ArchiveAboutContact

Month: November 2025

Special News

མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་ ༧༠ བཞེས་པའི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་།

མགོན་པོ་རྡོ་རྗེ། རང་ཟླ་ ༩ པའི་ཚེས་ ༢༢ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ དཔལ་ལྡན་འབྲུག་པའི་ དབང་ཕྱུག་བརྒྱུད་འཛིན་གྱི་ ཆོས་ཀྱི་རྒྱལ་པོ་བཞི་པ་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ དགུང་ལོ་ ༧༠ བཞེས་པའི་ དུས་ཆེན་ཁྱད་པར་ཅན་གྱི་ དགའ་སྟོན་རྟེན་འབྲེལ་འདི་ འབྲུག་མི་ཡོངས་ཀྱིས་ སྐུ་ཚེ་ཞབས་པད་བརྟན་པའི་ སྨོན་འདུན་དང་བཅསཔ་སྦེ་ བརྩི་སྲུང་ཞུ་ཡི། དེ་ཡང་ མི་དབང་ཡབ་མེས་སྲས་ ༣ རང་ལུགས་ཆིབས་གྲལ་ཐོག་ལས་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ གདན་འདྲེན་ཞུ་བའི་ཤུལ་ལུ་ འབྲུག་གི་རྒྱལ་དར་ཆེན་མོ་ དགུང་དབྱིངས་ལུ་འཕྱར་ཏེ་ མར་ཆང་རྟེན་འབྲེལ་དང་ དྲག་ཁག་ ༣ གྱི་ དམག་མི་དང་ བདེ་སྲུང་ རྒྱལ་སྲུང་ སི་ཀ་འུཊ་ཚུ་གིས་ མངའ་བདག་སྟི་སྭ་ ཞུ་བའི་ཁར་ གླུ་གར་གྱི་ མཆོད་པ་སྣ་ཚོགས་ཡང་ སྤྱན་འབུལ་ཞུ་ཐོག་ལས་ དགའ་སྟོན་རྟེན་འབྲེལ་འདི་ ག་ནི་བ་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ བརྩི་སྲུང་ཞུ་ཡོདཔ་ཨིན། ཅང་གླིང་མའི་ཐང་གི་ དགའ་སྟོན་རྟེན་འབྲེལ་ནང་ དཔས་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ […]

World News

མི་གྲངས་ ༢༠ འབག་མི་ ཊར་ཀི་དམག་སྡེའི་ དོ་ཆས་གནམ་གྲུ་ཅིག་ལུ་ཐུག་རྐྱེན།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ ཊར་ཀི་སྲུང་སྐྱོབ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཊར་ཀི་དམག་སྡེའི་ དོ་ཆས་འབག་མི་ གནམ་གྲུ་ཅིག་ ཨ་ཟར་བཱའི་ཇཱན་དང་ ཇོརཇ་ཇི་ཡའི་ ས་མཚམས་ཉེ་འདབས་ལུ་ ཐུག་རྐྱེན་བྱུང་ནུག་ཟེར་ཨིནམ་ད་ དེ་བསྒང་ གནམ་གྲུ་དེ་ནང་ འགྲུལ་པ་ ༢༠ དེ་ཅིག་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་གིས་གཙོས་པའི་ ཤེས་ཡོན་དང་ ལམ་སྲོལ་ སྤྲོ་བ་ སྐད་ཡིག་ཤན་སྦྱར་ གསལ་བསྒྲགས་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་གནང་ཐོག་ལས་ རྒྱུན་མངག་མཛད་དེ བཀའ་དྲིན་བསྐྱང་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་ཟེར་ […]

Online now: 9 Today: 2115 Total visitors: 9335