ArchiveAboutContact

Month: November 2025

National News

ཡར་འཕེལ་དང་ གོང་འཕེལ་གྱི་དོན་ལུ་ རྒྱ་འབྲུག་རྒྱལ་ཁབ་གཅིག་སྒྲིལ།

སྤྱི་ཟླ་ ༡༡ པའི་ཚེས་ ༢༠ ལུ་ རྒྱ་འབྲུག་གཉིས་ཀྱི་བར་ན་ རེལ་ལི་མཐུད་སྦྲེལ་ལས་འགུལ་གྱི་ འགོ་ཁྲིད་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་དང་པ་ རྒྱ་གར་གྱི་རྒྱལ་ས་ དིལླི་ལུ་ ཚོགས་ཡོདཔ་ཨིན་པས།ཞལ་འཛོམས་སྐབས་ལུ་ རྒྱ་གར་གྱི་ལྷན་ཐབས་དྲུང་ཆེན་ མུ་ནུ་མ་ཧ་ཝར་དང་ འབྲུག་གཞུང་གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་གི་དྲུང་ཆེན་ ཀརྨ་དབང་ཕྱུག་ ༢ མཉམ་འབྲེལ་ཐོག་ལུ་ ཁྲི་འཛིན་འབད་ནུག།ཞལ་འཛོམས་དེ་ནང་ ཀོག་ར་ཇར་དང་ དགེ༌ལེགས༌ཕུག༌གི་བར་ན་དང༌ བ༌ནར༌ཧཊ༌དང་ བསམ༌རྩེ༌བར་ནའི་ རེལ་ལི་མཐུད་སྦྲེལ་ ༢ ཀྱི་ ལས་འགུལ་འོག་ལུ་ ལག་ལེན་གྱི་ ཐབས་ལམ་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་ད་ དེ་བསྒང་ ཨ་སཱམ་དང་ ནུབ་བེང་གཱལ་གྱི་ རེལ་ལི་ལྷན་ཁག་ལས་ ངོ་ཚབ་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

Special News

མི་དབང་མངའ་ཞབས་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དགེ་སློང་མ་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ།

པདྨ་དབང་འདུས།སྤྱི་ཟླ་ ༡༡ པའི་ཚེས་ ༢༠ གི་དྲོ་པ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དགེ་སློང་མའི་ སྡོམ་པ་ཞུ་མི་ཚུ་གི་ བསོད་སྙོམས་ཐེངས་དང་པའི་ བཀྲ་ཤིས་རྟེན་འབྲེལ་སྐབས་ལུ་ དགེ་སློང་མ་ཚུ་དང་ མཇལ་ཕྲད་མཛད་གནང་ཡི། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ སྐད་ཡིག་ཤན་སྦྱར་ གསལ་བསྒྲགས་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་གནང་ཐོག་ལས་ རྒྱུན་མངག་མཛད་དེ བཀའ་དྲིན་བསྐྱང་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་ཟེར་ ཞུ་ནི་ཨིན་ལགས། Those interested to access both national […]

Special News

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཨ་ཎེམོ་ ༢༦༠ ལྷགཔ་ཅིག་ལུ་ དགེ་སློང་མའི་ སྡོམ་པ་གནང་ཡོདཔ།

མགོན་པོ་རྡོ་རྗེ། འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོའི་ དུས་སྟོན་ལས་རིམ་མཇུག་ར་ སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ལས་ འགོ་བཙུགས་ཏེ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༩ ཚུན་ ཉིན་གྲངས་ ༥ གི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ འཛམ་གླིང་རྒྱལ་ཁབ་ ༡༤ ལས་ ཨ་ཎེམོ་ ༢༦༠ ལྷགཔ་ཅིག་ལུ་ དགེ་སློང་མའི་ སྡོམ་པ་གནང་ཡི། དེ་ཡང་ ཐིམ་ཕུ་ཚ་ལུ་མ་འཕེལ་ལུ་ འབྲུག་ཨ་ཎེམོ་གཞི་ཚོགས་ཀྱི་ སྦྱོང་བརྡར་སྤེལ་ཁང་ནང་སྦེ་ འགོ་འབྱེད་རྟེན་འབྲེལ་མཛད་པའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ གྲལ་བཞུགས་མཛད་གནང་ནུག། སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དགེ་སློང་མའི་སྡོམ་པ་དེ་ མ་གནང་པའི་ཧེ་མར་ ཨ་ཎེམོ་ཚུ་གིས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ སྐུ་གསུང་ཐུགས་རྟེན་གྱི་ མནྜལ་ཕུལ་ཡོདཔ་ཨིན་པས། དེ་ཚེ་ ཉིནམ་དང་པའི་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཨ་ཎེམོ་ ༤༢ ལུ་ དགེ་སློང་མའི་ སྡོམ་པ་ཡོངས་རྫོགས་ གནང་ཡོདཔ་ད་ དེ་ལས་ […]

World News

ཨིཛ་རེལ་གྱིས་ ག་ཟ་ལུ་ གནོད་འཚུབ་བཀལ་ཏེ་ པེ་ལེཛ་ཊིན་གྱི་ མི་སེར་ ༣༢ དེ་ཅིག་ དམར་བསད་འབད་ཡོདཔ།

སི་ཨེན་ཨེན། ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ དམག་འཁྲུག་མཚམས་འཇོག་གི་ གན་རྒྱ་བཟོ་བའི་ཤུལ་ལས་ ཨིཛ་རེལ་གྱིས་ ག་ཟ་ལུ་ གནོད་འཚུབ་བཀལ་ཏེ་ པེ་ལེཛ་ཊིན་གྱི་ མི་སེར་ ༣༢ དེ་ཅིག་ དམར་བསད་འབད་ནུག། དེ་ཡང་ པེ་ལེཛ་ཊིན་གྱི་ གསོ་བའི་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༡༡ པའི་ཚེས་ ༡༩ དང་ ༢༠ ལུ་ འཕྲོ་མཐུད་དེ་ར་ གནོད་འཚུབ་བཀལ་མིའི་ནང་ ཤི་རྐྱེན་བྱུང་མི་ཚུ་གི་གྲས་ཁར་ ཨ་ལོ་ ༡༢ དང་ ཨམ་སྲུ་ ༨ ཡོདཔ་མ་ཚད་ གཞན་མི་ ༨༨ ལུ་ཡང་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། ཨིཛ་རེལ་གྱི་ སྲུང་སྐྱོབ་དམག་སྡེ་གིས་ ཧ་མཱཛ་གུ་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་བའི་ཤུལ་ལས་ གཡིབ་དམག་ཚུ་གིས་ ལྷོ་ཕྱོགས་ག་ཟའི་ས་གནས་ ཁཱན་ཡུ་ནིཛ་ཟེར་སར་ཡོད་མི་ ཨིཛ་རེལ་གྱི་ དམག་མི་ཚུ་ལུ་ ཀྲོབ་མདའ་རྐྱབ་ཡོདཔ་སྦེ་བཤད་ནུག། ཨིཛ་རེལ་དམག་སྡེ་གིས་ དེ་བཟུམ་མའི་ བྱ་སྤྱོད་འབད་མི་དེ་ དམག་འཁྲུག་མཚམས་འཇོག་གི་ གན་རྒྱ་ལས་ འགལ་བ་འི་ བྱ་སྤྱོད་ཅིག་ཨིནམ་སྦེ་ […]

Online now: 19 Today: 354 Total visitors: 10384