ArchiveAboutContact
Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ལུ་ རྗེ་བཙུན་སྒྲོལ་མའི་ ཞིང་ཁམས་གསར་བཞེངས་གནང་སར་ ས་བཅུད་བུམ་གཏེར།

gyalchi · 1 min read

རང་ཟླ་ ༩ པའི་ཚེས་ ༢༨ སྤྱི་ཟླ་ ༡༡ པའི་ཚེས་ ༧ ལུ་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ ༀ་གླིང་རྒེད་འོག་ དྭང་གླིང་སྤྱི་འོག་ནང་ འཕགས་མ་རྗེ་བཙུན་སྒྲོལ་མའི་ ཞིང་ཁམས་ཀྱི་བཀོད་པ་ གདན་ས་ཆེན་པོ་ གསར་བསྐྲུན་གནང་སའི་ གནས་མཆོག་ལུ་ བསོད་ནམས་ཀྱི་ དཔལ་ཡོན་མངོན་པར་འཕེལ་བའི་ ས་བཅུད་འབུམ་གཏེར་ལུ་ ཐུགས་སྨོན་བྱིན་རླབས་ཀྱི་ གཏེར་ཆེན་འགྱེད་པར་ མཛད་གནང་ཡི། བྱིན་རླབས་ཀྱི་ མཛད་སྒོ་ཁྱད་པར་ཅན་དེ་ཁར་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཞབས་སོར་མངོན་པར་འཁོད་ཡོདཔ་ལས་ མཛད་སྒོའི་དཔལ་དུ་ཆེ་བར་ གྱུར་ཡོདཔ་ཨིན་པས།
དེ་ཡང་ ས་སྐྱོང་མིའི་དབང་པོ་ ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི ཐུགས་དགོངས་རྒྱ་མཚོ་ལས་འཁྲུངས་པའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ལྟེ་བར་ གསང་སྔགས་ཀྱི་ གདན་ས་མང་རབས་ཅིག་ འབྱུང་གྱུར་རིམ་གྱིས་ཆགས་པའི་ ནང་གསེས་ལས་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་མཆོག་གིས་ འཕགས་མ་སྒྲོལ་མའི་ ཞིང་ཁམས་འདི་ ངོ་མཚར་དཔལ་གྱིས་ གསར་བཞེངས་གནང་ནི་ལུ་ བསྐལ་བཟང་གི་ རྟེན་འབྲེལ་ཤར་ནུག།
རྗེ་བཙུན་སྒྲོལ་མའི་ ཞིང་ཁམས་ཆེན་མོ་འདི་ ལེགས་པར་གྲུབ་པའི་ཤུལ་ལས་ དམ་པའི་ཆོས་ལུ་ གཅེས་པར་འཛིན་པའི་ སྐྱེ་བོ་དོན་གཉེར་ཅན་ཚུ་གིས་ ཐར་པའི་ལམ་བཟང་ ཉམས་སུ་ལེན་ནི་གི་ གནས་མཆོག་བླ་ན་མེད་པ་ཅིག་ལུ་ འགྱུར་ནི་ཡིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *

Related

Special News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བྱང་ཆུབ་མཆོད་རྟེན་ ༡༠༨ ཉིནམ་གཅིག་ལུ་ གསར་བཞེངས་མཛད་གནང་ཡོདཔ།

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་གནང་སར་ མི་གྲངས་འབུམ་ ༢ ལྷགཔ་ཅིག་ འཛོམས་ཡོདཔ་ཨིན་པས། བྱང་ཆུབ་མཆོད་རྟེན་ ༡༠༨ དེ་ ས་གོ་གཅིག་ནང་ སྔོན་ཆད་བྱུང་མ་མྱོང་པའི་ ཚད་གཞི་ཁར་ སྤུངས་འཛོམས་འབད་མི་ མི་སེར་ཚུ་གི་གདོང་ཁར་ དུས་ཡུན་ཆུ་ཚོད་ ༩ མ་ལངམ་ཅིག་གི་ ནང་འཁོད་ལུ་ བཞེངས་ཚར་ནུག། དེ་ཡང་ ཁས་བླངས་པ་དང་ འགོ་འདྲེན་འཐབ་མི་ ༩,༥༠༠ ལྷགཔ་ཅིག་ མཉམ་བསྡོམས་ཀྱི་ བརྩོན་ཤུགས་ལུ་བརྟེན་ཏེ་ དེ་བཟུམ་མའི་ གྲུབ་འབྲས་བཏོན་ཚུགས་ཡོདཔ་ད་ མཆོད་རྟེན་དེ་ཚུ་ བཞེངས་ནིའི་དོན་ལུ་ གྲ་སྒྲིག་འབད་ནི་དང་ ས་གོ་ནང་གི་ལཱ་ དེ་ལས་ གཟིགས་རོལ་ཚུ་ ཟླཝ་དགུ་མ་ལངམ་ཅིག་གི་ དུས་ཡུན་ནང་བསྒྲུབས་ཡོདཔ་ཨིན་པས། གཞུང་གྲྭ་ཚང་གི་ ཁ་ཐུག་ལས་ མཆོད་རྟེན་རེ་རེ་བཞིན་གྱི་ ནང་རྟེན་ཚུ་ ཟླཝ་ལེ་ཤ་གི་བར་ན་ གྲ་སྒྲིག་གནང་ཡོདཔ་ད་ གཞན་ཡང་ སྡེ་ཚན་ལེ་ཤ་ཅིག་གིས་ ཕྱགས་སྙིགས་དང་ སྐྱེལ་འདྲེན་ མགྲོན་སྐྱོང་གི་ […]

gyalchi
Special News

དགེ་ལེགས་ཕུག་ དངུལ་ཁང་ལྟེ་བ།

སྤྱི་ཟླ་ ༡༡ པའི་ཚེས་ ༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་གི་ དངུལ་འབྲེལ་ཞབས་ཏོག་ཡིག་ཚང་དེ་ དགེ་ལེགས་ཕུག་ དངུལ་ཁང་ལྟེ་བ་ལུ་ སྒྱུར་བཅོས་གནང་ཐོག་ལས་ དངུལ་ཁང་ལྟེ་བའི་ལས་དོན་གྱི་ འགན་ཁུར་ཡོངས་རྫོགས་དང་བཅས་པའི་ དབང་ཚད་ཀྱི་ བཀའ་ཐམ་གུ་ མཚན་རྟགས་བཀོད་གནང་ནུག། དེ་ཡང་ རང་སྐྱོང་དངུལ་ཁང་ལྟེ་བ་དེ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་གྱི་ དངུལ་འབྲེལ་བརྟན་གཞི་དང་ རིག་རྩལ་གསར་བཏོད་ དུས་རིང་དཔལ་འབྱོར་ཡར་འཕར་ཚུ་ གོང་འཕེལ་གཏང་ནི་ཚུ་རྩིས་ཏེ་ དངུལ་འབྲེལ་སྲིད་བྱུས་བལྟ་རྟོག་དང་ དངུལ་འབྲེལ་བལྟ་སྐྱོར་ ཕྱི་དངུལ་ཟུར་གསོག་ དེ་ལས་ སྤྲོད་ཆའི་རིམ་ལུགས་ཚུ་ བལྟ་རྟོག་འབད་ནི་ཨིན་པའི་གནས་ཚུལ། Share Facebook Messenger WhatsApp Telegram X Copy link Print More

gyalchi
Special News

སྐྱབས་རྗེ་རྒྱལ་དབང་ཀརྨ་པ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བྱིན་ལྡན་མཆོད་རྟེན་གྱི་ ས་བསླང་རྟེན་འབྲེལ།

པདྨ་དབང་འདུས། སྐྱབས་རྗེ་རྒྱལ་དབང་ཀརྨ་པ་ སྐུ་འཕྲེང་ ༡༧ པ་ ཨྱོན་ཕྲིན་ལས་རྡོ་རྗེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ འཇམ་དཔལ་རྒྱས་པའི་མདངས་ལྡན་ཟེར་མི་ བྱིན་ལྡན་མཆོད་རྟེན་གྱི་ ས་བསླང་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ་ད་ དེ་བསྒང་ མཆོད་རྟེན་དེ་གི་ སྐྱབས་འཛིན་པ་ མི་དབང་རྒྱལ་བཙུན་མཆོག་གིས་ཡང་ གྲལ་བཞུགས་མཛད་གནང་ནུག། དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་ ཕྱག་འགན་ཐོག་ལུ་ བཞེངས་གནང་ནི་ཨིན་མི་ མཆོད་རྟེན་དེ་ ཤེས་རབ་ཀྱི་ལྷ་ཆེན་ རྗེ་བཙུན་འཇམ་དཔལ་དབྱངས་ལུ་ ཆེད་དུ་བསྔོ་གནང་ཡོདཔ་ད་ མཆོད་རྟེན་གྱི་ མཚན་བྱང་དེ་གིས་ ཤེས་རབ་ཀྱི་ལྷ་ དགྱེས་མཛུམ་གྱི་སྒོ་ལས་ མཆོད་རྟེན་དེ་ མཇལ་བར་འོང་མི་དང་ སྐོར་ར་རྐྱབ་མི་ ཡང་ཅིན་ མཇལ་བ་ཙམ་གྱིས་ ཞི་བདེ་དང་ བྱིན་རླབས་སྩལ་བའི་ རྗེ་བཙུན་འཇམ་དཔལ་དབྱངས་ དགྱེས་མཛུམ་གྱི་ བརྡ་མཚོན་སྟོནམ་ཨིན་པས། མཆོད་རྟེན་དེ་ཡང་ དུས་རབས་ལེ་ཤ་ཅིག་གི་རིང་ལུ་ ཀརྨ་བཀའ་བརྒྱུད་ཀྱི་ ཆོས་ལུགས་དང་ གངས་རི་འུ་ཏའི་ཟེར་ རྒྱ་ནག་ལུ་ཡོད་པའི་ འཇམ་དཔལ་དབྱངས་ཀྱི་གདན་ས་དང་ འབྲེལ་བ་ཡོད་མི་ལུ་ གུས་བཏུད་ཞུཝ་ཨིནམ་ད་ འབྲེལ་བ་དེ་ཡང་ སྤྱི་ལོ་ ༡༤༠༨ ལུ་ རྒྱལ་དབང་ཀརྨ་པ་ སྐུ་འཕྲེང་ལྔ་པ་མཆོག་གིས་ གངས་རི་འུ་ཏའི་ལུ་ […]

gyalchi
Online now: 4 Today: 1691 Total visitors: 65506
22,689Facebook followers
+493Today
+590This month