ArchiveAboutContact

Month: May 2025

World News

ཅཱཌ་རྒྱལ་ཁབ་ནང་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མི་ ༢ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༡༤ ལུ་ ཅཱཌ་རྒྱལ་ཁབ་ཀྱི་ གཡུས་ཚན་ཅིག་གི་ སྦོ་ལོགས་ཁར་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ གནམ་གྲུའི་དེད་དཔོན་དང་ མཁའ་འགྲུལཔ་ ༡ ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ ་བའི་མཁའ་འགྲུལ་དབང་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཨཕ་རི་ཀའི་ གླིང་ག་ཡོངས་འབྲེལ་ ཉམས་སྲུང་སྡེ་ཚན་གྱིས་ བཀོལ་སྤྱོད་འབད་མི་ སྡོད་ཁྲི་ ༢ འབད་མི་ སཱ་ཝཱན་ན་ གནམ་གྲུ་དེ་ ལྷོ་ཕྱོགས་ཅཱཌ་གི་ ཟ་ཀོའུ་མ་ལུང་ཕྱོགས་ནང་ བུད་སོང་ནུག་ཟེར་ཨིན་པས།ཇི་ཨེམ་ཊིའི་ ཆུ་ཚོད་ ༥ དེ་ཅིག་ཁར་ ཤི་རྐྱེན་བྱུང་མི་ཚུ་ཡང་ ལྷོ་ཨཕ་རི་ཀའི་ གནམ་གྲུའི་དེད་དཔོན་དང་ ཅཱཌ་མཐའ་འཁོར་ལྷན་ཁག་གི་ འགོ་དཔོན་ཅིག་ཨིནམ་སྦེ་བཀོད་ནུག།ཅཱཌ་རྒྱལ་ཁབ་ཀྱི་ ཞི་བའི་མཁའ་འགྲུལ་དབང་འཛིན་གྱིས་ མི་ ༢ ལུ་ གློ་བུར་རྐྱེན་ངན་ནང་ ཤི་རྐྱེན་བྱུང་མི་ལུ་ བློ་འགྱོད་བྱུང་ཡོདཔ་སྦེ་ བཤད་ཡོདཔ་ད་ བྱུང་རྐྱེན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་ནི་ ཡང་འགོ་བཙུགས་ཡོདཔ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༤༨ དམར་བསད།

བི་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༡༤ ལུ་ ས་གནས་ཀྱི་ སྨན་ཁང་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱང་ཕྱོགས་གཱ་ཛ་ལུ་ ནུབམོ་ ༡ གི་ནང་ ཨིཛ་རེལ་གྱིས་ མཁའ་དམག་གནམ་གྲུའི་ཐོག་ལས་ གནོད་འཚུབ་བཀལ་ཏེ་ པེ་ལིཛ་ཊིན་གྱི་ མི་སེར་ ༤༨ དེ་ཅིག་ དམར་བསད་འབད་ཡི་ཟེར་ཨིན་པས།ཨིན་ཌོ་ནེ་ཤི་ཡའི་ སྨན་ཁང་གིས་ ཇ་བ་ལི་ཡ་ཁྲོམ་དང་ སྐྱབས་བཅོལ་བའི་ སྡོད་སྒར་ཚུ་ནང་ སྡོད་ཁྱིམ་ལེ་ཤ་ཅིག་ལུ་ གནོད་འཚུབ་བཀལ་ཏེ་ ཤི་རྐྱེན་བྱུང་མི་ཚུ་གི་གྲས་ཁར་ ཨ་ལོ་ ༢༢ དང་ ཨམ་སྲུ་ ༡༥ ཡང་ཡོདཔ་སྦེ་ སྙན་ཞུའི་ནང་བཀོད་ནུག།པེ་ལིཛ་ཊིན་གྱི་ མཚོན་ཆ་འབག་མི་ སྡེ་ཚན་གྱིས་ ཨིཛ་རེལ་ལུ་ མེ་ཤུགས་འཕུར་མདའ་ཚུ་ བཏང་པའི་ཤུལ་ལས་ ཇ་བ་ལི་ཡ་དང་ ཉེ་འདབས་ཀྱི་ ས་གནས་ཚུ་ནང་ སྡོད་མི་ཚུ་ ཕྱི་ཁར་འགྱོ་དགོ་པའི་ ཉེན་བརྡ་འབད་ཡོདཔ་ཨིན་པས།འཛམ་གླིང་སྤྱི་ཚོགས་ མི་སྡེའི་ལས་དོན་འགོ་དཔོན་གྱིས་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེའི་ འཐུས་མི་ཚུ་ལུ་ གཱ་ཟའི་ས་ཁོངས་ནང་ དམར་བསད་བཀག་ཐབས་ལུ་ ཐབས་ཤེས་སྟོན་དགོ་པའི་ ཞུ་བ་ཡང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 20 Today: 2583 Total visitors: 9803