ArchiveAboutContact
World News

བཱལ་ག་རི་ཡའི་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་ལེ་ཤ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༡ ལུ་ཤི་རྐྱེན།

gyalchi · 1 min read

རོའི་ཊརཛ།

སྤྱི་ཟླ་ ༡༡ པའི་ཚེས་ ༡༠ ལུ་ བཱལ་ག་རི་ཡའི་ ཤར་ལྷོ་ཁ་ཐུག་གི་ གཞུང་ལམ་བདའ་སྟེ་ ས་སྨུག་སྤུར་ཏེ་ཡོདཔ་ལས་ འགྲུལ་སྐྱོད་འབད་མི་ སྣུམ་འཁོར་ལེ་ཤ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༡ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།

དེ་ཡང་ གཞུང་ལམ་གཡས་གཡོན་གཉིས་ཆ་རའི་ནང་ སྣུམ་འཁོར་ཀར་དང་ ཊག་དེ་ཚུ་གི་ ཡན་ལག་ཚུ་ ཕྱལ་སོང་སྟེ་ གཅིག་གིས་གཅིག་གུ་ བརྩེགས་ཏེ་ཡོདཔ་ད་ ཁྲིམས་སྲུང་འགག་སྡེ་དང་ མེ་བསད་སྡེ་ཚན་ ནདཔ་སྐྱེལ་འདྲེན་འབད་མི་ སྣུ་འཁོར་གྱི་ ལས་བྱེདཔ་ཚུ་ ཉེན་སྐྱོབ་འབད་བར་ ལྷོད་ཡོདཔ་ཨིན་པས།

ནང་སྲིད་ལྷན་ཁག་འོག་གི་ ཡམ་བོལ་ལུང་ཕྱོགས་ཡིག་ཚང་ལས་ ཞིབ་དཔྱད་འགོ་དཔོན་ ཊོ་ཌོར་མི་ཤི་ནེབ་ཀྱིས་ མི་ལ་ལུ་ཅིག་ ད་ལྟོ་ཡང་ སྣུམ་འཁོར་ནང་ར་ཡོདཔ་སྦེ་ གསལ་བཤད་འབད་ནུག།

ཐུག་རྐྱེན་དེ་ནང་ རྨ་སྐྱོན་བྱུང་མི་ ནདཔ་ ༢༧ དེ་ཅིག་ ལུང་ཕྱོགས་སྨན་ཁང་ཚུ་ནང་ སྨན་བཅོས་འབད་བར་ བསྐྱལ་ཡོདཔ་སྦེ་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *

Related

World News

རྒྱ་ནག་གི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་མིའི་ནང་ མི་གྲངས་ ༡༤ ལུ་ ཤི་རྐྱེན་དང་ ༢༥ ལུ་རྨ་སྐྱོན།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༨ ལུ་ ས་གནས་ཀྱི་ ཕྱི་རོའི་ཆུ་ཚོད་ ༥ དེ་ཅིག་ཁར་ རྒྱ་ནག་གི་ བྱང་ཕྱོགས་མངའ་སྡེ་ ཏཱའི་ཡུན་ལུ་ སྒྲིང་ཁྱིམ་ཐོག་ཚད་རིངམོ་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༤ དེ་ཅིག་ལུ་ ཤི་རྐྱེན་དང་ གཞན་མི་ ༢༥ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། མེ་རྐྱེན་དེ་ དུས་ཡུན་ཆུ་ཚོད་ ༢ དེ་ཅིག་གི་ཤུལ་ལས་ བསད་ཚུགས་ཡོདཔ་ད་ ཉེན་སྐྱོབ་ཀྱི་ལཱ་དེ་ཚུ་ ཕྱི་རུའི་ཆུ་ཚོད་ ༨ ༡ང་ སྐར་མ་ ༣༠ དེ་ཅིག་ཁར་ མཇུག་བསྡུ་ཡོདཔ་སྦེ་ དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས། མེ་རྐྱེན་དེ་གི་ བྱུང་རྐྱེན་སྐོར་ལས་ ཞིབ་དཔྱད་འབད་དོ་ཡོདཔ་སྦེ་ གཞུང་འབྲེལ་བརྡ་བརྒྱུད་ཚུ་ནང་ བཀོད་ཡོདཔ་ཨིན་པའི་གནས་ཚུལ། Share Facebook Messenger WhatsApp Telegram X Copy link Print More

gyalchi
World News

རྒྱ་གར་གྱི་རྒྱལ་ས་ དིལླིའི་ཁྲོམ་ཚོགས་ནང་ གནོད་ཉེན་ཆེ་བའི་ སྤྱིར་བཏང་རླུང་མའི་སྤུས་ཚད་ སྐྱོ་དྲགས་ཅིག་སྦེ་གནས་ཡོདཔ།

ཨེན་ཌི་ཊི་ཝི། རྒྱ་གར་གྱི་ བཙོག་རླུང་ཚད་འཛིན་བཀོད་ཚོགས་ལྟེ་བའི་ གནས་སྡུད་དང་འཁྲིལ་བ་ཅིན་ རྒྱ་གར་གྱི་རྒྱལ་ས་ དིལླི་ལུ་ སྤྱི་ཟླ་ ༡༡ པའི་ཚེས་ ༧ གྱི་དྲོ་པ་ ཆུ་ཚོད་ ༨ དེ་ཅིག་ཁར་ ཁྲོམ་ཚོགས་ལུ་ གནོད་ཉེན་ཅན་གྱི་ སྤྱིར་བཏང་རླུང་མའི་སྤུས་ཚད་དེ་ སྤུས་ཚད་བརྡ་སྟོན་ཚད་གཞི་ ༣༦༤ ལུ་ གནས་ཡོདཔ་སྦེ་ཨིན་པས། དེ་འབདཝ་ལས་ ཁྲོམ་ཚོགས་སྤྱིར་བཏང་གི་ རླུང་མའི་སྤུས་ཚད་ཡོངས་རྫོགས་ཀྱི་ དཔྱ་སྙོམས་ཚད་གཞི་དང་ཕྱདཔ་ད་ ས་ཁོངས་ལ་ལོ་ཅིག་གི་ ཚད་གཞི་དེ་ གནོད་སྐྱོན་ཚབས་ཆེན་ཡོདཔ་སྦེ་ ཐོན་ཡོད་རུང་ རྒྱ་གར་གྱི་རྒྱལ་སའི་ རླུང་མའི་སྤུས་ཚད་དེ་ ག་ནི་བ་ སྐྱོ་དྲགས་ཀྱི་གྲངས་སུ་ ཚུད་ཡོདཔ་སྦེ་བཀོད་ནུག། གནོད་ཉེན་ཡོད་པའི་ རླུང་མའི་ཚད་གཞི་དེ་ དིལླི་ལུ་ཡོད་མི་ རྒྱ་གར་འཕྲུལ་རིག་སྤེལ་ཁང་གིས་ བཙོག་རླུང་གི་ཚད་གཞི་ ཚད་འཇལ་འབདཝ་ད་ ཚད་གཞི་ ༤༤༣ གུ་དང་ པཱན་ཇབ་བཱག་ལུ་ ༤༣༣ དེ་ལས་ ན་རེ་ལ་ལུ་ ༤༠༩ རེ་གུ་ གནས་ཡོད་མི་ཚུ་ ཚབས་ཆེན་གྱི་ ཚད་གཞི་ནང་ ཚུདཔ་ཨིན་པས། དེ་བཟུམ་སྦེ་ ཀེན་ཊོན་མེན་ས་ཁོངས་ནང་ […]

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ གཞི་རྟེན་མཐུན་རྐྱེན་ཚུ་ལུ་ གནོད་འཚུབ་བཀལ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༧ ལུ་ ར་ཤི་ཡ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་དམག་སྡེའི་ བཟོ་གྲྭ་ལས་སྡེ་དང་ རྒྱལ་ས་ཀི་ཡིབ་དང་ ཉེ་འདབས་ཀྱི་ ལུང་ཕྱོགས་ཚུ་ནང་ ནུས་ཤུགས་དང་ སྐྱེལ་འདྲེན་གྱི་ གཞི་རྟེན་མཐུན་རྐྱེན་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་ཡི་ཟེར་ཨིན་པས། དེ་ཡང་ ཡུ་ཀེ་རེན་གྱི་ དམག་སྡེའི་དོན་ལུ་ གོ་མཚོན་དང་ དམག་ཆས་ དེ་ལས་ སྣུམ་འཁོར་ཚུ་ སྐྱེལ་འདྲེན་གྱི་དོན་ལུ་ ལག་ལེན་འཐབ་མི་ བྱང་ཁ་ཐུག་གི་ཟམ་དེ་ལུ་ གནོད་འཚུབ་བཀལ་ཡོདཔ་སྦེ་ ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་ གསལ་བཤད་འབད་ནུག། དེ་བཟུམ་སྦེ་ ཀི་ཡིབ་ལུང་ཕྱོགས་ནང་ཡོད་མི་ གློག་མེ་འཕྲུལ་ཁང་དང་ གློག་མེ་བཀྲམ་སྤེལ་ཁང་ཡན་ལག་ དེ་ལས་ ནུས་ཤུགས་དང་ བཟོ་གྲྭའི་མཐུན་རྐྱེན་ཚུ་ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་ཨིན་པས། དེ་མ་ཚད་ ཞི་ཊོ་མིར་ལུང་ཕྱོགས་ནང་ གློག་མེ་བཀྲམ་སྤེལ་ཁང་ ཡན་ལག་ཅིག་དང་ མཚོ་ནག་ལུ་ དམག་སྡེའི་ཅ་ཆས་དང་ ལག་ལེན་གཉིས་ལྡན་གྱི་ ཅ་ཆས་ཚུ་ སྐྱེལ་འདྲེན་འབད་མི་ གྲུ་གཟིངས་ཅིག་ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ། Share Facebook […]

gyalchi
Online now: 0 Today: 1913 Total visitors: 72652
23,126Facebook followers
+77Today
+1,027This month