རོའི་ཊརཛ།
སྤྱི་ཟླ་ ༡༡ པའི་ཚེས་ ༡༠ ལུ་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གི་བར་ན་ ཨ་བུ་དྷ་བི་ལུ་སྦེ་ དམག་འཁྲུག་མཚམས་འཇོག་གི་དོན་ལས་ ཞི་བདེའི་གསུང་གྲོས་གནང་ནུག།
དེ་ཡང་ སྤྱི་ཟླ་ ༢ པའི་ནང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་མཆོག་གི་ སྐུ་ཚབ་ཚུ་གིས་ ཡུ་ཀེ་རེན་ལུ་ དམག་འཁྲུག་མཇུག་བསྡུ་ནི་གི་ གསུང་གྲོས་གནང་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ཨ་བུ་དྷ་བི་ལུ་ གསུང་གྲོས་གནང་མི་དེ་ འགོ་དང་པ་ཨིན་པས།
ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ མར་ཀོ་རུ་བི་ཨོ་གིས་ ཡུ་ཨེཛ་གིས་ བར་འཛུལ་འབད་མི་ ཞལ་འཛོམས་དེ་གི་སྐོར་ལས་ ཁ་གསལ་སྦེ་ མ་སླབ་སྟེ་འབད་རུང་ ཐོན་སྐྱེད་ཅན་ཅིག་སྦེ་ བྱུང་ཡོདཔ་སྦེ་བཤད་ནུག།
ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ གསུང་གྲོས་དེ་ ཕན་ཐོགས་ཅན་དང་ ཧ་ཅང་གིས་ གལ་གནད་ཅན་ཅིག་ཨིནམ་སྦེ་ བཤད་ཡོདཔ་མ་ཚད་ མི་སྡེའི་གནས་སྟངས་དང་ ཉེན་སྲུང་གི་ གནད་དོན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཌེན་མཱག་གི་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ ཡུ་ཨེཛ་སྲིད་འཛིན་གྱི་སྐུ་ཚབ་ སི་ཊེབ་ཝིཊ་ཀོཕ་དང་ ཇ་རཌ་ཀུཤ་ནར་ ༢ ལས་ བརྡ་འཕྲིན་ལེགས་ཤོམ་ ཐོབ་ཡོད་མི་ལུ་ དགའ་ཚོར་བྱུང་ཡོདཔ་སྦེ་ སྲིད་འཛིན་ཟེ་ལེནཛ་ཀི་གིས་ གསལ་བཤད་འབད་ནུག།
ཞལ་འཛོམས་དེ་གི་དོན་ལུ་ ཡུ་ཨེཛ་གིས་ འདས་པའི་བདུན་ཕྲག་ཚུ་ནང་ རྒྱལ་ཁབ་གཉིས་ཆ་ར་དང་ འབྲེལ་བ་འཐབ་པའི་ཤུལ་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་མ་ཚད་ ཡུ་ཨེཛ་གི་ཁ་ཐུག་ལས་ དམག་འཁྲུག་མཇུག་བསྡུ་ནི་དང་ ཡུ་ཀེ་རེན་ལུ་ རང་དབང་དང་ བདེ་འཇགས་ དེ་ལས་ ཡར་རྒྱས་ཅན་གུ་ ཡུ་རོབ་ནང་འཁོད་ལུ་ཡང་ ཡུན་བརྟན་ཞི་བདེའི་དོན་ལུ་ ཉེན་སྲུང་གི་ སྒྲིག་གཞི་ཚུ་ཡང་ གཞི་བཙུགས་འབད་ཐབས་ལུ་ ལཱ་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Leave a Reply