors: 77255
23,240Facebook followers
+13Today
+1,141This month