ArchiveAboutContact

Month: May 2025

National News

དྲག་ཤོས་ཀརྨ་ལྷ་མོ་རྡོ་རྗེ་གིས་ ངོ་སྤྲོད་ཀྱི་ ཡིག་ཆ་ཕུལ་ཡོདཔ།

སྤྱི་ཟླ་ ༥ པའི་ཚེས་ ༡༩ ལུ་ དྲག་ཤོས་ཀརྨ་ལྷ་མོ་རྡོ་རྗེ་གིས་ བང་ལ་དེཤ་གི་སྲིད་འཛིན་ མོ་ཧ་མེད་ ཤ་ཧ་བུ་དིན་མཆོག་ལུ་ འབྲུག་རྒྱལ་ཁབ་ལས་ བང་ལ་དེཤ་རྒྱལ་ཁབ་ལུ་ འབྲུག་གི་གཞུང་ཚབ་སྦེ་ བསྐོ་ཞག་གྲུབ་པའི་ ངོ་སྤྲོད་ཡིག་ཆས་ཚུ་ སྲིད་འཛིན་གྱི་ གཞུང་འབྲེལ་ཕོ་བྲང་ བངྒ་བཱ་བཱན་ནང་སྦེ་ རྟེན་འབྲེལ་བརྩི་སྲུང་ཐོག་ལས་ ཕུལ་ཡོདཔ་ཨིན་པས། དེ་གི་ཤུལ་ལས་ དྲག་ཤོས་ཀརྨ་ལྷ་མོ་རྡོ་རྗེ་གིས་ སྲིད་འཛིན་མཆོག་གི་ སྐུ་མདུན་ལུ་བཅར་ཏེ་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ འབྲུག་གི་མི་སེར་ཚུ་ལས་ བང་ལ་དེཤ་གི་ སྲིད་འཛིན་དང་ མི་སེར་ཚུ་ལུ་ བཀྲ་ཤིས་ལེགས་སྨོན་ཡོད་ལུགས་ཚུ་ ཞུ་ཡོདཔ་མ་ཚད་ མོ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ ཡུན་རིང་གི་ མཐུན་ལམ་དམ་གཟབ་ཡོད་མི་དེ་ ཧེང་སྐལ་ར་ བཙན་ཐབས་འབད་ནི་ལུ་ ཁས་ལེན་ཡོད་ལུགས་ཚུ་ཡང་ཞུ་ནུག། དྲག་ཤོས་ཀརྨ་ལྷ་མོ་རྡོ་རྗེ་དེ་ བང་ལ་དེཤ་ལུ་ འབྲུག་གི་གཞུང་ཚབ་ ༡༤ པ་ཨིནམ་ད་ མོ་གིས་ ཀོ་རི་ཡ་དང་ མཱལ་དིབཛ་ ཤྲཱི་ལངྐ་ པ་ཀིཛ་ཏཱན་ རྒྱལ་ཁབ་ཚུ་ལུ་ཡང་ བང་ལ་དེཤ་ལུ་ གནས་སྡོད་ཐོག་ལས་ གཞུང་ཚབ་ཀྱི་ ལཱ་འགན་འབག་ནི་ཨིན་པའི་གནས་ཚུལ།

World News

པ་ཀིཛ་ཏཱན་ལུ་ སྣུམ་འཁོར་ཀར་ཅིག་གི་ནང་ལས་ རྫས་བམ་འགས་ཏེ་ མི་ ༤ ལུ་ ཤི་རྐྱེན་དང་ ༢༠ ལུ་རྨ་སྐྱོན།

ཨེ་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༡༩ ལུ་ གཞུང་གི་འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ པ་ཀིཛ་ཏཱན་གྱི་ ནུབ་བྱང་ཁྲོམ་སྡེ་ཅིག་གི་སྦོ་ལོགས་ཁར་ སྣུམ་འཁོར་ཀར་ཅིག་གི་ནང་ལས་ རྫས་བམ་འགས་པའི་ རྐྱེན་ངན་ནང་ མི་ ༤ ལུ་ ཤི་རྐྱེན་དང་ ༢༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡི་ཟེར་ཨིན་པས། དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༡༨ ཀྱི་ནུབ་མོར་ ཨཕ་གྷ་ནིཛ་ཏཱན་གྱི་ ས་མཚམ་ཁ་ཐུག་ལུ་ བཱ་ལོ་ཅིཛ་ཏཱན་མངའ་སྡེའི་ ཀིལ་ལཱ་ཨབ་དྷུལ་ལ་ ཁྲོམ་སྡེའི་ནང་ བྱུང་ཡོདཔ་ད་ དེ་བསྒང་ རྫས་བམ་དེ་གིས་ ཚོང་ཁང་ལེ་ཤ་ཅིག་དང་ ཉེ་འབས་ལུ་ཡོད་མི་ སྒྲིང་ཁྱིམ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་སྦེ་བཀོད་ནུག། རྐྱེན་ངན་དེ་གི་སྐོར་ལས་ སྡེ་ཚན་ག་གིས་ཡང་ ཁ་མ་བཟེད་དེ་འབད་རུང་ བཱ་ལོ་ཅིཛ་ཏཱན་དང་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་ འཕྲལ་འཕྲལ་སྦེ་ར་ སྲུང་སྐྱོབ་དམག་མི་དང་ མི་སེར་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་མི་ བ་ལོཅ་མི་རིགས་ཨིན་པའི་ དོགས་པ་ཡོདཔ་ཨིན་པས། བཱ་ལོ་ཅིཛ་ཏཱན་མངའ་སྡེའི་ མགྲིན་ཚབ་ཅིག་གིས་ དེ་སྦེ་ རྫས་བམ་འགས་བཅུག་མི་ལུ་ […]

World News

རྒྱ་ནག་ལུ་ ཆུ་རུད་ཐོན་པའི་རྐྱེན་ནང་ མི་གྲངས་ ༥ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༡༩ ལུ་ དབང་འཛིན་ཚུ་གིས་ ཉེན་བརྡའི་གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱ་ནག་གི་ ལྷོ་ཕྱོགས་མང་སྡེ་ གངས་དོང་དང་ གངས་ཛི་ ༢ ཀྱི་ནང་ ཆརཔ་སྦོམ་སྦེ་ར་ རྐྱབ་ནི་དེ་གིས་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མང་རབས་ཅིག་ཡང་ བྱང་སྟོར་ཤོར་ནུག་ཟེར་ཨིན་པས། དེ་ཡང་ རྒྱ་ནག་གི་ རྒྱལ་ཡོངས་གནམ་གཤིས་ལྟེ་བ་ལས་ བདུན་མཐའ་ལུ་ ཇི་ཡང་ཛི་དང་ ཞེ་ཇི་ཡང་ ཕུ་ཇི་ཡང་ གངས་ཛི་ གངས་དོང་ དེ་ལས་ ནུབ་བྱང་མངའ་སྡེ་ ཛིན་ཇི་ཨང་ཚུ་གི་ནང་ ཆརཔ་ཤུགས་སྦེ་ རྐྱབ་ནི་ཨིན་པའི་ ཉེན་བརྡ་འབད་ནུག། དེ་མ་ཚད་ ཞེ་ཇི་ཡང་དང་ ཕུ་ཇི་ཡང་ གངས་དོང་ གངས་ཛི་ཚུ་ནང་ གངས་རིའི་ཆུ་རུད་འཐོན་ནི་གི་ ཉེན་ཁ་སྦོམ་ཡོད་པའི་ ཉེད་བརྡ་ཚུ་ཡང་འབད་ཡོདཔ་ད་ རྒྱ་ནག་ལུ་ གནམ་གཤིས་ཉེན་བརྡའི་རིམ་ལུགས་ དམརཔོ་དང་ ལི་ཝང་ སེརཔོ་ ཧོནམོ་འབདཝ་ད་ རིམ་ལུགས་ལྷམ་པ་ ༤ སྦེ་ཡོད་པའི་ནང་ལས་ […]

Online now: 3 Today: 2088 Total visitors: 9308